[293A]༄༅། །བྱང་ཆུབ་ལམ་རིམ་ཆེན་མོ་སོགས་ལམ་རིམ་སྐོར་དང། སྲས་རྒྱུད་ལུགས་ཀྱི་ཟབ་ལམ་བླ་མའི་རྣལ་འབྱོར་གྱི་ཁྲིད་བཅས་ཀྱི་རྒྱུད་འདེབས་ལེ་ཚན་བརྒྱ་དང། ཕྱག་ཆེན་གསོལ་འདེབས། འགྲེལ་པ་བཞི་སྦྲགས་ སྦས་དོན་ཀུན་གསལ། ཐང་སག་པའི་བདེ་མཆོག་བསྐྱེད་རིམ། བདུད་ལས་རྣམ་རྒྱལ་གྱི་དབང། འཇིགས་བྱེད་ལྷ་བཅུ་གསུམ་མ་བཅས་ཀྱི་རྒྱུད་འདེབས། གཞན་ཡང་བླ་བརྒྱུད་འགའ་ཞིག་གི་གཤམ་དུ་མཐུད་རྒྱུ་ཚིགས་བཅད་བཅས་བཞུགས་སོ།། [294A] །ལམ་རིམ་ཆེན་མོའི་བཤད་ལུང་གི་བརྒྱུད་འདེབས་ནི། །དམིགས་བརྩེ་མ་ཡན་ལམ་མཆོག་སྒོ་འབྱེད་ལྟར་ལ། །གྲུབ་པའི་འཁོར་བསྒྱུར་དར་མ་རིན་ཆེན་ཞབས། །གྲུབ་པའི་ དབང་ཕྱུག་ཤཱཀྱ་རྒྱལ་མཚན་དང། །གྲུབ་པ་མཆོག་བརྙེས་དོན་ཡོད་དཔལ་ལྡན་ཏེ། །གྲུབ་བརྙེས་དམ་པ་གསུམ་ལ་གསོལ་བ་འདེབས། །རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་དང། །སྨྲ་བའི་ དབང་ཕྱུག་བདེ་ལེགས་ཉི་མའི་ཞབས། །གྲུབ་པའི་དབང་ཕྱུག་དགེ་འདུན་རྒྱལ་མཚན་ཏེ། །རྣམ་འདྲེན་དམ་པ་གསུམ་ལ་ ྾ །གྲུབ་བརྙེས་ཞབས་ དྲུང་བློ་བཟང་རྒྱ་མཚོའི་དཔལ། །སྨྲ་བའི་ཉི་མ་བློ་བཟང་ཆོས་གྲགས་ཏེ། །བསྟན་པའི་དཔལ་གྱུར་གསུམ་ལ་ ྾ །ལུང་རིགས་དབང་ཕྱུག་འཇམ་དབྱངས་ [295A]༄༅། །བཞད་པའི་དཔལ། །རྡོ་རྗེ་འཆང་དབང་དགེ་འདུན་ཕུན་ཚོགས་ཏེ། །མཁྱེན་རབ་དབང་ཕྱུག་གསུམ་ལ་གསོལ་བ་ ྾ །སླར་ཡང་ ཞབས་དྲུང་བློ་བཟང་རྒྱ་མཚོ་དང། །སྨྲ་བ་ཟླ་མེད་ཕུན་ཚོགས་རྒྱ་མཚོའི་དཔལ། །བསྟན་འཛིན་དམ་པ་གསུམ་ལ་གསོལ་བ་ ྾ །འཇམ་ དཔལ་དབྱངས་དངོས་བློ་གྲོས་རྒྱ་མཚོ་དང། །གྲུབ་པའི་དབང་ཕྱུག་དཀོན་མཆོག་ཆོས་འཕེལ་ཏེ། །རིགས་ཀུན་བདག་པོ་གསུམ་ལ་གསོལ་བ་ ྾ ། རྡོ་རྗེ་འཆང་དངོས་བློ་བཟང་ཆོས་གྲགས་ཏེ། །རྗེ་བཙུན་བློ་བཟང་རྒྱལ་མཚན་དཔལ་བཟང་ཞབས། །བསྟན་པའི་སྒྲོན་མེ་གསུམ་ལ་གསོལ་བ་ ྾ [296B] །རྡོ་རྗེ་འཆང་དངོས་ངག་དབང་མཆོག་ལྡན་དཔལ། །གངས་ཅན་མགོན་པོ་བསྐལ་བཟང་རྒྱ་མཚོའི་སྡེ། །ཟླ་མེད་བླ་མ་གསུམ་ལ་གསོལ་བ་འདེབས། །རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་པ་ རྣམས། །གཅིག་བསྡུས་བཀའ་དྲིན་གསུམ་ལྡན་འཁོར་ལོའི་མགོན། །རྗེ་བཙུན་བློ་བཟང་དཔལ་ལྡན་ཡེ་ཤེས་ཞབས། །དྲིན་ཅན་རྩ་བའི་བླ་མར་གསོལ་བ་འདེབས། །བློ་བཟང་ཆོས་དབྱིངས་ནམ་མཁའ་ ཡངས་པ་ལ། །ཡེ་ཤེས་འོད་བརྒྱ་འགྱེད་པའི་རྟ་བདུན་དབང། །རྒྱལ་བསྟན་རབ་ཏུ་རྒྱས་མཛད་སྙིགས་མའི་མགོན། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །སྐྱབས་གསུམ་ཀུན་འདུས་བླ་ མ་རྡོ་རྗེ་འཆང། །གང་ལ་གང་འདུལ་བཤེས་གཉེན་ཚུལ་བཟུང་ནས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ་མཛད་པའི། །དྲིན་ཅན་བླ་མ་རྣམས་ལ་གསོལ་བ་འདེབས། །ཞེས་བྱང་ཆུབ་ ལམ་རིམ་ཆེན་མོའི་བཤད་ལུང་བརྒྱུད་པ་གསུམ་འདྲེས་ཀྱི་བླ་བརྒྱུད་ཆ་ཚང་འདི་ནི་ལྕགས་བྱ་ལོ་འདུས་པ་རྒྱ་མཚོར་ལམ་རིམ་ཆེན་མོའི་བཤད་ལུང་འབུལ་སྐབས་་ཞྭ་སེར་བསྟན་པའི་གསལ་བྱེད་རྭ་སྒྲེང་ཨ་ཆི་ཐུ་ནོ་མོན་ཧན་གྱིས་སྦྱར་བའོ།། །། [297A]༄༅། །ལྷག་མཐོང་བྲ་སྟི་དགེ་བཤེས་ཀྱི་མཚན་མའི་བརྒྱུད་འདེབས་ནི། །འཇམ་དཔལ་དབྱངས་དངོས་རིན་ཆེན་དོན་གྲུབ་ཞབས། །ལུང་རིགས་སྨྲ་བ་དོན་གྲུབ་བཀྲ་ཤིས་ དང། །སྨྲ་བའི་དབང་ཕྱུག་བློ་བཟང་བསྟན་འཛིན་ཏེ། །མཁྱེན་རབ་དབང་ཕྱུག་གསུམ་ལ་གསོལ་བ་འདེབས། །ཚོགས་གཉིས་རྒྱ་མཚོ་རྣམ་དཔྱོད་སྲུབ་ཤིང་གིས། །བསྲུབས་སྐྱེས་ གསང་གསུམ་ཡོན་ཏན་ཆ་ཤས་རྫོགས། །མཐའ་ཡས་གདུལ་བྱའི་ཉེར་འཚོ་རྟ་བདུན་དབང། །གསུམ་ལྡན་རྗེ་བཙུན་བླ་མར་གསོལ་བ་འདེབས། །ཞེས་པའང་ལྕགས་བྱ་ལོ་ལྷབ་ མཐང་བཤད་ལུང་འབུལ་སྐབས་སྦྱར།། [298B] །བློ་གྲོས་ཁང་བཟང་བསླབ་གསུམ་ནོར་གྱིས་ཕྱུག་བཟང་པོའི་འཕྲིན་ལས་གདུལ་བྱའི་དཔལ་དུ་ཤར། །གྲགས་པའི་འོད་ཟེར་འཛམ་གླིང་ཕྱོགས་བཅུར་འཕྲོ། །བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །མཁས་གྲུབ་ཆེན་པོ་ ཤེས་རབ་སེངྒེའི་ཞབས། །འདུལ་བ་འཛིན་པ་བློ་གྲོས་སྦས་པ་དང། །རྟོགས་པ་མཆོག་བརྙེས་ཡེ་ཤེས་རྩེ་མོའི་ཐབས། །བསྟན་པའི་གསལ་བྱེད་གསུམ་ལ་ ྾ །མཁས་གྲུབ་ཆེན་པོ་སངས་ རྒྱས་ཡཻས་ཞབས། །ཀུན་མཁྱེན་བླ་མ་གསུམ་ལ་ ྾ །དེ་ཡི་ཐུགས་སྲས་དྲུང་པ་རྟ་ཕུག་པ། །ལཾ་བཟང་གསལ་མཛད་དགེ་ལེགས་རྒྱ་མཚོའི་དཔལ། །བསྟན་པའི་སྲོག་ཤིང་གསུམ་ལ་ ྾ །གཅིག་ བསྡུས་དགེ་བའི་བཤེས་ཀྱི་སྐུར་བསྟན་པ། །རྗེ་བཙུན་བླ་མ་ངག་དབང་བྱམས་པའི་དཔའ། །བཀའ་དྲིན་མཚུངས་མེད་ཞབས་ལ་ ྾ །རྒྱལ་ཀུན་སྤྱི་གཟུགས་བཤེས་གཉེན་དུ་མ་ཡིས། །རྗེས་བཟུང་བསྟན་པའི་རྒྱལ་ མཚན་འཛིན་པའི་རྗེ། །དྲིན་ཅན་བླ་མའི་ཞབས་ལ་ ྾ །མདོ་སྔགས་ཆོས་ཀྱི་འབྱོར་བའི་དཔལ་ལྡན་པ། །རྒྱལ་བ་ཀུན་དངོས་བཀའ་དྲིན་གསུམ་ལྡན་གྱི། །དྲིན་ཅན་བླ་མའི་ཞབས་ ྾ པ་ལ། །ཡཻས་འོད་བརྒྱ་འགྱེད་པའི་རྟ་བདུན་དབང། །རྒྱལ་བསྟན་རབ་ཏུ་རྒྱས་མཛད་སྙིགས་མའི་མགོན། །རྗེ་བཙུན་བླ་མའི་ཞབས་ ྾ །གང་ལ་གང་འདུལ་བཤེས་གཉེན་ཚུལ་བཟུང་ནས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ་མཛད་པའི། །དྲིན་ཅན་ བླ་མ་རྣམས་ལ་ ྾ [299A]༄༅། །བདེ་ལམ་གྱི་བླ་བརྒྱུད་ལམ་མཆོག་སྒོ་འབྱེད་ཀྱི་གཤམ་དུ་འདོན་རྒྱུ། གྲུབ་པའི་དབང་ཕྱུག་འཇམ་དཔལ་རྒྱ་མཚོའི་ཞབས། །མཁས་གྲུབ་བསྟན་པའི་ཉི་མ་དགེ་ལེགས་དཔལ། །སྙན་རྒྱུད་གདམས་པའི་མཛོད་འཛིན་བ་སོ་ རྗེ། །ཟླ་མེད་བླ་མ་གསུམ་ལ་གསོལ་བ་འདེབས། །ཟུང་འཇུག་སྐུ་བརྙེས་ཆོས་ཀྱི་རྡོ་རྗེ་དང། །སྐུ་གསུམ་མངོན་གྱུར་རྒྱལ་བ་དབེན་ས་པ། །ལུང་རྟོགས་མངའ་བདག་སངས་རྒྱས་ཡེ་ཤེས་ཞབས། །མཁས་གྲུབ་དམ་པ་གསུམ་ལ་ ྾ བློ་བཟང་ཆོས་ཀྱི་རྒྱལ་མཚན་འཛིན་པའི་རྗེ། །དེ་ཡི་ཐུགས་སྲས་དྲུང་པ་རྟ་ཕུག་པ། །ལམ་བཟང་གསལ་མཛད་དགེ་ལེགས་རྒྱ་མཚོའི་དཔལ། །བསྟན་པའི་སྒྲོན་མེ་གསུམ་ལ་ ྾ སྙིང་སྟོབས་ཕུལ་ཕྱིན་ངག་དབང་བྱམས་པ་དང། །བློ་བཟང་ཡེ་ཤེས་འབྱོར་བའི་དཔལ་ལྡན་པ། །རྒྱལ་བ་ཀུན་དངོས་ཞབས་ལ་ ྾ །རྒྱལ་ཀུན་སྤྱི་གཟུགས་བཤེས་གཉེན་དུ་མ་ ཡིས། །རྗེས་བཟུང་བསྟན་པའི་རྒྱལ་མཚན་འཛིན་པའི་རྗེ། །དྲིན་ཅན་བླ་མའི་ཞབས་ལ་ ྾ །ཡེ་ཤེས་འོད་བརྒྱ་འགྱེད་པའི་རྟ་བདུན་དབང། །རྒྱལ་བསྟན་རབ་ཏུ་རྒྱས་མཛད་སྙིགས་ མའི་མགོན། །རྗེ་བཙུན་བླ་མའི་ཞབས་ལ་ ྾ །གང་ལ་གང་འདུལ་བཤེས་གཉེན་ཚུལ་བཟུང་ནས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ་མཛད་པའི། །དྲིན་ཅན་བླ་མ་རྣམས་ལ་གསོལ་བ་ ྾ ། [300A]༄༅། །མྱུར་ལམ་གྱི་བརྒྱུད་འདེབས་ནི། གྲུབ་པའི་དབང་ཕྱུག་འཇམ་དཔལ་རྒྱ་མཚོའི་ཞབས། །མཁས་གྲུབ་བསྟན་པའི་ཉི་མ་དགེ་ལེགས་དཔལ། །སྙན་བརྒྱུད་གདམས་པའི་མཛོད་འཛིན་པ་སོ་རྗེ། །ཟླ་མེད་བླ་མ་གསུམ་ལ་ ྾ ཟུང་འཇུག་སྐུ་བརྙེས་ཆོས་ཀྱི་རྡོ་རྗེ་དང། །སྐུ་གསུམ་མངོན་གྱུར་རྒྱལ་བ་དབེན་ས་པ། །ལུང་རྟོགས་མངའ་བདག་སངས་རྒྱས་ཡེ་ཤེས་ཞབས། །མཁས་གྲུབ་དམ་པ་གསུམ་ལ་ ྾ ། དེ་ཡི་ཐུགས་སྲས་དཀོན་མཆོག་རྒྱལ་མཚན་ཞབས། །ལམ་བཟང་གསལ་མཛད་བློ་བཟང་ཡེ་ཤེས་དཔལ། །བསྟན་པའི་སྒྲོན་མེ་གསུམ་ལ་ ྾ །སྙིང་སྟོབས་ཕུལ་ཕྱིན་ངག་དབང་ བྱམས་པ་དང། །དེ་ཡི་ཐུགས་སྲས་བློ་བཟང་སྙན་གྲགས་ཞབས། །མཚུངས་མེད་བླ་མ་གཉིས་ལ་ ྾ །རྣམ་དཔྱོད་བློ་གྲོས་ཟད་མེད་འབྱོར་བས་ཕྱུག་མཐའ་ཡས་གདུལ་བྱའི་ ཕོངས་པ་ཀུན་སེལ་བའི། །རྗེ་བཙུན་བླ་མའི་ཞབས་ལ་ ྾ །ཞེས་སོགས་དང། སྐྱབས་གསུམ་ཀུན་འདུས་བླ་མ་རྡོ་རྗེ་འཆང། །ཞེས་སོགས་གདོན་ [301A]༄༅། །འཇམ་དཔལ་ཞལ་ལུང་དེ་བརྒྱུད་འདེབས། ལམ་མཆོག་སྒོ་འབྱེད་ཀྱི་གཤམ་དུ་མཐུད་རྒྱུར། །མཁས་གྲུབ་ཆེན་པོ་ཤེས་རབ་སེངྒེའི་ཞབས། །ཐམས་ཅད་མཁྱེན་དངོས་དགེ་འདུན་གྲུབ་པ་དང། །སྐུ་གསུམ་གོ་འཕང་མངོན་ གྱུར་ནོར་བུ་བཟང། །དཔལ་ལྡན་བླ་མ་གསུམ་ལ་གསོལ་བ་འདེབས། །དབྱངས་ཅན་བཞད་པ་དགེ་འདུན་རྒྱ་མཚོའི་སྡེ། །སྨྲ་བའི་ཉི་མ་དགེ་ལེགས་དཔལ་བཟང་པོ། །མཁས་གྲུབ་ལྷ་བཙུན་བསོད་ནམས་དཔལ་བཟང་སྟེ། ། བཤེས་གཉེན་དམ་པ་གསུམ་ལ་གསོལ་ ྾ །ཟབ་དོན་གདམས་པའི་བཀའ་བབ་ཆོས་དཔལ་བཟང། །རིགས་ཀུན་བདག་པོ་སྣང་མཛད་རྡོ་རྗེའི་ཞབས། །མཁས་གྲུབ་ཆེན་པོ་ གསུམ་ལ་ ྾ །ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོའི་སྡེ། །འཇམ་དཔལ་དབྱངས་དངོས་ངག་དབང་དཔལ་བཟང་པོ། །རྣམ་འདྲེན་དམ་པ་གསུམ་ལ་ ྾ ལྡན་དང། །རྩ་བའི་བླ་མ་དགེ་ལེགས་རྒྱ་མཚོའི་སྡེ། །བསྟན་པའི་སྲོག་ཤིང་ངག་དབང་བྱམས་པའི་དཔལ། །སྙིགས་དུས་འགྲོ་འདྲེན་གསུམ་ལ་ ྾ །སྨོན་ལམ་སྟོབས་ ཀྱིས་ཡོངས་སུ་རྫོགས་མཛད་ཅིང། །ཆོས་ཀྱི་གནས་ཚུལ་ལེགས་འདོམས་དཔལ་མངའ་བའི། །ཡོངས་འཛིན་དམ་པའི་ཞབས་ལ་ ྾ །རྣམ་དཔྱོད་བློ་གྲོས་ཟད་མེད་ [302B]མཐའ་ཡས་གདུལ་བྱའི་ཕོངས་བ་ཀུན་སེལ་བའི། །རྗེ་བཙུན་བླ་མའི་ཞབས་ལ་ ྾ །མདོ་སྔགས་ཆོས་ཀྱི་འབྱོར་པའི་དཔལ་ལྡན་པ། །རྒྱལ་བ་ཀུན་དངོས་བཀའ་ དྲིན་གསུམ་ལྡན་གྱི། །རྗེ་བཙུན་བླ་མའི་ཞབས་ལ་ ྾ །ཡེ་ཤེས་འོད་བརྒྱ་འགྱེད་པའི་རྟ་བདུན་དབང། །རྒྱལ་བསྟན་རབ་ཏུ་རྒྱས་མཛད་སྙིགས་མའི་མགོན། །རྗེ་བཙུན་བླ་མའི་ ཞབས་ལ་ ྾ །གང་ལ་གང་འདུལ་བཤེས་གཉེན་ཚུལ་བཟུང་ནས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ་མཛད་པའི། །དྲིན་ཅན་བླ་མ་རྣམས་ལ་གསོལ་བ་འདེབས།། །། [303A]༄༅། །ཨོཾ་སྭ་སྟི། རྒྱལ་ཀུན་མཁྱེན་རབ་གཅིག་བསྡུས་འཇམ་དཔལ་དབྱངས། །རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་དཔལ། །རྒྱལ་བའི་སྲས་པོ་ཤེས་རབ་སེངྒེ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་ སྩོལ། །གསང་བ་ཀུན་གྱི་བདག་པོ་དཔལ་ལྡན་བཟང། །གསང་ཆེན་བསྟན་པའི་མངའ་བདག་དགེ་འདུན་འཕེལ། །གསང་བ་ཀུན་མཁྱེན་བཀྲ་ཤིས་འཕགས་པ་ལ། །གསོལ་བ་ ྾ ། མཁས་གྲུབ་ཀུན་གྱི་གཙུག་རྒྱན་བརྩོན་འགྲུས་འཕགས། །མཁས་ཤིང་གྲུབ་བརྙེས་རྡོ་རྗེ་བཟང་པོ་ལ། །གསོལ་བ་ ྾ །ཟུང་འཇུག་དོན་གཟིགས་དཀོན་མཆོག་རྒྱ་མཚོའི་ཞབས། །ཟུང་ འཇུག་མཛོད་འཛིན་དཀོན་མཆོག་ཡར་འཕེལ་ལ། །གསོལ་བ་ ྾ །ལམ་བཟང་གསལ་མཛད་འཇམ་དབྱངས་བཞད་པའི་དཔལ། །ལམ་འདིས་གྲུབ་བརྙེས་དངོས་གྲུབ་ རྒྱ་མཚོ་ལ། །གསོལ་བ་ ྾ །རྡོ་རྗེ་འཛིན་པ་ངག་དབང་མཆོག་ལྡན་ཞབས། །རྡོ་རྗེ་འཆང་དངོས་བསྐལ་བཟང་རྒྱ་མཚོ་ལ། །གསོལ་བ་ ྾ གཙོ། །རྗེ་བཙུན་བློ་བཟང་དཔལ་ལྡན་ཡེ་ཤེས་དང། །བློ་བཟང་ཡེ་ཤེས་བསྟན་པ་རབ་རྒྱས་ལ། །གསོལ་བ་ ྾ །རྩེ་གཅིག་གུས་པས་གསོལ་བ་བཏབ་པས་མཐུས། །བླ་མའི་ལམ་ [304B] །མི་ཤེས་རྨོངས་པའི་མུན་པ་དྲུངས་འབྱིན་ཤོག་འོད་གསལ་འཆི་མེད་ལྷ་ཡི་ལམ་ཡངས་པོར། །ཟུང་འཇུག་དབང་པོའི་གཞུ་རིས་ལྟར་བཀྲ་བའི། །ཡབ་རྗེ་བླ་མ་སྲས་བཅས་ལེགས་བསྒོམས་པས། ། ངེས་དོན་བླ་མའི་ཞལ་བཟང་མྱུར་མཇལ་ཤོག་ཀུན་རྫོབ་མཆོད་སོགས་བགྱིས་པའི་རྣམ་དཀར་གྱིས། །ཤེས་རབ་ཟབ་མོའི་སྣང་བ་རབ་རྒྱས་ཤིང། །འགྲོ་བའི་མི་ཤེས་རྨོངས་པ་སེལ་བ་ལ། །རྗེ་བཙུན་མཁྱེན་པའི་གཏེར་དང་མཚུངས་ པར་ཤོག་སྐྱབས་གནས་ཀུན་འདུས་རྗེ་བཙུན་བླ་མ་མཆོག་སྤྱི་བོ་ནས་བརྒྱུད་སྙིང་དབུས་དྷཱུ་ཏཱིའི་ནང། །ལེགས་བྱོན་རང་སེམས་བླ་མ་དབྱེར་མེད་དུ། །འདྲེས་ནས་སྒོ་གསུམ་བྱིན་རླབས་མྱུར་འཇུག་ཤོག་འདི་སྣང་འགག་ཚེ་འཕོ་བའི་ རྣལ་འབྱོར་གྱིས། །མི་ཕམ་ཆོས་ཀྱི་འདུན་ས་ཆེན་པོ་དེར། །ལགས་བགྲོད་རྒྱལ་བ་སྲས་བཅས་ཞལ་མཐོང་ཞིང། །ཟབ་གསང་གསུང་གི་བདུད་རྩི་མྱོང་བར་ཤོག་རིང་པོར་མི་ཐོགས་ཡབ་རྗེ་བླ་མ་མཆོག་བྱང་ཤར་ངོ་མཚར་རྨད་བྱུང་ བཀོད་མཛེས་སུ། །རྒྱལ་བ་སེངྒེའི་ང་རོར་སངས་རྒྱས་ཚེ། །འཁོར་གྱི་ཐོག་མར་འགྱུར་བར་བྱིན་གྱིས་རློབས། །དོན་དམ་ཆོས་དབྱིངས་ནམ་ཡང་མི་འགྱུར་ཞིང། །ཀུན་རྫོབ་རྟེན་འབྲེལ་བསླུ་མེད་བདེན་པའི་མཐུས། །ཇི་ལྟར་སྨོན་པའི་འདོད་དོན་མ་ལུས་པ། ། འབད་མེད་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །ཞེས་སྲད་རྒྱུད་ལུགས་ཀྱི་ཟབ་ལམ་བླ་མའི་རྣལ་འབྱོར་གྱི་ཁྲིད་ཀྱི་བརྒྱུད་འདེབས་སྨོ་ལཾ་དང་བཅས་པ་འདི་ནི་རྣཾ་རྒྱལ་གྲྭ་ཚང་གྲྭ་རིགས་དད་ལྡན་ཆོས་ལ་འདུན་པ་དགེ་སློང་བཟོད་པ་རྒྱ་མཚོས་བསྐུལ་ངོང་་ཤཱཀྱའི་དགེ་སློང་རིག་པ་འཛིན་པ་བློ་བཟང་ཡཻས་བསྟན་པ་རབ་རྒྱས་ཀྱིས་སྦྱར་ [305A]༄༅། །དྭགས་པོ་ངག་དབང་གྲགས་པས་མཛད་པའི་ལམ་རིམ་ཚིགས་བཅད་མའི་བཤད་ལུང་གི་བརྒྱུད་བདེབས་ལམ་མཆོག་སྡོ་འབྱེད་ཀྱི་མཇུག་ཏུ་མཐུད་རྒྱུར། ཤེས་རབ་སེངྒེ་བློ་གྲོས་སྦས་པ་དང། །ཆོས་སྐྱོང་རྒྱ་མཚོ་བློ་གྲོས་བསྟན་པའི་ཞབས། ། ངག་དབང་གྲགས་པ་དབང་ཕྱུག་རྒྱ་མཚོའི་སྡེ། །བསྟན་པའི་སྒྲོན་མེ་དྲུག་ལ་གསོལ་བ་འདེབས། །ཆོས་དཔལ་བསོད་ནམས་ལྷུན་གྲུབ་བློ་གྲོས་འཕེལ། །བློ་གསལ་བཤེས་གཉེན་དགེ་ལེགས་བཤེས་གཉེན་དང། །ཡོན་ཏན་ རྒྱ་མཚོ་དགེ་འདུན་ལྷུན་གྲུབ་སྟེ། །བསྟན་འཛིན་དམ་པ་བདུན་ལ་གསོལ་བ་ ྾ །ཕུན་ཚོགས་རྣམ་རྒྱལ་སངས་རྒྱས་བློ་གྲོས་མཚན། །བློ་བཟང་རྒྱ་མཚོ་བློ་བཟང་ ཆོས་འཕེལ་ཏེ། །ཤེར་ཕྱིན་མངའ་བདག་དྲུག་ལ་གསོལ་ ྾ །དོན་ཡོད་རྒྱ་མཚོ་བསོད་ནམས་རྣམ་རྒྱལ་དང། །བྱམས་པ་ཆོས་མཆོག་ངག་དབང་ཆོས་འཕེལ་ ཏེ། །མང་ཐོས་མཁས་གྲུབ་བྲུག་ལ་གསོལ་བ་ ྾ །མཐུ་སྟོབས་དཔལ་འབྱོར་བློ་བཟང་བསྟན་འཛིན་ཞབས། །བྱམས་པ་བློ་གྲོས་གསུང་རབ་རྒྱ་མཚོ་སྟེ། ། ཡོངས་འཛིན་དམ་པ་དྲུག་ལ་གསོལ་བ་ ྾ །བློ་བཟང་ཆོས་ལྡན་བློ་བཟང་དོན་ཀུན་གྲུབ། །བློ་བཟང་རབ་བརྟན་ངག་དབང་ཚེ་འཕེལ་ཏེ། །ཟླ་བྲལ་བཤེས་ [306B] ྾ །བརྩོན་འགྲུས་ཆོས་འདི་ལ་བློ་བཟང་བསྟན་འཛིན་ཞབས། །ལྷུན་གྲུབ་རྒྱ་མཚོ་དོན་གྲུབ་དབང་རྒྱལ་ཏེ། །མཚུངས་མེད་བླ་མ་དྲུག་ལ་གསོལ་ བློ་བཟང་དམ་ཆོས་མཆོག་ཏུ་གྲུབ་པའི་དཔལ། །རྒྱལ་བ་ཀུན་དངོས་གསུམ་ལྡན་རྡོ་རྗེ་འཛིན། །ངག་ལ་དབང་འབྱོར་མདོ་སྔགས་བམ་ཆོས་ཀྱི། །འབྱོར་ལྡན་རྩ་བའི་བླ་མར་གསོལ་བ་འདེབས། །བློ་བཟང་ ཆོས་དབྱིངས་ནམ་མཁའ་ཡངས་པ་ལ་ ྾ ྾ ྾ ྾ ྾ ྾ ། [307A]༄༅། །ན་མོ་མཧཱ་མུ་དྲ་ཡ། ལྷུན་གྲུབ་སྐུ་གསུམ་གྱི་གཞལ་ཡས་སུ། །དཔལ་དང་པོའི་སངས་རྒྱས་རིགས་ཀུན་གཙོ། །ཁྱབ་བདག་རྡོ་རྗེ་འཆང་ཆེན་ལ་གསོལ་བ་འདེབས། །རྒྱུད་བདག་འཛིན་འཁྲི་བ་ ཆོད་པ་དང། །བྱམས་སྙིང་རྗེ་བྱང་སེམས་འབྱོངས་པ་དང། །ལམ་ཟུང་འཇུག་ཕྱག་རྒྱ་ཆེན་པོ་ཡིས། །མཆོག་མྱུར་དུ་ཐོབ་པར་བྱིན་གྱིས་རློབས། །ཞིང་རབ་འབྱམས་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གྱི་རྒྱལ་ སྐྱེད་པའི་ཡབ། །མཁྱེན་རབ་འཕགས་པ་འཇམ་དཔལ་ལ་གསོལ་ ྾ ྾ ྾ ྾ ྾ །ཐུབ་བསྟན་ལ་ཐུབ་དབང་གཉིས་པའི་རྗེ། །རྗེ་བཙུན་བློ་བཟང་ གྲགས་པ་ལ་གསོལ་ ྾ ྾ ྾ ྾ ྾ །སྒྲུབ་བརྒྱུད་ཀྱི་བསྟན་པ་འཛིན་པའི་གཙོ། །རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་ལ་ ྾ ྾ ྾ ྾ མཆོག་ ྾ །སྐལ་ལྡན་གྱི་གདུལ་བྱ་སྨིན་མཛད་པའི། །བ་སོ་ཆོས་ཀྱི་རྒྱལ་མཚན་ལ་གསོལ་ ྾ ྾ ྾ ྾ ྾ མཐར་ཕྱིན་ནས། །འཆི་མེད་ཀྱི་རིག་འཛིན་སྐུ་བརྙེས་པ། །གྲུབ་མཆོག་དྷརྨཱ་བྫྲ་ལ་གསོལ་ ྾ ྾ ྾ ྾ ྾ །ངེས་དོན་གྱི་བསྟན་པའི་ [308B] །བློ་བཟང་དོན་ཡོད་གྲུབ་པ་ལ་གསོལ་ ྾ ྾ ྾ ྾ ྾ །ངུར་སྨྲིག་གི་གར་གྱིས་འགྲོ་བ་འདྲེན། །མཁས་གྲུབ་སངས་རྒྱས་ཡེ་ཤེས་ ལ་ ྾ ྾ ྾ ྾ ྾ །མགོན་དེ་དང་དབྱེར་མེད་ཐམས་ཅད་མཁྱེན། །རྗེ་བཙུན་བློ་བཟང་ཆོས་རྒྱན་ལ་ ྾ ྾ ྾ ྾ ྾ བདུད་རྩིའི་བཅུད། །སྐལ་ལྡན་གྱི་གདུལ་བྱར་འདོམས་མཁས་པ། ། གྲུབ་ཆེན་དཀོན་མཆོག་རྒྱལ་མཚན་ལ་ ྾ ྾ ྾ ྾ ྾ །སླར་བསྟན་འགྲོའི་དཔལ་དུ་ལེགས་ བྱོན་པ། །རྗེ་བཙུན་བློ་བཟང་ཡེ་ཤེས་ལ་ ྾ ྾ ྾ ྾ ྾ །རྗེ་སངས་རྒྱས་དངོས་ཀྱིས་བྱིན་བརླབས་པ། །རྗེ་བཙུན་བློ་བཟང་འཕྲིན་ལས་ལ་གསོལ་བ་ ྾ རྒྱུད་ ྾ ྾ ྾ ྾ །ཡུལ་ཕྱོགས་མེད་གནས་སུ་ལེགས་སྐྱོང་བ། །བྱ་བྲལ་བློ་བཟང་རྣམ་རྒྱལ་ལ་ ྾ ྾ ྾ ྾ ྾ པའི་ཐུགས་ཀྱི་བཅུད། །དོན་མ་ནོར་བརྩེ་བས་འདོམས་མཛད་པ། །དྲིན་ཅན་ཡེ་ཤེས་མཚན་ཅན་ལ་ ྾ ྾ ྾ ྾ ྾ །དོན་དབྱེར་མེད་གསུམ་ལྡན་རྡོ་ [309A]༄༅། །རྗེ་འཛིན། །རྗེ་བཙུན་བྱམས་པ་སྨོན་ལམ་ལ་ ྾ ྾ ྾ ྾ ྾ །སྐལ་ལྡན་གྱི་གདུལ་བྱའི་དཔལ་དུ་ཤར། །དྲིན་ཅན་བསྟན་པ་རབ་ རྒྱས་ལ་ ྾ ྾ ྾ ྾ ྾ །དད་ལྡན་གྱི་གདུལ་བྱའི་དཔལ་དུ་ཤར། །དྲིན་ཅན་རྩ་བའི་བླ་མ་ལ་ ྾ ྾ ྾ ྾ ྾ སུ་མཐོང་བ་དང། །གནས་འཁོར་བ་ལ་ཞེན་པ་ལོག་པ་དང། །མ་འགྲོ་ཀུན་སྒྲོལ་བའི་ཁུར་འཁྱེར་ནས། །ལམ་ཐུན་མོང་དང་ཐུན་མོང་མ་ཡིན་པའི། །དཔལ་ཟུང་འཇུག་ཕྱག་རྒྱ་ཆེན་པོ་དེ། །དུས་མྱུར་དུ་ཐོབ་པར་བྱིན་ གྱིས་རློབས། །ཕ་ཁྱེད་ཀྱི་སྐུ་དང་བདག་གི་ལུས། །ཕ་ཁྱེད་ཀྱི་གསུང་དང་བདག་གི་ངག་ཕ་ཁྱེད་ཀྱི་ཐུགས་དང་བདག་གི་ཡིད། །དོན་དབྱེར་མེད་གཅིག་ཏུ་བྱིན་གྱིས་རློབས། ། [310B]༄༅། །རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྩ་བའི་རྒྱུད་རྒྱ་ཆེར་འཆད་པའི་འགྲེལ་པའི་རྒྱུད་འདེབས་ནི། རྨད་བྱུང་མཚན་དཔེའི་དཔལ་འབར་ལོངས་སྤྱོད་རྫོགས། །ཁ་སྦྱོར་བདེ་སྟོང་རོ་ལ་རྟག་རོལ་ཞིང། །དམིགས་མེད་ཐུགས་རྗེས་ ཞི་བའི་མཐའ་སྤངས་པ། །རྒྱལ་བ་ཡན་ལག་བདུན་ལྡན་ལ་ཕྱག་འཚལ། །གསང་བ་ཀུན་འདུས་སྡུད་མཛད་གསང་བའི་བདག་རྒྱུད་རྒྱལ་འདུས་པའི་ལམ་གྱིས་མཆོག་བརྙེས་པ། །ཨིནྡྲ་བཧུ་ཏི་ཀླུ་ཡི་མཁའ་འགྲོ་མ། །བི་སུ་ཀ་པ་ དཔལ་ལྡན་སཱ་ར་ཧ། །ཀླུ་སྒྲུབ་རྡོ་རྗེ་ཅན་དང་འཕགས་པ་ལྷ། །ཀླུ་བྱང་ཤཱཀྱ་བཤེས་གཉེན་མ་ཏཾ་གི་ཟླ་བའི་ཞབས་སོགས་བླ་མ་བརྒྱུད་པ་ལ། །ཤུགས་དྲག་དང་བའི་ཡིད་ཀྱིས་ཕྱག་འཚལ་ལོ། །གང་ཞིག་རྟོགས་ན་མཐའ་དག་ གསུང་རབ་ལ། །མི་འཇིགས་སྤོབས་པ་མཆོག་སྟེར་འདུས་པའི་ལམ། །ཇི་བཞིན་གསལ་མཛད་འཇམ་དབྱངས་བླ་མ་ཡི། །ཞབས་ཀྱི་པདྨོར་གུས་པས་ཕྱག་འཚལ་ལོ། །རྒྱལ་བའི་དམ་ཆོས་འཛིན་པའི་སྨོན་ལམ་སོགས། ། རླབས་ཆེན་དགེ་ཚོགས་དུ་མས་བསྐུལ་བ་ཡིས། །དཀའ་བ་དུ་མས་འཕགས་པའི་མུལ་བགྲོད་ནས། །ལམ་འདི་གངས་རའི་ཁྲོད་དུ་རྒྱས་མཛད་པ། །འཇིག་རྟེན་མིག་གྱུར་རིན་ཆེན་བཟང་པོ་དང། །གསང་བའི་མཛོད་འཛིན་ ལྷོ་བྲག་མར་པ་དང། །རབ་འབྱམས་གཞུང་ལ་མཁས་པའི་སྒྲ་སྒྱུར་མཆོག་རྟ་ནག་འགོས་ཀྱི་ཞབས་ལ་ཕྱག་འཚལ་ལོ། །དཔལ་ལྡན་འདུས་པའི་འཕྲིན་ལས་བཀའ་བབ་པ། །འགོས་ལོ་ནས་བཟུང་གཞོན་ནུ་བློ་གྲོས་ [311A]༄༅། །བར། །རྒྱུད་རྒྱལ་གསང་བ་འདུས་པ་སྤེལ་མཛད་པའི། །མཁས་གྲུབ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །དྲི་མེད་མཁྱེན་པའི་དབང་པོ་འཇམ་དཔལ་ དབྱངས། །གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ། །བློ་བཟང་གྲགས་པའི་ཞབས་ལ་ཕྱག་འཚལ་ལོ། །མཁས་གྲུབ་ཆེན་པོ་ཤེས་རབ་སེངྒེའི་ཞབས། །རྒྱུད་ཆེན་སྦྱིན་པ་དཔལ་བ་ནས་བཟུང་སྟེ། །དག་ལ་དབང་ སྒྱུར་རྣམ་ཀུན་མཆོག་ལྡན་པར། །འདུས་པའི་རྒྱུད་འཛིན་རྣམས་ལ་ཕྱག་འཚལ་ལོ། །རྗེ་བཙུན་བློ་བཟང་སྙན་གྲགས་དཔལ་བཟང་པོ། །སྣང་བ་མཐའ་ཡས་དཔལ་ལྡན་ཡེ་ཤེས་ཞབས། །རྡོ་རྗེ་འཆང་དངོས་ཡེ་ཤེས་ རྒྱལ་མཚན་ཏེ། །མཚུངས་མེད་བླ་མ་གསུམ་ལ་ཕྱག་འཚལ་ལོ། །འཁོར་ལོའི་མགོན་པོ་རྒྱ་མཚོ་མཐའ་ཡས་དང། །བློ་བཟང་ཡེ་ཤེས་བསྟན་པའི་སྣང་བྱེད་མཆོག་མདོ་སྔགས་བསྟན་པ་རབ་ཏུ་རྒྱས་མཛད་པ། བཀའ་ དྲིན་མཉམ་མེད་རྩ་བའི་བླ་མ་ལ། །སྙིང་གི་ཁོང་ནས་གུས་པས་ཕྱག་འཚལ་ལོ། །བདག་ནི་སྔོན་ཆད་ཉོན་མོངས་དབང་གྱུར་པས། །བཅས་དང་རང་བཞིན་ཁ་ན་མ་ཐོའི་ལས། །བགྱིས་དང་བགྱིད་སྩལ་རྗེས་སུ་ཡི་རང་བ། ། བསམ་པ་ཐག་པས་མགོན་པོ་རྣམས་ལ་བཤགས། །དངོས་དང་བརྒྱུད་པའི་རྗེ་བཙུན་བླ་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རིམ་གཉིས་ཟབ་མོའི་གྲུ་ཆེན་ནང་ཞུགས་ནས། །ཀུན་མཁྱེན་ [312B]སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག་ སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །ཞེས་སོགས་་ཁྲི་ཆེན་ངག་དབང་མཆོག་ལྡན་ཡན་དཀྱུས་ལྟར་ལ་དེ་མན་ཁ་སྐོང་རྣམས་རྭ་སྒྲེང་ཨ་ཆི་ཐུ་ནོ་མོན་ཧན་གྱིས་སྦྱར་བའོ།། [313A]༄༅། །བདེ་མཆོག་སྤས་དོན་ཀུན་གསལ་གྱི་རྒྱུད་འདེབས། །དུས་གསུམ་བདེ་གཤེགས་ཀུན་གྱི་དངོས། །བསླུ་མེད་གཏན་གྱི་སྐྱབས་གནས་མཆོག་དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། ། རབ་འབྱམས་དཀྱིལ་འཁོར་ཀུན་གྱི་གཙོ། །རིགས་ཀུན་ཁྱབ་བདག་དང་པོའི་མགོན། །ཟུང་འཇུག་རྡོ་རྗེ་འཆང་ཆེན་ལ། །གསོལ་བ་འདེབས་སོ་ ྾ །རྒྱལ་སྲས་ཕྱག་ན་རྡོ་རྗེ་དང། ། དཔལ་ལྡན་སཱ་ར་ཧ་པ་ལ། །གསོལ་བ་འདེབས་སོ་ ྾ །དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང། །རྗེ་བཙུན་རི་ཁྲོད་དབང་ཕྱུག་ལ། །གསོལ་བ་འདེབས་སོ་ ྾ ལྡན་ཧེ་རུ་ཀའི། །གོ་འཕང་མཆོག་བརྙེས་ལཱུ་ཨི་པ། །དེ་སྲས་དཱ་རི་ཀ་པ་ལ། །གསོལ་བ་འདེབས་སོ་ ྾ །མངོན་གྱུར་རྡོ་རྗེ་དྲིལ་བུ་པ། །རུས་སྦལ་ཞབས་དང་འབར་འཛིན་ལ། ། གསོལ་ ྾ །གུ་ཧྱ་པ་དང་རྣམ་རྒྱལ་ཞབས། །གྲུབ་ཆེན་ཏཻ་ལོ་ཤེར་བཟང་ལ། །གསོལ་བ་ ྾ །འཇིགས་མེད་ནཱ་རོ་ཏ་པ་དང། །ནུས་བ་མངོན་གྱུར་ ཕམ་མཐིང་མཆེད། །གསོལ་བ་ ྾ །ཕྱོགས་འདིར་གསལ་མཛད་ཤེས་རབ་བརྩེགས། །སྒྲ་སྒྱུར་བློ་གྲོས་གྲགས་པ་ལ། །གསོལ་བ་ ྾ ། [314B] །རིག་འཛིན་བསོད་ནམས་རྩེ་མོ་ལ། །གསོལ་བ་ ྾ །རྗེ་བཙུན་གྲགས་པ་རྒྱལ་མཚན་དང། །འཇམ་དབྱངས་ས་སྐྱ་པཎ་ཆེན་ལ། །གསོལ་བ་འདེབས་ སོ་ ྾ །རྒྱལ་སྲས་བསོད་ནམས་སེངྒེ་དང། །མཁས་བཙུན་སངས་རྒྱས་འབུམ་པ་ལ། །གསོལ་བ་ ྾ །མཆོག་ལྡན་ལེགས་པའི་བློ་གྲོས་དང། ། སློབ་དཔོན་དཔལ་ལྡན་སེང་གེ་ལ། །གསོལ་བ་ ྾ །སྔགས་འཆང་ཁྱུང་པོ་ལྷས་པ་དང། །བདེ་ཆེན་ཆོས་ཀྱི་དཔལ་བ་ལ། །གསོལ་བ་ ྾ །ལྗོངས་འདིར་ སྤྲུལ་པའི་གར་མཛད་པ། །རྗེ་བཙུན་བློ་བཟང་གྲགས་པ་ལ། །གསོལ་བ་ ྾ །བློ་བཟང་དཔལ་ལྡན་ཡེ་ཤེས་བར། །རྒྱུད་འཛིན་རིམ་པར་བྱོན་རྣམས་ལ། །གསོལ་བ་ ྾ མཐར། །ངུར་སྨྲིག་གཟུགས་ཀྱི་རྣམ་རོལ་བ། །དྲིན་ཅན་ཡེ་ཤེས་མཚན་ཅན་ལ། །གསོལ་བ་ ྾ །མདོ་སྔགས་བསྟན་པ་པད་དཀར་ཚལ། །རབ་ཏུ་རྒྱས་བྱེད་རྟ་བདུན་བདག་གསོལ་བ་ ྾ བྱའི་འཁོར་ལོ་མ་ལུས་པ། །སྒྲིབ་བྲལ་བདེ་བ་ཆེན་པོའི་ངོར། །སྡོམ་མཛད་ཧེ་རུ་ཀ་དཔལ་ལ། །གསོལ་བ་ ྾ །སྩོལ་མཛད་རྒྱལ་བ་ཀུན་གྱི་ཡུམ། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མར། །གསོལ་ ྾ [315A]༄༅། །དེང་ནས་ཚེ་རབས་ཐམས་ཅད་དུ། །འཁོར་ལོ་བཞི་དང་མི་འབྲལ་ཞིང། །ཐུན་མོང་ལམ་གྱི་བདུད་རྩི་ཡིས། །ཡིད་ཀྱི་ཤེལ་བུམ་གང་བར་ཤོག་དཔའ་བོ་རྣལ་འབྱོར་མ་རྣམས་ཀྱིས། །བདག་ཅག་ འབྲལ་མེད་རྗེས་བཟུང་སྟེ། །ཟག་མེད་ལྷན་སྐྱེས་བདེ་བ་ཆེ། །འབད་མེད་ལྷུན་གྱིས་འགྲུབ་པར་ཤོག་མ་དག་སྐྱེ་ཤི་བར་ད་གསུམ། །རྣམ་དག་རྒྱལ་བའི་སྐུ་གསུམ་དུ། །སྒྱུར་བྱེད་འཁོར་ལོ་བདེ་མཆོག་གི་རིམ་གཉིས་རྟོགས་ པ་མཐར་ཕྱིན་ཤོག་ཚེ་འདིའི་མཐར་ཡང་བླ་མ་ལྷའི། །ངོ་མཚར་ལྟས་བཟང་མཆོད་སྤྲིན་སོགས། །མཐའ་ཡས་བསུ་བ་མངོན་གྱུར་ནས། །མཁའ་སྤྱོད་གནས་སུ་འཁྲིད་པར་ཤོག་དེར་ནི་བླ་མ་ཧེ་རུ་ཀའི། །མངོན་སུམ་ ཞལ་མཐོང་དབང་བསྐུར་ནས། །བདེ་ཆེན་འོད་གསལ་སྒྱུ་མའི་སྐུ། །ཟུང་འཇུག་རྡོ་རྗེ་འཆང་ཐོབ་ཤོག་དེ་ནས་གདུལ་བྱའི་བསམ་པ་བཞིན། །གང་འདུལ་སྤྲུལ་པའི་ཟློས་གར་གྱིས། །མཁའ་མཉམ་འགྲོ་བ་མ་ལུས་པ། ། བདེ་བ་མཆོག་ལ་འགོད་པར་ཤོག་ཅེས་སྦས་དོན་ཀུན་གསལ་གྱི་བརྒྱུད་འདེབས་ཁ་སྐོང་ཚིགས་བཅད་ཤོལོ་ཀ་གཉིས་རྭ་སྒྲེང་ཨ་ཆི་ཐུ་ནོ་མོན་ཧན་གྱིས་སྦྱར་བའོ།། །། [316A]༄༅། །རྗེ་བཙུན་ཤེས་རབ་སེངྒེ་ལ། །གསོལ་བ་འདེབས་སོ། །ཞེས་པ་ཡན་འདྲ་བ་ལ། གྲུབ་ཆེན་དཔལ་ལྡན་བཟང་པོ་དང། །དེ་དཔོན་འཇམ་དབྱངས་དགེ་འདུན་འཕེལ། །གྲུབ་དབང་བཀྲ་ཤིས་ འཕགས་པ་ལ། གསོལ་བ་ ྾ །རྡོ་རྗེ་འཛིན་པ་བརྩོན་འགྲུས་འཕགས། །མཁས་གྲུབ་རྡོ་རྗེ་བཟང་པོ་ལ། །གསོལ་བ་ ྾ །གྲུབ་བརྙེས་ དཀོན་མཆོག་རྒྱ་མཚོའི་ཞབས། །རྒྱུད་ཆེན་དཀོན་མཆོག་ཡར་འཕེལ་ལ། །གསོལ་བ་ ྾ །འཇམ་དབྱངས་བདེ་བའི་རྡོ་རྗེའི་ཞབས། །གྲུབ་མཆོག་ངག་དབང་ བྱམས་པ་ལ། །གསོལ་བ་འདེབས་སོ་ ྾ །རིགས་ཀུན་ཁྱབ་བདག་གདོད་མའི་མགོན། །ཧེ་རུ་ཀ་དཔལ་ངུར་སྨྲིག་གར། །བསྒྱུར་མཛད་རྒྱ་མཚོའི་མཚན་ཅན་ལ། ། གསོལ་བ་ ྾ ། [317A]༄༅། །གཏུམ་ཆེན་ཁྲོ་བོའི་དབང་པོ་གཤིན་རྗེ་གཤེད། །རྒྱལ་བ་གཉིས་པ་རྗེ་བཙུན་ཙོང་ཁ་པ། །སྲས་ཀྱི་ཐུ་བོ་དགེ་ལེགས་དཔལ་བ་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། ། སྨྲ་བའི་དབང་ཕྱུག་ཆོས་ཀྱི་རྒྱལ་མཚན་དང། །ཟུང་འཇུག་སྐུ་བརྙེས་ཆོས་ཀྱི་རྡོ་རྗེའི་ཞབས། །རྟོགས་པ་མཆོག་གྱུར་བློ་བཟང་དོན་གྲུབ་ལ། །གསོལ་བ་ ྾ །རྗེ་བཙུན་ བློ་བཟང་ཆོས་ཀྱི་རྒྱལ་མཚན་ཞབས། །རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན་ལ། །གསོལ་བ་ ྾ །ལུང་རིགས་སྨྲ་བ་བློ་བཟང་དར་རྒྱས་ཞབས། །ངག་ལ་དབང་ བསྒྱུར་བྱམས་པའི་མཚན་ཅན་ལ། །གསོལ་བ་ ྾ །གྲུབ་པ་མཆོག་གི་སར་གཤེགས་འཁོར་ལོའི་མགོན། །བཀའ་དྲིན་གསུམ་ལྡན་རྒྱ་མཚོ་མཐའ་ཡས་ལ། །གསོལ་ ྾ བློ་བཟང་ཡེ་ཤེས་ལུང་རིགས་འོད་སྟོང་གིས། །རྒྱལ་བསྟན་པད་ཚལ་རབ་ཏུ་བཞད་པ་དང། །གདུལ་བྱའི་བློ་གྲོས་རྒྱས་མཛད་དྲིན་ཅན་རྗེར། །གསོལ་ ྾ ། བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པ། །བླ་མ་གཤིན་རྗེ་གཤེད་ཀྱིས་རྗེས་བཟུང་སྟེ། །རྣམ་དག་ལམ་གྱི་གཞི་རྩ་ཟིན་པར་ཤོག་དེ་ཚེ་མཚན་ཉིད་ཚང་བའི་བླ་མ་ལས། །རྣམ་དག་དབང་ཐོབ་དམ་ཚིག་ [318B] །རིམ་གཉིས་ལམ་གྱི་རྣལ་འབྱོར་བསྒོམས་པའི་མཐུས། །ཡན་ལག་བདུན་ལྡན་ལྷ་སྐུ་མྱུར་འགྲུབ་ཤོག་ལམ་བཟང་སྒྲུབ་ལ་མི་མཐུན་བགེགས་ཀྱི་དཔུང། །མ་ལུས་འཇིགས་མཛད་ཏིང་འཛིན་ མེ་དཔང་གིས། །མྱུར་དུ་ཞི་ནས་འདོད་དོན་ལྷུན་འགྲུབ་ཅིང། །བཀྲ་ཤིས་དགེ་མཚན་ཀུན་ཏུ་འབར་གྱུར་ཅིག་ཅེས་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ལ་རྡོ་རྗེ་འཇིགས་བྱེད་ཆེན་པོས་དངོས་སུ་སྩལ་བའི་གཤིན་རྗེ་གཤེད་བདུད་ཐམས་ཅད་ལས་རྣཾ་པར་ རྒྱལ་བའི་དབང་གི་ཉེ་བརྒྱུད་གསོལ་འདེབས་འདི་ཡང་སྐུ་ཚེ་དུ་མར་རྒྱལ་བའི་ཆོས་ཚུལ་འཛིན་པའི་སྨོན་ལམ་གྱི་མཐུ་གྲུབ་པ་བསྟན་པའི་གསལ་བྱེད་དམ་པ་ཨེར་ཏེ་ནེ་པཎྜི་ཏ་ཨ་ཀྱ་ཧུ་ཐོག་ཐུ་རིན་པོ་ཆེ་ནས་བསྐུལ་མ་མཛད་ངོར་་ཤཱཀྱའི་དགེ་སློང་རིག་པ་འཛིན་པ་བློ་ བཟང་ཡེ་ཤེས་བསྟན་པ་རབ་རྒྱས་ཀྱིས་སུག་བྲིས་སུ་བགྱིས་པ་སིནྡྡྷི་རསྟུ།། །། [319A]༄༅། །འཇིགས་བྱེད་བཅུ་གསུམ་མའི་དབང་གི་རྒྱུད་འདེབས་ཁ་སྐོང་པཎ་ཆེན་བློ་བཟང་ཆོས་རྒྱན་ཡན་དཀྱུས་ལྟར་ལ། དེ་ནས། རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན་ཞབས། །རིགས་ཀུན་བདག་པོ་བློ་བཟང་ཡེ་ཤེས་དཔལ། །མདོ་རྒྱུད་མངའ་བདག་དོན་ ཡོད་མཁས་གྲུབ་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །ཁྱབ་བདག་རྗེ་བཙུན་ངག་དབང་མཆོག་ལྡན་དཔལ། །གྲུབ་དབང་ངག་དབང་འཇམ་དཔལ་རྒྱ་མཚོའི་ཞབས། །རྩ་བའི་བླ་མ་རྒྱ་མཚོའི་མཚན་ཅན་ལ། །གསོལ་ བ་ ྾ །ཡེ་ཤེས་འོད་བརྒྱ་འགྱེད་པའི་རྟ་བདུན་དབང། །རྒྱལ་བསྟན་རབ་ཏུ་རྒྱས་མཛད་སྙིགས་མའི་མགོན། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །དེ་ནས་དཀྱུས་ལྟར་ བརྗོད། ཅེས་ལྷོ་བྲག་དོན་གཉིས་གླིང་གི་གྲྭ་རིགས་དགེ་སློང་བསྐལ་བཟང་རྣམ་སྣང་ནས་འཇིགས་བྱེད་བཅུ་གསུམ་མའི་དབང་གི་རྒྱུད་འདེབས་རྡོ་རྗེ་འཆང་ནས་རྗེ་བཙུན་རྒྱ་མཚོ་མཐའ་ཡས་དང། ངོས་བར་གྱི་བརྒྱུད་རིམ་ཁ་སྐོང་ཞིག་དགོས་ཞེས་བསྐུལ་བ་ལྟར། པཎ་ཆེན་ ཆོས་རྒྱན་ནས། རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན། པཎ་ཆེན་བློ་བཟང་ཡེ་ཤེས། དོན་ཡོད་མཁས་གྲུབ་བ། ཁྲི་ཆེན་ངག་དབང་མཆོག་ལྡན། སྒྲུབ་ཁང་གོང་མ་ངག་དབང་འཇམ་དཔལ་རྒྱ་མཚོ། རྡོ་རྗེ་འཆང་རྒྱ་མཚོ་མཐའ་ཡས། དེས་བདག་ལ་སྩལ་བ་ཡིན་ པས་དེའི་བར་གྱི་ཁ་སྐོང་འདི་བཞིན་རྭ་སྒྲེང་ཨ་ཆི་ཐུ་ནོ་མོན་ཧན་གྱིས་སྦྱར།། །། [320B] ༈ །རྗེ་བློ་བཟང་གདམས་པའི་སྙིང་པོ་མཆོག་མཚན་ལྡན་གྱི་སློབ་མར་སྦྱིན་མཛད་པའི། །ཡེ་ཤེས་བསྟན་པ་རབ་རྒྱས་ལ་གསོལ་བ་འདེབས། །རྒྱུད་ ྾ ཆེན་གསོལ་འདེབས་མཇུག་ཏུ་མཐུད་རྒྱུར་སྦྱར། ༈ །སྙིང་སྟོབས་བརྩོན་པའི་ཤིང་རྟས་ལེགས་དྲངས་ཏེ། །སྐལ་ལྡན་གདུལ་བྱའི་རེ་སྐོང་རྒྱལ་བའི་བསྟན་འཛིན་མཁས་མཆན་ལྡན་བླ་ མར་གསོལ་ ྾ ༈ །གསལ་བྱེད་བསྐལ་བཟང་རྒྱལ་བ་རྒྱ་མཚོའི་ཉི། །རིགས་ཀུན་ཁྱབ་བདག་དཔལ་ལྡན་ཡེ་ཤེས་ལ། །གསོལ་བ་འདེབས་སོ། ༈ རྫོགས་ཤིང། །ཡེ་ཤེས་ཟེར་གྱིས་ཐུབ་བསྟན་པད་མོའི་ཚལ། །རབ་རྒྱས་རྗེ་བཙུན་རྩ་བའི་བླ་མ་ལ་ ྾ ༈ །རྒྱ་ཆེན་བསོད་ནམས་གྲགས་པའི་བ་དན་གཡོ། །བློ་བཟང་མདོ་ སྔགས་གཞུང་ལུགས་མཁས་པའི་མཆོག་རྗེ་བཙུན་བླ་མ་གསུམ་ལ་གསོལ་བ་འདེབས། ། ༈ །ཐུབ་གསུང་མདོ་སྔགས་གཞུང་བརྒྱ་འགྲེལ་བ་ལ། །མཁས་མཆོག་བཟང་ པོའི་གྲགས་སྙན་རབ་འབར་བ། །ཟླ་བྲལ་དགེ་བའི་བཤེས་ལ་གསོལ་བ་འདེབས། །ཞེས་པའང་སེར་བྱེས་བླ་མ་བསྐལ་བཟང་བློ་གྲོས་དང་བསོད་ནམས་གྲགས་པ། བློ་བཟང་མཁས་མཆོག་གསུམ་གྱི་མཚན་སྒྲ་ཆང་བའི་ཚིགས་བཅད། ཐུབ་བསྟན་དྲི་མེད་པའི་ [321A]༄༅། །གཤམ་དུ་མཐུད་རྒྱུ་དང། བླ་མ་བློ་བཟང་མཁས་མཆོག་གི་མཚན་ཚིགས་བཅད་རྗེ་བཙུན་ཆོས་རྒྱལ་མའི་གཤམ་དུ་མཐུད་རྒྱུ་བཅས་དགོས་ཞེས་སེར་བྱེས་ལས་སྣེ་ནས་བསྐུལ་ངོར་རྭ་སྒྲེང་ཨ་ཆི་ཐུ་ནོ་མོན་ཧན་དུ་འབོད་པས་སྦྱར།། ༈ པའི་རྒྱལ་མཚན་ཐབས་མཁས་ཀྱི། །ཚུལ་ཁྲིམས་རྒྱ་མཚོའི་དབུས་ན་ལེགས་གནས་ཤིང། །རྣམ་པར་རྒྱལ་བའི་མཚན་མ་བཀྲ་ཤིས་ཀྱི། །རྒྱལ་མཚན་དམ་ཆོས་འཕེལ་ལ་གསོལ་བ་འདེབས། །ཐུབ་གསུང་མདོ་ སྔགས་བསྟན་པ་བསམ་འཕེལ་དབང། །མཁས་བཙུན་བཟང་པོའི་རྣམ་བཀྲའི་བ་དན་ཅན། །གདུལ་བྱའི་ཁང་བཟད་རྩེ་ན་ཆེར་འཕགས་པ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཞེས་འུར་ཐུ་སུ་ཨོ་རྡོག་པའི་ལིའི་མཆན་ ཉིད་གྲྭ་ཚང་བཀྲ་ཤིས་དཔལ་དར་གླིང་གི་བླ་མ་ལྔའི་བླ་བརྒྱུད་གསོལ་འདེབས་འདི་ལྟ་བུ་ཞིག་དགོས་ཞེ་དགེ་སློང་དེ་མཆི་ངག་དབང་གྲགས་པ་དང། དགེ་སློང་ཤེས་རབ་རྣམ་རྒྱལ་གཉིས་ཀྱིས་བསྐུལ་ངོར་རྭ་སྒྲེང་ཨ་ཆི་ཐུ་ནོ་མོན་ཧན་དུ་འབོད་པས་སྦྱར།། ༈ ཀུན་གྱི་ཡེ་ཤེས་ཀྱི། །རང་གཟུགས་རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང། །བསྟན་པའི་རྒྱལ་མཚན་ཕྱོགས་བརྒྱར་བསྒྲེང་མཛད་པའི། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །ངག་དབང་སྟོང་ཆ་ཤེས་རབ་ལ་ རོལ་བའི། །བདེ་ཆེན་ཆོས་ཀྱི་འབྱོར་པའི་དཔལ་ལྡན་པ། །དུས་གསུམ་རྒྱལ་བའི་གདུང་འཚོ་བ་བཀའ་དྲིན་ཅན། །གསུམ་ལྡན་རྗེ་བཙུན་བླ་མར་གསོལ་བ་འདེབས།། ༈ [322B] །ལས་གྲུབ་ཕུན་ཚོགས་ཟེར་འཕྲེང་བྱེ་བ་བརྒྱས། །བསྟན་འགྲོའི་འདབ་བརྒྱའི་དགའ་ཚལ་བཞད་བྱེད་བ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཨོཾ་ཨཱ་མི་ཏྲི་ལཀྵིཾ་སེདྡྷི་ཧཱུཾ་ཧཱུཾ། བློ་བཟང་འཇམ་དཔལ་རྡོ་ རྗེའི་རིང་ལུགས་མཆོག་ཇི་བཞིན་སྤེལ་ལ་སྙིང་སྟོབས་ཟླ་བྲལ་བ། །སྐལ་བཟང་གདུལ་བྱའི་རེ་སྐོང་དབང་གི་རྒྱལ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཨོཾ་ཨཱ་མ་ཏི་བྫྲ་སིདྡྷི་ཧཱུཾ་ཧཱུཾ། བློ་བཟང་དམ་ཆོས་མཆོག་ ཏུ་གྲགས་པའི་དཔལ། །བློ་བཟང་སྙན་པའི་དཔལ་མཆོག་གྲགས་པའི་མཚན། །བློ་བཟང་རྒྱལ་བསྟན་དར་བའི་ཉིན་བྱེད་དབང། །ཟླ་མེད་བླ་མ་གསུམ་ལ་གསོལ་བ་འདེབས། །དགའ་ལྡན་བྱང་རྩེའི་བླ་བརྒྱུད་བསྐོང་ངུ་རྭ་སྒྲེང་ཨ་ཆི་ཐུ་ ནོ་མོན་ཧན་གྱིས་སྦྱར།། [323A]༄༅། །རྒྱལ་དབང་ཡབ་སྲས་དང་སྐྱེས་ཆེན་དམ་པ་རྣམས་ཀྱི་ཞབས་བརྟན་དང་འཁྲུངས་རབས་དཀའ་རྩོམ་ཞུ་མི་བྱུང་བ་རྣམས་རིམ་པར་བཀོད་པ་བཞུགས་སོ།། [324A] །ན་མོ་གུ་རུ་མཉྫུ་གྷོ་ཥ་ཡ། རྗེ་བཙུན་བླ་མ་དམིགས་པ་མེད་པའི་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །བློ་གྲོས་ཕ་མཐའ་ཡས་པའི་ཆུ་འཛིན་ལས། །ལེགས་འོངས་ལེགས་ བཤད་གསར་པའི་ཆར་རྒྱུན་གྱིས། །སྐལ་ལྡན་གདུལ་བྱའི་པད་ཚལ་སྨིན་མཛད་པ། །རྗེ་བཙུན་བླ་མ་མཆོག་གང་རྒྱལ་གྱུར་ཅིག་གྲངས་མེད་རྒྱལ་བ་ཀུན་གྱི་སྙིང་རྗེའི་སྟོབས། །གཅིག་ཏུ་ གྱུར་པ་འཕགས་མཆོག་འཇིག་རྟེན་དབང། །བཤེས་གཉེན་ཚུལ་འཛིན་བཀའ་དྲིན་གསུམ་ལྡན་ཆེ། །བློ་བཟང་འཇམ་དཔལ་རྒྱ་མཚོ་ཞབས་བརྟན་ཤོག་ཀུནྡ་ལྟར་དཀར་བྱང་ཆུབ་སེམས་ མཆོག་གིས། །འཁོར་བའི་འགྲོ་རྣམས་ཐར་པའི་བདེ་བ་ལ། །འགོད་མཛད་སྙིང་རྗེའི་རང་གཟུགས་མིའི་གར་མཁན། །བློ་བཟང་འཇམ་དཔལ་རྒྱ་མཚོ་ཞབས་བརྟན་ཤོག་གངས་ཅན་ལྗོངས་ འདིར་འཇམ་དཔལ་སྙིང་པོའི་བསྟན། །ནུབ་པར་ཉེ་ཚེ་མགོན་ཁྱོད་སྙིང་སྟོབས་ཀྱིས། །གོ་ཆ་ལེགས་གྱོན་སྙིང་པོའི་བསྟན་པའི་གདུགས། །འཛིན་མཁས་འཇམ་དཔལ་རྒྱ་མཚོ་ཞབས་ [325A]༄༅། །བརྟན་ཤོག་འཇིགས་མཛད་རྡོ་རྗེ་མགོན་པོ་ཕྱག་དྲུག་པ། །སྟོབས་འཕྲོག་དབང་པོ་ལས་གཤིན་དམག་ཟོར་རྒྱལ། །རྣམ་མང་ཐོས་སྲས་བེག་ཙེ་དུར་ཁྲོད་བདག་ལ་ སོགས་བསྟན་བསྲུང་ཀུན་གྱིས་ཤིས་པ་སྩོལ། །ཞེས་པ་འདི་ནི་ཨ་ཆི་ཐུ་ནོ་མོན་ཧན་ཡེ་ཤེས་བསྟན་པ་རབ་རྒྱས་ཀྱིས་རང་ལོ་བཅུ་དྲུག་པ་ཤིང་རྟ་ཟླ་་ཚེས་ལ་སུག་བྲིས་སུ་བགྱིས་པའོ།། །། ༈ རིགས་བརྒྱའི་ཁྱད་བདག་པདྨ་རཱ་གའི་བདོག་བདེ་ཅན་ཞིང་མགོན་རྒྱལ་བ་ཚེ་དཔག་མེད། །མགོན་ཁྱོད་མི་ཡི་རྣམ་རོལ་མཚུངས་མེད་མཆོག་བློ་བཟང་དཔལ་ལྡན་ ཡེ་ཤེས་རྒྱལ་གྱུར་ཅིག་བགྲང་ཡས་བསྐལ་པའི་སྔོན་དུ་སངས་རྒྱས་ཀྱང། །བློ་དམན་གདུལ་བྱའི་སྣང་ངོར་པཎ་གྲུབ་སོགས། །དུ་མའི་གར་རོལ་བློ་བཟང་རྒྱལ་བསྟན་གདུགས། །འཛིན་ལ་ཟླ་བྲལ་མགོན་ཁྱོད་ཞབས་བརྟན་ཤོག་རྒྱལ་བའི་བསྟན་ལ་དྲི་མེད་རིག་པ་ཡིས། །ལེགས་པར་དཔྱད་ཚེ་ལོག་རྟོག་རྒོལ་ངན་རྣམས། །རབ་འཇོམས་བློ་བཟང་རྒྱལ་བའི་ [326B] །ལེགས་པར་འཛུད་མཛད་མགོན་ཁྱོད་ཞབས་བརྟན་ཤོག་བགྲང་ཡས་སྤྲོ་དང་བསྡུ་བའི་བྱེད་པོ་མཁན། །བློ་གྲོས་སྤྱན་གྱིས་གདུལ་བྱའི་བསམ་པ་ཀུན། །གསལ་ལེར་གཟིགས་ཤིང་ ལུང་རྟོགས་ཀྱིས་ཕྱུག་པའི། །བློ་བཟང་དཔལ་ལྡན་ཡེ་ཤེས་ཞབས་བརྟན་ཤོག་དབང་དྲག་ལྷ་ཚོགས་འཇིགས་མཛད་རྡོ་རྗེ་དང། །ཕྱག་དྲུག་མགོན་པོ་སྟོབས་འཕྲོག་དབང་པོའི་སྡེ། །ལས་གཤིན་ ཕྱི་ནང་གསང་གསུམ་དམག་ཟོར་རྒྱལ། །ཀུན་གྱིས་བར་གཅོད་སེལ་ཞིང་ཤིས་པ་སྩོལ། །བསླུ་མེད་མཆོག་གསུམ་རིན་ཆེན་བདེན་མཐུ་དང། །ཡི་དམ་ཞི་ཁྲོ་རབ་འབྱམས་བྱིན་རླབས་ དང། །མཐུ་ལྡན་ཆོས་སྐྱོང་བསྲུང་མའི་འཕྲིན་ལས་ཀྱིས། །བདག་ཅག་སྨོན་པའི་དོན་རྣམས་ལྷུན་གྲུབ་མཛོད། །ཅེས་བདེ་ཅན་ཞིང་གི་མགོན་པོ་འཕགས་མཆོག་སྣང་བ་མཐའ་ཡས་ངུར་སྨིག་གར་གྱི་རྣམ་པར་རོལ་བ་བདག་གི་ མཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱི་ཞབས་བསྟན་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་སྐལ་ལྡན་ཡིད་འཕྲོག་ཅེས་བྱ་བ་འདི་ནི་ཉིད་ཀྱི་བུ་སློབ་ཀྱི་ཐ་ཤལ་བློ་བཟང་ཡེ་ཤེས་བསྟན་པ་རབ་རྒྱས་ཀྱིས་རང་ལོ་བཅུ་དྲུག་པའི་སྐབས་སུ་དགྱིས་བའོ་ ཨོཾ་སྭ་སྟི། བསླུ་མེད་བླ་མ་ཡི་དམ་བསྲུང་མའི་ཚོགས། །ཚེ་དཔག་མེད་མགོན་རྣམ་རྒྱལ་ཡིད་བཞིན་དབང། །འཆི་མེད་ཚེ་ལ་དབང་བའི་ལྷ་ཚོགས་ཀྱིས། །རྣམ་འདྲེན་དམ་པའི་སྐུ་ཚེ་འཕྲིན་ལས་སྤེལ། །བློ་བཟང་ [327A]༄༅། །རྒྱལ་བའི་ཐུགས་རྗེའི་ཉི་འོད་ཆེས། །བློ་མིག་མ་རིག་མུན་བཅོམ་ཡེ་ཤེས་ཀྱི། །དག་པའི་སྣང་བ་ཆ་ཙམ་རབ་རྒྱས་པ། །བསྟན་པའི་སྲོག་འཛིན་ཁྱོད་ལ་གསོལ་བ་འདེབས། །འཕགས་ཡུལ་ པཎ་གྲུབ་དུ་མས་བཞེད་པའི་གཞུང། །ཐུན་མོང་ལམ་སྦྱངས་རིམ་གཉིས་ལམ་གྱི་གནད། །ཆ་ཙམ་ཉེར་རིག་བློ་བཟང་རྒྱལ་བའི་བསྟན། །འཛིན་མཁས་རྗེ་བཙུན་བླ་མ་ཞབས་བརྟན་ཤོག་དེ་ལྟར་གསོལ་བཏབ་ རྣམ་དཀར་ཕུང་པོའི་མཐུས། །སྐྱེ་ཀུན་བཤེས་གཉེན་དམ་པས་མཉེས་བཞིན་དུ། །རྗེས་བཞུགས་ལམ་རྟོགས་པ་མཐར་ཕྱིན་ཏེ། །འགྲོ་བའི་དེད་དཔོན་ཆེན་པོར་བདག་གྱུར་ཅིག་ཅེས་པ་འདི་ནི་དད་ལྡན་ཁལ་ཁ་ དགེ་རྒན་བརྩོན་འགྲུས་ཀྱིས་བསྐུལ་ངོར་ཞྭ་སེར་བསྟན་པའི་གསལ་བྱེད་ཨ་ཆི་ཐུ་ནོ་མིན་ཧན་བློ་བཟང་ཡེ་ཤེས་བསྟན་པ་རང་རྒྱས་ཀྱིས་སྦྱར་བའོ།། ༈ །།ན་མོ་ལོ་ཀེ་ཤྭ་ར་ཡ། ལ་བ་ཀུན་གྱི་སྲས་མཆོག་སྙིང་རྗེའི་དབང།། མར་གྱུར་འགྲོ་རྣམས་སྲིད་མཚོ་ལས་སྒྲོལ་བའི། །ཁུར་འཁྱེར་སྔོན་གྱི་དམ་བཅའ་མི་གཡེལ་བའི། །གངས་ཅན་ལྷ་གཅིག་པད་དཀར་འཆང་ལ་འདུད། །མགོན་ཁྱོད་སྔོན་གྱི་དམ་བཅའ་མི་གཡེལ་བས། །གངས་ ལྗོངས་སྦྱི་དང་ཁྱད་པར་ཡུལ་ཕྱོགས་འདིར། །གནས་པའི་འགྲོ་བ་མ་ལུས་སྨིན་གྲོལ་ལ། །འགོད་མཛད་མགོན་པོ་མཆོག་གང་ཞབས་བརྟན་ཤོག་བགྲད་ཡས་བསྐལ་པའི་སྔོན་དུ་སངས་རྒྱས་ཀྱང། ། [328B] །དུ་མའི་གར་རོལ་ལྷར་བཅས་སྐྱེ་དགུའི་གཙོ། །བློ་བཟང་འཇམ་དཔལ་རྒྱ་མཚོ་ཞབས་བརྟན་ཤོག་འཇམ་དཔལ་སྙིང་པོ་བློ་བཟང་གྲགས་པ་ཡི། །བསྟན་པའི་གདུགས་དཀར་འཛིན་མཁས་ས་ གསུམ་འགྲོའི། །གཙུག་གི་ནོར་བུར་ཞབས་ཟུང་ཉེར་བཀོད་པའི། །བློ་བཟང་འཇམ་དཔལ་རྒྱ་མཚོ་རྟག་བརྟན་ཤོག་བསིལ་ལྡན་ལྗོངས་འདིར་བགྲང་ཡས་བསྐལ་པའི་བར། །ཞབས་ཟུང་རྡོ་རྗེའི་རི་མོ་རྟག་བརྟན་ཅིང། །མཐའ་ཡས་སྤྲོ་དང་ བསྡུ་བའི་མཛད་པ་ཡིས། །བདག་སོགས་འགྲོ་བའི་རེ་བ་སྐོང་བར་མཛོད། །མཆོག་གསུམ་རབ་འབྱམས་རྒྱལ་བའི་བདེན་མཐུ་དང། །ཡི་དམ་ཞི་ཁྲོ་དུ་མའི་བྱིན་རླབས་དང། །མཐུ་ལྡན་ཆོས་སྐྱོང་བསྲུང་མའི་འཕྲིན་ལས་ཀྱིས། །སྨོན་པའི་ དོན་རྣམས་ལྷུན་གྱིས་འགྲུབ་པར་མཛོད། །ཅེས་རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཕྱག་ན་པད་དཀར་འཆང་བརྗེ་བཙུན་བློ་བཟང་བསྟན་པའི་དབང་ཕྱུག་འཇམ་དཔལ་རྒྱ་མཚོ་དཔལ་བཟང་པོའི་ཞབས་བརྟན་ཚངས་དབྱངས་ཡིད་འཕྲོག་ཅེས་བྱ་བ་འདི་ནི་རྗེ་བླ་མ་གང་གིས་བཀའ་དྲིན་གྱིས་འཚོ་ བ་བློ་བཟང་ཡེ་ཤེས་བསྟན་པ་རབ་རྒྱས་ཤིང་རྟ་ཟླ་ཚེས་ཉིན་ཡིད་དང་བ་ཆེན་པོས་སུག་བྲིས་སུ་བགྱིས་པ་ཛ་ཡནྟུ།། ༈ །།ཨོཾ་སྭ་སྟི། བདེ་ལྡན་ཞིང་མགོན་འཕགས་མཆོག་སྣང་མཐའ་ཡས། །ཚེ་སྦྱིན་ཡིད་བཞིན་འཁོར་ལོ་ལྷག་པའི་ལྷ། །འདོད་ དགུའི་མཆོག་སྩོལ་ལྷ་མོ་རྣམ་རྒྱལ་མས། །འཆི་མེད་ཚེ་ཡི་དངོས་གྲུབ་ཆར་དུ་བསྙིལ། །བློ་བཟང་རྒྱལ་ཀུན་མཁྱེན་པའི་ཡེ་ཤེས་ཆ། །གཅིག་བསྡུས་བསྟན་པའི་པད་ཚལ་རྒྱས་བྱེད་པའི། །སྨ་བའི་ཉི་མ་གསུམ་ལྡན་རྡོ་རྗེ་འཛིན། །རྗེ་བཙུན་ [329A]༄༅། །བླ་མ་བསྐལ་བརྒྱར་ཞབས་བརྟན་ཤོག་ཐུབ་གཞུང་སྤྱི་དང་ཁྱད་པར་བློ་བཟང་བསྟན། །ཇི་བཞིན་སྤེལ་ལ་སྙིང་སྟོབས་ཕུལ་བྱུང་བ། །སྐལ་ལྡན་གདུལ་བྱའི་རེ་སྐོང་དབང་གི་རྒྱལ། །རྗེ་བཙུན་བླ་མ་བསྐལ་ བརྒྱར་ཞབས་བརྟན་ཤོག་ཆོས་དབྱིངས་འགྱུར་བ་མེད་པའི་བདེན་པ་དང། །དམ་ཅན་ཆོས་སྐྱོང་སྲུང་མའི་འཕྲིན་ལས་དང། །དང་ལྡན་གདུལ་བྱས་གསོལ་བཏབ་བདེན་པའི་མཐུས། །སྨོན་པའི་འབྲས་བུ་མྱུར་དུ་འགྲུབ་གྱུར་ཅིག་ ཅེས་པ་འདི་ནི་རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་པཎ་ཆེན་ཐམས་ཅད་མཁྱེན་པའི་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེའི་ཡོངས་འཛིན་མདོ་རྒྱུད་རྒྱ་མཚོའི་མངའ་བདག་རྗེ་ཞལ་སྔ་ནས་ཡོན་ཏན་རྒྱ་མཚོ་ནས་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་ངོར་་གོང་མ་ཆེན་པོའི་ལུང་གིས་ཞྭ་སེར་བསྟན་པའི་ གསལ་བྱེད་ཨ་ཆི་ཐུ་ནོ་མོན་ཧན་དུ་འབོད་པ་ཤཱཀྱའི་དགེ་སློང་རིག་པ་འཛིན་པ་བློ་བཟང་ཡེ་ཤེས་བསྟན་པ་རབ་རྒྱས་ཀྱིས་སྦྱར་བའོ།། ༈ །།རྒྱལ་ཀུན་ཐུགས་རྗེ་གཅིག་བསྡུས་བློ་བཟང་བསྟན། །ཇི་བཞིན་སྤེལ་ལ་འགྲན་པའི་ཟླ་བྲལ་བ། ། ཡེ་ཤེས་ཉིན་མོར་བྱེད་པའི་འོད་ཟེར་གྱིས། །བསྟན་པའི་པད་ཚལ་རབ་ཏུ་རྒྱས་ལ་འདུད། །མགོན་ཁྱོད་ཞབས་ཟུང་རྟག་བརྟན་གཡུང་དྲུང་རིས། །འགྱུར་མེད་སེང་གེའི་ཁྲི་འཕང་ཆེ་མཐོ་བར། །ཡན་ལག་བདུན་ལྡན་ངོ་བོར་རྟག་བཞུགས་ ནས། ཟབ་དང་རྒྱ་ཆེའི་ཆོས་ཀྱི་འཁོར་ལོ་བསྐོར། །དེ་ལྟར་གསོལ་བཏབ་རྣམ་དཀར་ཕུང་པོའི་མཐུས། །བདག་སོགས་འགྲོ་ཀུན་སྐྱེ་བ་ཐམས་ཅད་དུ། །མགོན་པོ་ཁྱོད་ཀྱིས་འབྲལ་མེད་རྗེས་བཟུང་སྟེ། །ཟུང་འཇུག་གོ་འཕང་ [330B]ཅེས་པ་འདི་ནི་དད་ལྡན་བཞི་སྡེ་དབུ་མཛད་དགེ་སློང་བྱམས་པ་ཡོན་ཏན་གྱིས་བསྐུལ་ངོར་་གོང་མའི་ལུང་གིས་ཞྭ་སེར་བསྟན་པའི་གསལ་བྱེད་ཨ་ཆི་ཐུ་ནོ་མོན་ཧན་དུ་འབོད་པས་སྦྱར་བའོ།། ༈ །།ལྕང་སྐྱ་རྡོ་རྗེ་འཆང་ཆེན་པོའི་མཆོག་ གི་སྤྲུལ་སྐུའི་ཞབས་བརྟན་བདེན་ཚིག་དངོས་གྲུབ་འདོད་པ་འཇོ་བའི་བུམ་བཟང་བཞུགས།། །།ཨོཾ་སྭ་སྟི། རྣམ་འདྲེན་སྟོབས་བཅུ་མངའ་ཀུན་གསང་བ་གསུམ། །གཅིག་ཏུ་འཁྱིལ་བའི་མཚན་དཔེའི་གར་མཁན་སྐུ། །ཚེ་སྦྱིན་ཡིད་བཞིན་འཁོར་ལོ་ལྷག་ པའི་ལྷས། །མི་ཤིགས་ཚེ་ཡི་རྡོ་རྗེའི་ཀ་བ་ཚུགས། །ཡོན་ཏན་ཆ་ཤས་ཡོངས་གང་རྫོགས་སངས་རྒྱས། །གདོད་ནས་སྤྲོས་པ་ཉེར་ཞི་དམ་པའི་ཆོས། །རིགས་གྲོལ་གཉིས་ལྡན་འཕགས་ཚོགས་དགེ་འདུན་ཏེ། །མཆོག་གསུམ་རྒྱ་མཚོས་ དུས་ཀུན་ཤིས་བ་སྩོལ། །རྣམ་འདྲེན་རྒྱལ་བའི་ཐུགས་རྗེའི་དུནྟུ་བཧི། །བདེན་ཚིག་རྡོ་རྗེའི་དབྱུ་གུས་བསྐུལ་བ་ལས། །རེ་བ་ཇི་བཞིན་འགྲུབ་པའི་དབྱངས་སྙན་པོས། །དུས་རྣམ་ཀུན་ཏུ་ཕན་བདེའི་བྱིན་ཆེན་ཕོབ། །རྒྱལ་ཀུན་ འདུས་ཞལ་ཡེ་ཤེས་སྙིང་པོའི་གར། །ཀུན་ཁྱབ་སྒྱུ་འཕྲུལ་དྲ་བའི་རོལ་གར་ཅན། །ངེས་པ་དོན་གྱི་བསྟན་པའི་སྒྲོན་མེ་མཆོག་རོལ་བའི་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །གང་ཐུགས་ཡེ་ཤེས་ཆོས་སྐུའི་ཀློང་ཡངས་ལས། ། མཚན་དཔེ་སྒྱུ་འཕྲུལ་དྲ་བའི་རྣམ་འགྱུར་གྱིས། །བསྟན་པའི་རྒྱལ་མཚན་འཛིན་ལ་ཟླ་བྲལ་བ། །རྗེ་བཙུན་མཆོག་གི་སྤྲུལ་སྐུར་གསོལ་བ་འདེབས། །སར་གནས་དཔའ་བོའི་ངོ་མཚར་དགའ་སྟོན་གྱི། །ལོངས་སྤྱོད་ཡོངས་སུ་ [331A]༄༅། །རྫོགས་པའི་འཁོར་ལོ་ཆེའི། །སྣང་ཆ་བཀོད་པ་རྒྱ་མཚོའི་དཔལ་འབྱོར་ལ། །འགྲོ་འདྲེན་ཆོས་ཀྱི་རྒྱལ་པོར་གསོལ་བ་འདེབས། །གནས་ལུགས་རིགས་པས་དཔྱད་ན་དོན་དམ་པར། །སྐྱེ་འཆིའི་འཁོར་ ལོ་ཐམས་ཅད་ཡོངས་དག་ཀྱང། །ཚུར་མཐོང་སྣང་ངོར་ངོ་མཚར་མཚན་དཔེའི་གར། །ནམ་ཡང་མི་ནུབ་རིང་དུ་གནས་གྱུར་ཅིག་མཚན་དཔེའི་སྣང་བརྙན་རྡོ་རྗེའི་ཁམས་སུ་བརྟན། །འགག་མེད་ཆོས་སྒྲ་རྡོ་རྗེའི་གདངས་སུ་འཁྲོལ།། གསལ་སྟོང་བརྗོད་བྲལ་འགྱུར་མེད་རྡོ་རྗེའི་ཐུགས། །གསང་གསུམ་འགྲོ་བའི་སྣང་ངོར་འབར་བར་ཤོག་ཡོན་ཏན་མི་ཟད་ཡིད་བཞིན་ནོར་བུའི་གཏེར། །ཞི་རྒྱས་དབང་དང་མངོན་སྤྱོད་འཕྲིན་ལས་སོགས། །གང་འདུལ་རྣམ་པ་ རྒྱ་མཚོའི་རོལ་གར་གྱིས། །འགྲོ་བའི་ཉེར་འཚོ་མཆོག་ཏུ་འགྱུར་བར་ཤོག་བཤད་སྒྲུབ་རྩིབས་སྟོང་ལྡན་པའི་འཁོར་ལོ་ཡིས། །མཆོག་དམན་སྐྱེ་རྒུའི་མཁའ་ལ་རབ་འཕགས་ཏེ། །བསྟན་འཛིན་གླིང་བཞིའི་ཁྱོན་ལ་དབང་ རྒྱུར་བའི། །ཆོས་ཀྱི་རྒྱལ་པོ་མཆོག་ཏུ་འགྱུར་བར་ཤོག་བླ་གོས་ཅོད་པན་མཛེས་པའི་ཚུལ་ཙམ་ལ། །ངོ་མཚར་སྲོག་གི་གཟུངས་སུ་མ་ར་བར། །སྒོ་གསུམ་དོན་ལྡན་སྙིང་པོ་ལྷུར་ལེན་པའི། །བསྟན་འཛིན་རྣལ་མ་ཉིད་ དུ་འགྱུར་བར་ཤོག་འཇམ་དཔལ་རྡོ་རྗེ་རྣོན་པོ་མི་ཡི་ལྷར། །རོལ་བའི་གླིང་བཞིའི་དབང་ཕྱུག་གོང་མ་ཆེའི། །ཆོས་སྲིད་གདུགས་དཀར་དགུང་དུ་འདེགས་པ་ལ། །མཐུ་སྟོབས་ནུས་པའི་གཟི་བྱིན་འབར་གྱུར་ [332B] །རྒྱལ་ཀུན་ཐུ་སྟོབས་གཅིག་བསྡུས་དུས་དགྲའི་དབང། །གནས་གསུམ་མཁའ་འགྲོའི་གཙོ་མོ་ཝཱ་རཱ་ཧཱི། །བདེ་མཆོག་འཁོར་ལོ་ལ་སོགས་ཡི་དམ་ལྷས། །ཐུགས་རྗེ་ནུས་པའི་བྱིན་ཆེན་དབབ་ཏུ་གསོལ། །མྱུར་ མཛད་ཐུགས་རྗེའི་གཏེར་ཆེན་ཕྱག་དྲུག་མགོན། །ལས་གཤིན་སྟོབས་འཕྲོག་དབང་པོ་དམག་ཟོར་ལྷ། །མཐུ་ལྡན་བསྟན་བསྲུང་རྒྱ་མཚོའི་ཚོགས་རྣམས་ཀྱིས། །སྨོན་པའི་འབྲས་བུ་འགྲུབ་པའི་འཕྲིན་ལས་མཛོད། །སྲས་བཅས་ རྒྱལ་བའི་ཐུགས་རྗེ་ནུས་པ་དང། །རྟེན་འབྲེལ་བསླུ་བ་མེད་པའི་བདེན་པའི་སྟོབས། །བདག་སོགས་གདུལ་བྱས་ཇི་ལྟར་སྨོན་པའི་དོན། །ལྷུན་གྱིས་འགྲུབ་པའི་དགའ་སྟོན་དེང་འདིར་སྩོལ། །ཞེས་སྲས་བཅས་རྒྱལ་བ་ཀུན་གྱི་མཁྱེན་བརྩེ་རང་ གཟུགས་མཁས་ཤིང་གྲུབ་པའི་འཁོར་ལོས་བསྒྱུར་བ་བསྟན་པ་སྤྱི་སྒོས་ཡོངས་ལ་བཀའ་དྲིན་ཟླ་མེད་འཇམ་དབྱངས་་གོང་མ་ཆེན་པོའི་རིགས་ཀྱི་ཅོད་པན་དམ་པ་ལྕང་སྐྱ་རྡོ་རྗེ་འཆང་ཡེ་ཤེས་བསྟན་པའི་སྒྲོན་མེ་དེ་ཉིད་ཀྱི་མཆོག་གི་སྤྲུལ་བའི་སྐུ་རིན་པོ་ཆེའི་ཞབས་བརྟན་བདེན་ཚིག་ཅིག་དགོས་ཞེས་ ས་ལུག་་གོང་མ་ཆེན་པོའི་དགོངས་རྫོགས་སུ་བོད་དུ་བྱོན་གས་མདོ་སྔགས་རིགས་གནས་མཐའ་དག་ལ་མཁྱེན་པའི་སྤྱན་ཡངས་ཤིང་རྗེ་བཙུན་རྡོ་རྗེ་འཆང་དེ་ཉིད་ཀྱི་གྲུགས་ཀྱི་སྲས་གཅིག་པུ་ཇ་སག་བླ་མ་དགེ་ལེགས་ནམ་མཁས་བཀའ་སྩལ་བ་དང་དུ་བླངས་ཏེ་སྔར་རྒྱལ་བ་མཆོག་གིས་སྩལ་བ་ སོ་ཐར་བསླབ་སྡོམ་མ་བཞེས་གོང་གི་མཚན་དུ་སོང་གཤིས། རྗེ་རྡོ་རྗེ་འཆང་དེ་ཉིད་བསྟན་པ་སྤྱི་དང་ཁྱད་པར་བཀའ་དྲིན་ཆེ་བས་མཆོག་གསུམ་རྒྱ་མཚོར་གསོལ་བཏབ་ཀྱིས་མཚན་གསར་ཕུལ་སྨོན་ཚིག་དང་བཅས་པ་འདི་ཡང་་གོང་མ་ཆེན་པོའི་ལུང་གིས་ཞྭ་སེར་བསྟན་པའི་གསལ་ [333A]༄༅། །བྱེད་ཨ་ཆི་ཐུ་ནོ་མོན་ཧན་དུ་འབོད་པ་་ཤཱཀྱའི་དགེ་སློང་རིག་པ་འཛིན་པ་བློ་བཟང་ཡེ་ཤེས་བསྟན་པ་རབ་རྒྱས་ཀྱིས་བཞི་སྡེ་དགའ་ལྡན་བསམ་གཏན་གླིང་དུ་དང་བས་སྦྱར་བའོ།། ༈ །།སྭ་སྟི་སིདྡྷཾ། ལྔ་ལྡན་བདེ་ཅན་ཞིང་མགོན་ ཚེ་མཐའ་ཡས། །འཆི་མེད་དཔལ་སྟེར་ལྷ་མོ་རྣམ་རྒྱལ་མ། །ཚེ་སྦྱིན་ཡིད་བཞིན་འཁོར་ལོ་ལ་སོགས་པས། །འཆི་མེད་ཚེ་ཡི་དངོས་གྲུབ་ཆར་དུ་བསྙིལ། །རྒྱལ་ཀུན་ཐུགས་རྗེའི་སྤྱི་གཟུགས་ངུར་སྨྲིག་གར། །སྙིགས་དུས་བསྟན་པའི་ རྒྱལ་མཚན་བསྒྲེང་པ་ལ། །ཟླ་བྲལ་སྙན་གྲགས་རྒྱ་མཚོའི་མཐར་ཁྱབ་པའི། །གསུམ་ལྡན་རྗེ་བཙུན་བླ་མ་ཞབས་བརྟན་ཤོག་གང་ཐུགས་སྒྲིབ་བྲལ་ཆོས་སྐུའི་མཁའ་དབྱིངས་ལས། །ཐུགས་རྗེ་དུས་ལས་གཡེལ་མེད་དམ་ ཆོས་ཆར། །སྐལ་བཟང་གདུལ་བྱའི་ས་མོས་སྐྱེད་ཚལ་དུ། །འབེབས་མཁས་བཤེས་གཉེན་དམ་པ་ཞབས་བརྟན་ཤོག་རྒྱལ་བའི་བསྟན་དང་སེམས་ཅན་དོན་སྐྱོང་ཕྱིར། །མགོན་ཁྱོད་མི་འཇིགས་གདོང་ལྔས་བཏེག་ པའི་ཁྲིར། །ཉི་ཟླའི་སྣང་བ་འགག་མིན་དེ་སྲིད་དུ། །ཡན་ལག་བདུན་ལྡན་ངོ་བོར་བརྟན་བཞུགས་གསོལ། །ཆོས་ཉིད་འགྱུར་བ་མེད་པའི་བདེན་མཐུ་དང། །མཆོག་གསུམ་བསྲུང་མར་བཅས་པའི་བྱིན་རླབས་མཐུས། །གུས་ ལྡན་བདག་ཅག་སྨོན་པའི་འབྲས་བུ་ཀུན། །ཇི་ལྟར་བསམས་པ་ལྷུན་གྱིས་འགྲུབ་གྱུར་ཅིག་འཆི་མེད་ལམ་ཀུན་གང་བའི་ལྷ་ཡི་ཚོགས། །ཉམས་བདུན་རྫོགས་པའི་ཤིས་བརྗོད་ཏམྦུ་ར། །རྣར་སྙན་དུས་ཀུན་སྒོག་ [334B] །ཆུ་སྐྱེས་འདབ་སྟོང་རྣམ་པར་གྲོལ་གྱུར་ཅིག་ཅེས་རྒྱལ་ཀུན་འདུས་པའི་སྤྱི་གཟུགས་ངེས་པ་དོན་གྱི་ཐམས་ཅད་མཁྱེན་པ་བཀའ་དྲིན་མཚུངས་མེད་རྡོ་རྗེ་འཆང་རྒྱ་མཚོ་མཐའ་ཡས་པའི་ཞལ་སྔ་ནས་ཀྱི་ཞབས་བརྟན་འདི་ནི་རྗེ་བླ་མ་ཉིད་ལ་མི་ཕྱེད་ པའི་དད་སྟོབས་ཅན་ཕ་བོང་ཁའི་དགེ་སློང་ཡེ་ཤེས་རྡོ་རྗེས་བསྐུལ་ངོར་བླ་མ་མཆོག་གི་བཀའ་དྲིན་གྱིས་འཚོ་བ་ཤཱཀྱའི་དགེ་སློང་རིག་པ་འཛིན་པ་བློ་བཟང་ཡེ་ཤེས་བསྟན་པ་རབ་རྒྱས་་མིང་གཞན་གོང་མའི་ལུང་གིས་ཞྭ་སེར་བསྟན་པའི་གསལ་བྱེད་ཨ་ཆི་ཐུ་ནོ་མོན་ཧན་དུ་འབོད་པས་ཕོ་བྲང་པོ་ཏ་ལའི་ གཟིམས་ཆུང་རིག་གནས་ཀུན་གཟིགས་སུ་དང་བ་ཆེན་པོས་སུག་བྲིས་སུ་བགྱིས་བ་ཛ་ཡནྟུ།། །།སྭ་སྟི། བྱམས་ཆེན་ཡེ་ཤེས་འོད་ཀྱིས་བསྟན་དང་འགྲོའི། །ཕན་བདེའི་པད་ཚལ་བཞད་མཛད་བཀའ་དྲིན་ཅན། །སྨོན་ལམ་རྒྱ་མཚོའི་ དུས་རླབས་མི་གཡེལ་བ། །རྗེ་བཙུན་མཁས་གྲུབ་དབང་པོར་གསོལ་བ་འདེབས། །སྔ་འགྱུར་གྲུབ་དབང་འོ་བྲན་དབང་ཕྱུག་དང། །རྒྱལ་མཚན་བཟང་པོ་མཐུ་སྟོབས་ནུས་པའི་བདག་རྣམ་རྒྱལ་བཟང་པོ་རྒྱལ་མཚན་དོན་གྲུབ་སྟེ། །སྐྱེ་ འཕྲེང་རིམ་པར་བྱོན་ལ་གསོལ་བ་འདེབས། །བློ་བཟང་འཇམ་དབྱངས་གཞོན་ནུའི་རྗེས་འགྲོ་ཞིང། །ཐུགས་རྗེ་ཆེན་པོས་འགྲོ་ཀུན་སྲིད་ལས་སྒྲོལ། །རྒྱལ་བསྟན་འཛིན་སྐྱོང་སྤེལ་མཛད་དམ་པ་གང། །སྲིད་མཐར་ཞབས་བརྟན་མཛད་ འཕྲིན་རྒྱས་གྱུར་ཅིག་འཆད་རྩོད་རྩོམ་པའི་གསེར་སྦྱངས་འཁོར་ལོ་ཡིས། །བསྟན་འགྲོའི་རི་གླིང་ཡོངས་ལ་དབང་བསྒྱུར་ཅིང། །རླབས་ཆེན་མཛད་པ་བཟང་པོའི་འོད་དཀར་གྱིས། །ཕན་བདེའི་ཀུ་མུད་རབ་ཏུ་བཞད་གྱུར་ཅིག་ལྷག་པའི་ [335A]༄༅། །ལྷ་མཆོག་པདྨ་ཡང་གསང་དང། །གིང་ལྔ་གཟའ་གདོང་བེག་ཙེ་ལྕམ་སྲིང་སོགས། །ཡི་དམ་ཆོས་བསྲུང་ནུས་པའི་བྱིན་རླབས་ཀྱིས། །བདག་སོགས་འདོད་པའི་རེ་བ་སྐོང་གྱུར་ཅིག་ཅེས་བཀའ་དྲིན་གསུམ་ལྡན་རྡོ་རྗེ་ འཆང་བྱམས་པ་སྨོན་ལམ་གྱི་སྤྲུལ་སྐུའི་ཞབས་བརྟན་འཁྲུངས་རབས་བཅས་དོན་ཚར་དགོས་ཞེས་ཀེའུ་ཚང་ནུབ་གནས་བླ་མ་དཀའ་བཅུ་རྒྱ་མཚོ་དབང་ཕྱུག་དང། ཕྱག་མཛོད་བློ་བཟང་དར་རྒྱས་སོགས་འདུས་གྲྭ་ཞབས་གྲས་རྣམས་ནས་བསྐུལ་ངོར་རྨི་ལམ་གྱི་རོལ་པར་གང་ཤར་བཀོད་པ་འདི་ཡང་དམ་ པ་དེ་ཉིད་ཀྱི་སློབ་བུ་་གོང་མའི་ལུང་གིས་ཞྭ་སེར་བསྟན་པའི་གསལ་བྱེད་ཨ་ཆི་ཐུ་ནོ་མོན་ཧན་དུ་འབོད་པས་ལྷ་ལྡན་བཞི་སྡེ་དགའ་ལྡན་བསམ་གཏན་གླིང་དུ་སྦྱར་བའོ།། ༈ །།ཨོཾ་སྭ་སྟི། ཕྱོགས་བཅུའི་རབ་འབྱམས་ཞིང་གི་རྒྱལ་བ་དང། །ཡི་དམ་རྒྱལ་བ་ ཞི་ཁྲོའི་ལྷ་ཚོགས་རྣམས། །འགྱུར་མེད་བདེན་པའི་བྱིན་ཆེན་མཐུ་དཔལ་གྱིས། །བདག་སོགས་རེ་བའི་འབྲས་བུ་འགྲུབ་པར་མཛེད། །མི་བརྗེད་གཟུངས་ཐོབ་ལྡན་མ་རྩེ་མང་དང། །བཀའ་གདམས་བསྟན་པའི་བདག་པོ་འབྲོམ་སྟོན་རྗེ།། སྔ་འགྱུར་བསྟན་འཛིན་ཆོས་དབྱིངས་རང་གྲོལ་སོགས། །གྲངས་མེད་འགྲོ་དོན་མཛད་ལ་གསོལ་བ་འདེབས། །རྒྱལ་བའི་འབྱུང་གནས་ཡེ་ཤེས་སྒྱུ་འཕྲུལ་གར། །ངག་ལ་དབང་འབྱོར་མདོ་སྔགས་དམ་ཆོས་ཀྱི། །གྲུ་ཆར་འབེབས་ མཁས་བཀའ་དྲིན་གསུམ་ལྡན་གྱི། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །བདག་སོགས་གདུལ་བྱས་རྩ་གཅིག་གསལ་བཏབ་མཐུས། །མགོན་ཁྱོད་གང་དུ་མངོན་པར་སངས་རྒྱས་པའི། །འདུས་པ་དང་པོའི་འཁོར་དུ་འགྱུར་ [336B] །བདག་སོགས་སྡིག་སྒྲིབ་དག་པར་བྱིན་གྱིས་རློབས། །མཆོག་གསུམ་ཐུགས་རྗེའི་བྱིན་མཐུ་ཟླ་མེད་ཅིང། །ཆོས་དབྱིངས་ནམ་ཡང་འགྱུར་བ་མི་མངའ་བ། །བདག་སོགས་རྩེ་གཅིག་མོས་པའི་གདུང་ཤུགས་ཀྱིས། །ཇི་ལྟར་སྨོན་པའི་ འདོད་དོན་ལྷུན་འགྲུབ་ཤོག་ཅེས་རིགས་བརྒྱའི་ཁྱབ་བདག་བཀའ་དྲིན་མཚུངས་མེད་བདག་གི་རྩ་བའི་བླ་མ་མཁན་རིན་པོ་ཆེ་ངག་དབང་ཆོས་འབྱོར་དཔལ་བཟང་པོ་ངེས་དོན་དུ་སྐྱེ་འཇིག་མི་མངའ་ཡང། དྲང་དོན་གདུལ་བྱའི་སྣང་ངོར་སྙུན་ཚུལ་སྟོན་སྐབས་ཞབས་བརྟན་བདེན་ཚིག་ཅིག་དགོས་ཞེས་རྭ་སྒྲེང་ རྒྱལ་བའི་དབེན་གནས་ཀྱི་གྲྭ་དམངས་རྣམས་ནས་བསྐུལ་ངོར་བདག་གི་དཔལ་ལྡན་བླ་མ་དམ་པ་འདི་ཉིད་སྔོན་དུས་རྗེ་འབངས་ཉེར་ལྔའི་ནང་ཚན་ལྡན་མ་རྩེ་མང་དང། འབྲོམ་ཆོས་ཀྱི་རྒྱལ་པོ། ཟུར་ཆེན་ཆོས་དབྱིངས་རང་གྲལ་སོགས་ཀྱི་སྤྲུལ་པ་ཡིན་པར་སྔ་མོ་ཞིག་ནས་ངེད་རང་གི་ཉིད་འཁྲུལ་དུ་བྱུང་རུང་སོ་སྐྱའི་ཉིད་ འཁྲུལ་ལ་བདེན་པ་མེད་དམ་སྙམ་སྟེ་སླར་ཡང་ནན་དུ་བརྟག་པ་བགྱིས་པར་ཡིད་མེས་རྙེད་པ་བཅས་རང་གཞན་དད་བའི་གསོས་སུ་འཁྲུངས་རབས་དང་འབྲེལ་བའི་ཞབས་བརྟན་བདེན་ཚིག་ཏུ་རྩོམ་པ། སླར་ཡང་བདག་ཅག་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་སྐབས་ རྗེས་འཛིན་གསོལ་འདེབས་སུ་བསྒྱུར་བ་འདི་ནི་དམ་པ་གང་གི་ཞབས་རྡུལ་སྤྱི་བོས་ལེན་པ་་གོང་མ་ཆེན་པོའི་ལུང་གིས་ཞྭ་སེར་བསྟན་པའི་གསལ་བྱེད་ཨ་ཆི་ཐུ་ནོ་མོན་ཧན་དུ་འབོད་པས་དང་བ་ཆེན་པོས་སྦྱར་བ་ལ་བརྟེན་ནས་དཔལ་ལྡན་བླ་མ་དམ་པས་བདག་སོགས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག། །། ༈ མགོན་པོ་གར་གྱི་དབང་ཕྱུག་ཚེ་མཐའ་ཡས། །བྱིན་རླབས་བུམ་པའི་གཟུགས་ཤར་ཕྱག་སོར་གྱིས། །ལེགས་བཏེག་ཟིལ་དངར་རྒྱུན་གྱིས་ཡིད་ཅན་ཚོགས། །བདུད་བཞིའི་གཡུལ་ལས་རྒྱལ་བའི་བཀའ་དྲིན་སྩོལ་ [337A]༄༅། །ཐུབ་པའི་ལྗགས་བཟང་རིང་པོར་བརྐྱངས་པ་ལས། །རབ་བསྔགས་གཙུག་ཏོར་རྣམ་པར་རྒྱལ་མའི་ལྷ། །ཡིད་བཞིན་འཁོར་ལོ་ཚེ་ཡི་མཆོག་སྦྱིན་ལས། །མ་སྨད་ཐུགས་རྗེའི་འོད་ཀྱིས་གདུང་མུན་སེལ། །རྫོགས་སངས་ རྒྱས་རྣམས་དཔང་པོར་ལེགས་བཞུགས་པར། །ལུང་རྟོགས་ཆོས་ཀྱིས་རྒྱུད་གཏམས་དགེ་འདུན་ཚོགས། །རྩེ་གཅིག་དང་བའི་སྒོ་ནས་ཉེར་གསུངས་པའི། །བདེན་ཚིག་བརྗོད་པ་དོན་དང་ལྡན་གྱུར་ཅིག་ཐུབ་དབང་སྤྱན་སྔར་པདྨའི་ངང་ཚུལ་ ཞབས། །ས་ར་ཧ་དང་གྲུབ་ཆེན་ཀུ་ཀུ་རི། །ཅོག་རོ་ཀླུ་ཡི་རྒྱལ་མཚན་འབྲོམ་ཆོས་སྙིང། །སུམ་པ་བྱང་ཆུབ་འོད་དང་འཆད་ཀ་བ། །དགེ་ལེགས་རྒྱ་མཚོའི་བར་གྱི་སྐྱས་པའི་རབས། །འཕྲེང་བ་མཚར་དུ་དངར་ལ་གསོལ་བ་འདེབས། ། ངག་དབང་འཇམ་དཔལ་དགེ་ལེགས་རྒྱ་མཚོའི་དཔལ། །བསྟན་འགྲོའི་དོན་དུ་བློ་བཟང་ངག་གི་དབང། །དགེ་ལེགས་རྒྱལ་མཚན་འཛིན་པའི་དཔལ་ཡོན་ཅན། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཡིད་སྲུབས་དཔུང་ ལ་འཇིགས་མེད་སྙིང་སྟོབས་གོ་ཆ་གང་རི་བོང་འཛིན་ལྟར་ཐུབ་བའི་བསྟན། །སྤེལ་པར་རྣམ་དཔྱོད་ལང་ཚོ་དར་བའི་སྡེ། །གཡུང་དྲུང་ལྟ་བུར་ནམ་ཡང་འགྱུར་མེད་ཤོག་སེང་གེས་ཡོངས་བཏེག་རྡོ་རྗེས་མཚན་པའི་ཁྲིར། །མི་ཤིགས་ སྐྱིལ་མོ་ཀྲུང་བཅས་ཞབས་སེན་ཟླ། །མཐའ་ཡས་ཡིད་ཅན་མགྲིན་སྔོན་རལ་པའི་རྩེར། །བསྐལ་པར་མི་ནུབ་མཛེས་པའི་རྒྱན་འགྱུར་ཤོག་བདག་སོགས་འགྲོ་ཀུན་སྐྱེ་བ་ཐམས་ཅད་དུ། །མགོན་པོ་ཁྱོད་ཀྱིས་འབྲལ་མེད་རྗེས་བཟུང་ [338B] །སྐུ་གསུང་ཐུགས་ཀྱི་གསང་བ་ཀུན་འཛིན་པའི། །སྲས་ཀྱི་ཐུ་བོར་འགྱུར་བར་བྱིན་གྱིས་རློབས། །རྩེ་མོའི་བགྲང་བྱར་བརླམས་པའི་ལྷ་མིའི་གདོན། །བདུད་དགྲའི་དབང་པོ་དཔལ་ལྡན་མ་ཧེའི་ཞལ། །ལས་ཀྱི་གཤིན་རྗེ་དྲེགས་པ་ ས་བརྒྱད་པས། །ཚར་བཅད་དམིགས་མེད་དབྱིངས་སུ་གཞིལ་བར་མཛོད། །དོན་དམ་སྤྲོས་དང་བྲལ་ཡང་ཀུན་རྫོབ་ཀྱི། །སྣང་བ་མི་འགོག་ཐབས་ཤེས་ཟུང་འཇུག་པ། །བསླུ་མེད་རྒྱུ་འབྲས་རྟེན་ཅིང་འབྲེལ་འབྱུང་མཐུས། །འདོད་པའི་ དོན་ཀུན་ལྷུན་འགྲུབ་བཀྲ་ཤིས་ཤོག་ཅེས་བསྟན་པའི་གསལ་བྱེད་སྒྲུབ་ཁང་སྤྲུལ་སྐུ་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་འཁྲུངས་རབས་རྗེས་འཛིན་དང་བཅས་པ་འདི་ལྟ་བུ་ཞིག་དགོས་ཞེས་བྲག་ཤར་དགེ་སློང་ཡེ་ཤེས་བསྟན་འཛིན་དང། དགེ་སློང་བྱམས་པ་དོན་གྲུབ་ ཆོས་མཛད་བློ་བཟང་རྡོ་རྗེ་རྣམས་ནས་ལྷ་རྫས། རིན་གཉིས་སྲང་འཁོར་ལྔའི་རྟེན་དང་བཅས་ཏེ་བསྐུལ་བའི་ངོར། བླ་མ་གོང་མའི་ཞལ་ལས་ཐོས་པ་དང། ངེད་རང་གི་སྨི་ལམ་དུ་ཤར་བ་བཅས་དོན་བསྡུས་སུ་་གོང་མའི་ལུང་གིས་ཞྭ་སེར་བསྟན་པའི་གསལ་བྱེད་ཨ་ཆི་ཐུ་ནོ་མོན་ཧན་དུ་འབོད་པས་རྭ་སྒྲེང་ རྒྱལ་བའི་དབེན་གནས་ཀྱི་གཟིམས་ཆུང་ཟུང་འཇུག་བདེ་བ་ཆེན་པོའི་ཕོ་བྲང་དུ་སྦྱར་བའོ།། ༈ །།སྭ་སྟི། ངེས་ལེགས་འབྲས་བུ་མཆོག་སྩོལ་བླ་མ་ལྷ། །འགོག་ལམ་དབྱེར་མེད་ཞི་གྱུར་དམ་པའི་ཆོས། །རིག་གྲོལ་གཉིས་ལྡན་འཕགས་ཚོགས་ དགེ་འདུན་ཏེ། །སྐྱབས་མཆོག་རིན་ཆེན་གསུམ་གྱིས་ཤིས་པ་སྩོལ། །ཤེས་རབ་བསོད་ནམས་ཟུང་འཇུག་འཁོར་ལོ་ཡིས། །བསྟན་འགྲོའི་རི་གླིང་ཀུན་ལ་དབང་སྒྱུར་བའི། །ཡོན་ཏན་བདུན་ལྡན་ཐེག་མཆོག་འཁོར་བསྒྱུར་དབང།། [339A]༄༅། །བགྲང་རིང་བསྐལ་བའི་བར་དུ་ཞབས་བརྟན་ཤོག་ཐེག་མཆོག་ལམ་གྱི་རྩ་བ་དགེ་བའི་བཤེས། །ཚུལ་བཞིན་བསྟེན་པས་རྣམ་དཀར་དགེ་འབྲས་མཐུ། །དལ་འབྱོར་གྲུབ་ཆེན་མི་རྟག་ལས་རླུང་གིས། །འཇིགས་རུང་ ངན་སོང་གནས་ལས་བསྒྲལ་དུ་གསོལ། །མྱང་འདས་ཐར་པའི་སྐམ་སར་ཕྱིན་པའི་ཐབས། །རྣམ་དག་བསླབ་པ་གསུམ་གྱི་བཅས་མཚམས་ཀུན། །ངེས་འབྱུང་བསམ་པས་ཚུལ་བཞིན་ལེགས་བསླབས་ཏེ། །འཁོར་བ་སྐུག་ བསྔལ་གནས་ལས་ཐར་བྱིན་རློབས། །མཁའ་མཉམ་འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །ཕྱིན་དྲུག་བསྡུ་བཞི་རིམ་གཉིས་ཉམས་ལེན་གྱིས། །སྒྲིབ་གཉིས་དགྲ་ལས་རྣམ་པར་རྒྱལ་གྱུར་ཏེ། །རྣམ་པ་ཐམས་ཅད་མཁྱེན་པའི་ ས་ཐོབ་ཤོག་ཅེས་འོར་དུ་སུ་ཨུ་ཤིན་དགོན་སྡེ་ཐེག་ཆེན་དགའ་ཚལ་གླིང་གི་ཚོགས་ཆེན་ཁྲི་པ་བླ་མ་ཆོས་རྗེ་ཤེས་རབ་ཡོན་ཏན་གྱི་ཞབས་བརྟན་གསོལ་འདེབས་འདི་ལྟ་བུ་ཞིག་དགོས་ཞེས་ཆོས་རྗེ་རབ་འབྱམས་པ་བློ་བཟང་ཤེས་རབ་ཀྱིས་བསྐུལ་ངོར་་གོང་མ་ཆེན་པོའི་ལུང་གིས་ ཞྭ་སེར་བསྟན་པའི་གསལ་བྱེད་ཨ་ཆེ་ཐུ་ནོ་མོན་ཧན་དུ་འབོད་པས་སྦྱར།། ༈ །།སྤྲོས་པ་ཀུན་བྲལ་ཆོས་དབྱིངས་བདེ་བ་ཆེ། །ཟུང་འཇུག་སྐུར་ཤེས་བ་ཚེ་མཐའ་ཡས། །གཏུམ་དྲག་ཁྲོ་བོའི་རྒྱལ་པོ་རྟ་མཆོག་དཔལ། །དད་ལྡན་ གདུལ་བྱའི་རེ་སྨོན་འགྲུབ་བྱིན་རློབས། །འཕགས་མཆོག་རྣམ་པ་ཐམས་ཅད་མཁྱེན་པའི་གར། །དགེ་ལེགས་རྒྱ་མཚོའི་འབྱུང་གནས་བསམ་འཕེལ་དབང། །མདོ་སྔགས་བསྟན་པའི་རྒྱལ་མཚན་འཛིན་མཁས་པ། །རྗེ་བཙུན་བླ་ [340B]བདག་སོགས་འགྲོ་ཀུན་སྐྱེ་བ་ཐམས་ཅད་དུ། །ཐེག་མཆོག་དམ་པའི་མགོན་དང་མི་འབྲལ་ཞིང། །མཐའ་ཡས་རྒྱལ་པའི་ཆོས་ཚུལ་ཀུན་བཟུང་ནས། །བསྟན་དང་འགྲོ་བའི་དཔལ་དུ་འགྱུར་བར་ཤོག་ མཐར་ཐུག་ངེས་པ་དོན་གྱི་བླ་མ་མཆོག་རང་རིག་གདོད་མའི་མགོན་པོ་སྤྲོས་ཀུན་བྲལ། །སྣ་ཚོགས་ཚོན་དང་ཉེ་བའི་ཤེས་ཁམས་བཞིན། །ཅིར་ཡང་འཆར་བའི་དགའ་སྟོན་དངོས་གྲུབ་སྩོལ། །མཆོག་གསུམ་རྒྱལ་བ་རྒྱ་མཚོའི་བྱིན་མཐུ་ དང། དབང་ཆེན་ཡང་གསང་ལྷ་ཡི་ནུས་པའི་མཐུ། །བདག་སོགས་གདུལ་བྱས་གསོལ་བཏབ་བདེན་པའི་འབྲས། །ཇི་ལྟར་སྨོན་པའི་རེ་འབྲས་མྱུར་འགྲུབ་ཤོག་ཅེས་མདོ་སྔགས་གཞུང་ལུགས་ཀུན་ལ་མཁྱེན་པའི་དཀྱིལ་འཁོར་རྒྱས་ཤིང། ཐུབ་གསུང་ མདོ་སྔགས་གསར་རྙིང་གདམས་པའི་གཏེར་ཆེན་པོ་ངེས་པ་དོན་གྱི་མཁས་གྲུབ་བཞི་བཟང་འཕགས་པ་དགེ་ལེགས་རྒྱལ་མཚན་དཔལ་བཟང་པོའི་ཞབས་བརྟན་སྨོད་ཚིག་འདི་ལྟ་བུ་ཞིག་དགོས་ཞེས་གང་གི་ཞབས་གྲས་གཉེར་པ་ངག་དབང་ཆོས་འབྱོར་ནས་བསྐུལ་ངོར་་གོང་མ་ཆེན་པོའི་ལུང་གིས་ཞྭ་སེར་ བསྟན་པའི་གསལ་བྱེད་ཨ་ཆི་ཐུ་ནོ་མོན་ཧན་དུ་འབོད་པ་ཤཱཀྱའི་དགེ་སློང་རིག་པ་འཛིན་པ་བློ་བཟང་ཡེ་ཤེས་བསྟན་པ་རབ་རྒྱས་ཀྱིས་དང་བ་ཆེན་པོས་སྦྱར་བའོ།། ༈ །།བསྐལ་བཟང་རྣམ་འདྲེན་བཞི་བའི་ལུང་རྟོགས་བསྟན། །སྤེལ་མཛད་གདུལ་བྱའི་རེ་སྐོང་ བཀྲ་ཤིས་མཚན། །གང་དེར་རྩེ་གཅིག་མོས་པས་གསོལ་འདེབས་ན། །རེ་བ་དོན་དང་ལྡན་པའི་དངོས་གྲུབ་སྩོལ། །སྐྱེ་བར་མ་རིག་མཐུག་པོའི་ལིང་ཏོག་གིས། །བླང་དང་དོར་བྱར་བལྟ་བའི་མིག་མདོངས་འདག་ཉོན་མོངས་དབང་གྱུར་ [341A]༄༅། །མགོན་ཁྱོད་ལ་བརྟེན་པའི། །ཉེས་ཚོགས་མཐའ་དག་སྙིང་ནས་བཤགས་ལགས་ན། །མཆོག་གསུམ་ཐུགས་རྗེ་བསླུ་བ་མི་མངའ་ཞིང། །ཆོས་ཅན་རྒྱུ་འབྲས་སྣང་བ་འགག་མེད་དུ། །ཤར་བའི་མཐུ་ལས་སྡིག་ ལྟུང་དེ་འབྲས་ཀུན། །སངས་ཏེ་དོན་གཉིས་ཉི་མ་ཡོངས་གསལ་ཤོག་མགོན་ཁྱོད་ངེས་དོན་རྡོ་རྗེའི་སྐུ་བརྙེས་ཀྱང། །དྲང་དོན་སྣང་ངོར་ཤར་བའི་མཚན་དཔེའི་གར། །རྟག་བརྟན་གཞོམ་ཞིག་དང་བྲལ་བརྟན་བཞུགས་ནས། །བསྟན་དང་ གདུལ་བྱའི་དཔལ་དུ་འགྱུར་བར་ཤོག་ཅེས་པ་འདི་ནི་འུར་དུ་སུ་རཏྣ་སིདྡྷི་ནས་ཁོ་རང་གི་རྩ་བའི་བླ་མ་བསྐལ་བཟང་བཀྲ་ཤིས་ཞེས་པའི་སྐུ་གསུང་ཐུགས་དང་འགལ་བའི་ནོངས་པ་བཤགས་ཤིང་ཞབས་པད་བརྟན་པའི་སྨོན་ཚིག་གསོལ་འདེབས་ཤིག་དགོས་ཞེས་བསྐུལ་བའི་ངོར་ གོང་མ་ཆེན་པོའི་ལུང་གིས་ཞྭ་སེར་བསྟན་པའི་གསལ་བྱེད་ཨ་ཆི་ཐུ་ནོ་མོན་ཧན་དུ་འབོད་པས་སྦྱར།། ༈ །།ཨོཾ་སསྟི། ཡེ་ཤེས་ལྔ་ལྡན་སྐུ་བཞིའི་བདག་ཉིད་ཆེ། །བསྟན་པའི་རྒྱལ་མཚན་ཕྱོགས་བརྒྱར་སྤེལ་མཁས་པ། །སྙིང་སྟོབས་གོ་ ཆ་རབ་བརྟན་དྲིན་ཅན་རྗེ། །ཟླ་མེད་བླ་མ་མཆོག་གང་རྟག་བརྟན་ཤོག་མགོན་ཁྱོད་སྔོན་ཚེ་དམ་བཅའ་མཛད་པ་བཞིན། །མ་རིག་ཉོན་མོངས་ལིང་ཐོག་གིས་ལྡོངས་པའི། །འགྲོ་འདིའི་མཆོག་དམན་ཁམས་དང་བསམ་པ་བཞིན། །ཟབ་རྒྱས་ ཆོས་འཁོར་བསྐོར་ཞིང་རྟག་བཞུགས་གསོལ། །ཁྱད་པར་སྙིགས་མ་ལྔ་བདོའི་དུས་ངན་འདིར། །ཆོས་བྱེད་གཟུགས་བརྙན་ལྟར་གྱུར་ནག་ཕྱོགས་འཕེལ། །སྤྱི་སྒོས་བསྟན་པ་འགྲིབ་ལ་ཉེ་བའི་དུས། །ཐུགས་དཔུང་ [342B] །དེ་ལྟར་གསོལ་བཏབ་བདག་གཞན་འགྲོ་བ་ཀུན། །སྐྱེ་བ་ཀུན་ཏུ་གསུམ་ལྡན་རྡོ་རྗེ་འཛིན། །ངུར་སྨིག་གར་རོལ་ཉིད་ཀྱིས་རྗེས་བཟུང་སྟེ། །ཚངས་སྤྱོད་རྣམ་པར་དག་པའི་རྟེན་ཐོབ་ཤོག་སྐྱེས་ ཙམ་ཉིད་ནས་བླ་མ་ལྷ་ཚོགས་ཀྱིས། །རྗེས་བཟུང་སྲིད་པའི་རོ་ལ་མ་ཆགས་བར། །མཁའ་ཁྱབ་སེམས་ཅན་ཐམས་ཅད་བསྒྲལ་དོན་དུ། །ཐུན་མོང་ལམ་གྱི་རིམ་པ་མཐར་ཕྱིན་ཤོག་དེ་ལྟར་ཐུན་མོང་ལམ་གྱིས་རྒྱུད་སྦྱངས་ནས། །མྱུར་ལམ་ རྡོ་རྗེ་ཐེག་པའི་སྒོར་ཞུགས་ཏེ། །རྣམ་དག་དབང་ཐོབ་དམ་ཚིག་སྡོམ་པ་ཀུན། །ལེགས་བསྲུངས་རིམ་གཉིས་རྣལ་འབྱོར་མཐར་ཕྱིན་ཤོག་ཅེས་པ་འདི་ཡང་ཁལ་ཁ་གཡོན་རུའི་ཆ་ཆེན་ཝང་གི་བླ་མ་ཨེ་རྟེ་རི་ཡི་ལ་གོ་ཡན་ཧུ་ཐོག་ཐུའི་ཞབས་བྲིས་དད་པའི་རོལ་མཚོ་རྒྱས་ པ་དབུ་མཛད་གྲགས་པ་དང། གཉེན་གྲུབ་གཉིས་ཀྱིས་བསྐུལ་ངོར་ཞྭ་སེར་བསྟན་པའི་གསལ་བྱེད་ཨ་ཆི་ཐུ་ནོ་མོན་ཧན་བློ་བཟང་ཡེ་ཤེས་བསྟན་པ་རབ་རྒྱས་ཀྱིས་མེ་སྤྲེ་ཟླ་ཚེས་ལ་སེ་ར་ཐེག་པ་ཆེན་པོའི་གླིང་དུ་བྲིས་པ་ཛ་ཡནྟུ།། ༈ །།ཨོཾ་སསྟི། པད་དཀར་འཆང་བའི་ཡེ་ཤེས་སྒྱུ་ འཕྲུལ་གར། །བློ་བཟང་རིང་ལུགས་ཀུནྡའི་གཉེན་གཅིག་པུ། །རིགས་བརྒྱའི་ཁྱབ་བདག་གསུམ་ལྡན་རྡོ་རྗེ་འཆང། །འཇམ་དཔལ་རྒྱ་མཚོ་བསྐལ་བརྒྱར་ཞབས་བརྟན་ཤོག་མགོན་པོ་སྤྱན་རས་གཟིགས་དབང་ཐུགས་རྗེ་ཅན། །བདག་ དང་མཁའ་མཉམ་མར་གྱུར་སེམས་ཅན་རྣམས། །མྱུར་དུ་འཁོར་བའི་མཚོ་ལས་བསྒྲལ་ནས་ཀྱང། །འབྲལ་མེད་རྗེས་སུ་འཛིན་པ་ཉིད་གྱུར་ཅིག་དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །མགོན་པོ་ཁྱོད་ཀྱིས་ཐུགས་རྗེས་རྗེས་བཟུང་ [343A]༄༅། །ཞིང། །ཞྭ་སེར་བསྟན་པ་ཡུན་རིང་གནས་པ་དང། །འགྲོ་ཀུན་བདེ་སྐྱིད་དཔལ་ལ་སྤྱོད་པར་ཤོག། ༈ །།བསླུ་མེད་བླ་མ་མཆོག་གསུམ་ཡི་དམ་ལྷ། །འཆི་མེད་མཆོག་སྩོལ་མགོན་པོ་ཚེ་མཐའ་ ཡས། །བདེན་ཚིག་གྲུབ་པའི་དྲང་སྲོང་ཚོགས་རྣམས་ཀྱིས། །དཔལ་ལྡན་བླ་མའི་སྐུ་ཚེ་བསྐལ་བརྒྱར་སྤེལ། །སྔོན་གོམས་ལེགས་བྱས་བསོད་ནམས་དར་དྲག་ཅིང། །ལུང་རྟོགས་ཡོན་ཏན་འདབ་མ་གཡུར་ཟ་བ། །གཞན་ཕན་ འབྲས་བུས་དུད་པའི་མཁས་གྲུབ་མཆོག་དད་ལྡན་གདུལ་བྱའི་རེ་སྐོང་ཞབས་བརྟན་ཤོག་ཆོས་དབྱིངས་ནམ་ཡང་འགྱུར་བ་མི་མངའ་ཞིང། །ཀུན་རྫོབ་རྐྱེན་གྱིས་སྣ་ཚོགས་འཆར་བའི་མཐུས། །དད་ལྡན་གདུལ་བྱའི་ཡིད་ལ་སྨོན་ པའི་དོན། །རེ་བ་ཇི་བཞིན་འགྲུབ་པའི་བཀྲ་ཤིས་སྩོལ། །ཞེས་པ་འདི་ནི་འབྲས་ཧ་གདོང་རབ་འབྱམས་པ་བསོད་ནམས་དར་རྒྱས་ནས་ཁོ་རང་གི་བླ་མའི་ཞབས་བརྟན་གསོལ་འདེབས་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་ངོར་གོང་མ་ཆེན་པོའི་ལུང་གིས་ཞྭ་སེར་བསྟན་པའི་གསལ་བྱེད་རྭ་སྒྲེང་ ཨ་ཆི་ཐུ་ནོ་མོན་ཧེན་དུ་འབོབ་པས་སྦྱར།། ༈ །།སསྟི། འཆི་མེད་དཔལ་སྟེར་མགོན་པོ་ཆེ་མཐའ་ཡས། །ཡིད་བཞིན་འཁོར་ལོ་གཙུག་ཏོར་གདུགས་དཀར་སོགས། །ལྷ་དང་དྲང་སྲོང་རིག་པ་འཛིན་པ་ཀུན། །དེང་འདིར་ དགེ་ལགས་མཆོག་སྦྱིན་ཤིས་པ་སྩོལ། །བློ་ཆེན་ཡེ་ཤེས་དཀྱིལ་འཁོར་ཡངས་པ་ལ། །མདོ་སྔཌ་གཞུང་བརྒྱའི་བསྟན་པའི་སྣང་བྱེད་མཆོག་གདུལ་བྱའི་ཀུ་མུད་རབ་ཏུ་རྒྱས་མཛད་པའི། །དཔལ་ལྡན་བླ་མ་དམ་པ་ [344B]བདག་སོགས་སྐྱེ་ཀུན་ཚངས་སྤྱོད་རྟེན་ཐོབ་སྟེ། །དཔལ་ལྡན་བླ་མ་དམ་པས་རྗེས་བཟུང་ཞིང། །རིམ་གཉིས་མཐར་སོན་ཁ་སྦྱོར་བདུན་ལྡན་གྱི། །གོ་འཕང་ཐོབ་ནས་འགྲོ་ཀུན་སྒྲོལ་བྱེད་ཤོག་ཅེས་པ་འདི་ཡང་ འབྲས་བདེ་ཡངས་གྲྭ་རིགས་རབ་འབྱམས་པ་བློ་བཟང་བརྩོན་འགྲུས་ནས་བསྐུལ་བའི་ངོར་ཤཱཀྱའི་དགེ་སློང་རིག་པ་འཛིན་པ་བློ་བཟང་ཡེ་ཤེས་བསྟན་པ་རབ་རྒྱས་ཀྱིས་སྦྱར་བའོ།། ༈ །།སསྟི། ལྷ་མིའི་སྟོན་པ་ཟླ་མེད་ཤཱཀྱའི་རྒྱལ། །ཚེ་སྦྱིན་ཡིད་བཞིན་འཁོར་ ལོ་ལྷག་པའི་ལྷ། །འཆི་མེད་དཔལ་སྟེར་རྣམ་རྒྱལ་ལྷ་མོ་སོགས། །ཡི་དམ་ལྷ་ཚོགས་རྣམས་ཀྱིས་ཤིས་པ་སྩོལ། །དཔག་ཡས་ཚོགས་གཉིས་ཟླ་བའི་མ་ཆ་ལས། །ཉེར་བསྐྱེད་ཡེ་ཤེས་ཆ་ཤས་ཡོང་གང་བའི། །དགེ་ལེགས་ ཀུནྡ་འཛུམ་པའི་སྙན་གྲགས་ཀྱིས། །དད་ལྡན་འགྲོ་བའི་ཡིད་གསོས་ཞབས་བརྟན་ཤོག་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་བྱིན་རླབས་དང། །མཐུ་ལྡན་གྲི་གུག་དམར་ནག་ནུས་མཐུ་ཡིས། །མཆོག་སྤྲུལ་དམ་པ་བསྐལ་བརྒྱར་ ཞབས་བརྟན་ཅིང། །དད་ལྡན་འགྲོ་བའི་རེ་བ་སྐོང་གྱུར་ཅིག་ཅེས་ཡོངས་ཀྱི་དགེ་བའི་བཤེས་གཉེན་བློ་བཟང་བརྩོན་འགྲུས་པའི་སྤྲུལ་སྐུ་དག་བཤེས་སྙན་གྲགས་ཀྱི་ཞབས་བརྟན་འདི་ནི་དམ་པ་གང་གི་ཞབས་འབྲིང་བ་བློ་བཟང་རིན་ཆེན་ནས་དགོས་ཞེས་བསྐུལ་ངོར་གོང་མའི་ ལུང་གིས་ཞྭ་སེར་བསྟན་པའི་གསལ་བྱེད་ཨ་ཆི་ཐུ་ནོ་མོན་ཧན་དུ་འབོད་པས་སྒྲུབ་གནས་ཀུན་གྱི་རྒྱལ་པོ་ཕ་བོང་ཁར་སྦྱར་བའོ།། ༈ །།སསྟི། ལྔ་ལྡན་ལོངས་སྤྱོད་རྫོགས་སྐུ་ཚེ་མཐའ་ཡས། །ལྷག་པའི་ལྷ་མཆོག་ཨརྱ་ཏཱ་རེ་དང། །འཆི་ [345A]༄༅། །མེད་དཔལ་སྟེར་ལྷ་མོ་རྣམ་རྒྱལ་མས། །འཛད་མེད་ཚེ་ཡི་དངོས་གྲུབ་ཆར་དུ་སྙིལ། །བློ་བཟང་མཁྱེན་རབ་འཇམ་དབྱངས་གཞོན་ནུ་ཡི། །རྗེས་འགྲོ་ཡེ་ཤེས་འོད་སྣང་སྟོང་འབར་བའི། །རྒྱ་མཚོའི་ མཐའ་ཀླས་འགྲོ་རྣམས་ཚིམ་མཛད་པའི། །རྗེ་བཙུན་བླ་མ་བསྐལ་བརྒྱར་ཞབས་བརྟན་ཤོག་ཆོས་དབྱིངས་རྣམ་པར་དག་པའི་བདེན་པ་དང། །མཐུ་ལྡན་ཆོས་སྐྱོང་བསྲུང་མའི་འཕྲིན་ལས་དང། །དད་ལྡན་རྩེ་གཅིག་མོས་པའི་ གསོལ་བཏབ་མཐུས། །ཇི་ལྟར་སྨོན་པའི་དོན་ཀུན་མྱུར་འགྲུབ་ཤོག་ཅེས་བསྟན་པའི་གསལ་བྱེད་དཾ་པ་ཨརྒྱ་ཧོ་ཐོག་ཐུ་བློ་བཟང་འཇམ་དབྱངས་རྒྱ་མཚོའི་བརྟན་བཞུགས་འདི་ལྟ་བུ་ཞིག་དགོས་ཞེས་གང་གི་སློབ་བུ་དགེ་སློང་ངག་དབང་ཕུན་ཚོགས་ནས་བསྐུལ་བའི་ ངོར་གོང་མ་ཆེན་པོའི་ལུང་གིས་ཞྭ་སེར་བསྟན་པའི་གསལ་བྱེད་ཨ་ཆི་ཐུ་ནོ་མོན་ཧན་གྱིས་དང་བ་ཆེན་པོས་སྦྱར་བའོ།། ༈ །།ཨོཾ་སསྟི། དགེ་ལེགས་བྱེ་བའི་གཏེར་གྱུར་ཤཱཀྱའི་ཏོག་མཁྱེན་རབ་དབང་ཕྱུག་མགོན་པོ་འཇམ་དཔལ་ དབྱངས། །རྒྱལ་ཀུན་སྤྱི་གཟུགས་མཉམ་མེད་ཙོང་ཁ་པ། །དབྱེར་མེད་སྐྱབས་སུ་བསྟེན་ནོ་ཤིས་པ་སྩོལ། །གྲུབ་འཛིན་བདག་པོ་འཇམ་དཔལ་རྒྱ་མཚོའི་དཔལ། །ཚེ་མཐའ་ཡས་དངོས་དཔལ་ལྡན་ཡེ་ཤེས་ཞབས། །བློ་བཟང་ བསྟན་པ་རབ་ཏུ་རྒྱས་མཛད་དང། །བློ་བཟང་བྱམས་པའི་དཔལ་གྱུར་ཞབས་བརྟན་ཤོག་བདག་ཅག་རྣམས་ཀྱིས་བགྱིས་དང་བགྱིད་འགྱུར་བའི། །ཆེས་དཀར་ལྷག་བསམ་རྣམ་དག་ཅི་མཆིས་རྣམས། །གཅིག་ཏུ་བསྡུས་པའི་ [346B] །སྐྱེ་ཀུན་ཚངས་སྤྱོད་ལྡན་པའི་རྟེན་ཐོབ་ཅིང། །རྒྱལ་བ་ཀུན་དངོས་བཤེས་གཉེན་དམ་པ་རྣམས། །མི་མཉེས་སྐད་ཅིག་ཙམ་ཡང་མི་བྱེད་ཅིང། །ཐུགས་ཀྱི་གསང་བ་ཀུན་གྱི་མཛོད་འཛིན་པའི། །སྲས་ ཀྱི་ཐུ་བོར་འགྱུར་བར་བྱིན་གྱིས་རློབས། །ཁྱད་པར་སྙིང་རྗེའི་རང་གཟུགས་པད་དཀར་འཆང། །མ་རུངས་འདུལ་ཕྱིར་གཏུམ་དྲག་ཁྲོ་བོའི་སྐུར། །སྟོན་མཛད་ཡེ་ཤེས་མགོན་པོ་ཕྱག་དྲུག་པ། །དགེ་སྡིག་ཤན་འབྱེད་དམ་ཅན་གཤིན་རྗེའི་ རྒྱལ། །འདོད་ཁམས་དཔང་ཕྱུག་དམག་ཟོར་རྒྱལ་མོ་སོགས། །མཐུ་ལྡན་རྒྱལ་བའི་བསྟན་བསྲུང་མ་ལུས་པས། །རྡོ་རྗེ་འཆང་གི་སྤྱན་སྔར་ཞལ་བཞེས་བཞིན། །བསྟན་དང་བསྟན་འཛིན་སྤྱི་དང་ཁྱད་པར་དུ། །ཐུབ་བསྟན་རིང་ལུགས་ འཛིན་པའི་འདུས་སྡེ་འདིར། །མི་དང་མི་མིན་བསམ་སྦྱོར་གནག་པའི་འབྲས། །རྦོད་གཏོང་བྱད་སྟེམས་རྒྱལ་གདོན་གནོད་པ་སོགས། །ཕྱིར་བཟློག་ཉེ་བར་ཞི་ཞིང་དགེ་འདུན་སྡེ། །ཐུགས་མཐུན་ཁྲིམས་གཙང་བཤད་སྒྲུབ་འཕེལ་བ་སོགས། ། བསྲུང་སྐྱོབ་སྦ་བའི་འཕྲིན་ལས་མི་གཡེལ་ཞིང། །དུས་ཀུན་ཕན་དང་བདེ་བའི་བཀྲ་ཤིས་ཆེ། །དབྱར་སྐྱེས་ཉལ་འགྲོའི་རྒྱུན་བཞིན་རྒྱས་གྱུར་ཅིག་ཅེས་པ་འདི་ཡང་ཁམས་ར་འབུར་དགོན་གྱི་འདུས་སྤྱིས་བསྐུལ་ངོར་གོང་མའི་ལུང་གིས་ཞྭ་སེར་བསྟན་ པའི་གསལ་བྱེད་ཨ་ཆི་ཐུ་ནོ་མོན་ཧན་དུ་འབོད་པ་ཤཱཀྱའི་དགེ་སློང་བློ་བཟང་ཡེ་ཤེས་བསྟན་པ་རབ་རྒྱས་ཀྱིས་སྦྱར་བའི་ཡི་གེ་བ་ནི་བླ་མ་ཆོས་གྲགས་སོ།། ༈ །།ཨོཾ་སསྟི། འོད་མཚན་སྟོང་འབར་དཔག་མེད་ཚེ་ཡི་ལྷ། །ཡིད་བཞིན་འཁོར་ལ་རྣམ་པར་ [347A]༄༅། །རྒྱལ་མ་སོགས། །འཆི་མེད་ཚེ་ལ་དབང་བའི་ལྷ་ཚོགས་ཀྱིས། །མི་ཤིགས་རྡོ་རྗེ་ཚེ་ཡི་བྱིན་ཆེན་ཕོབ། །ཚོགས་གཉིས་རྒྱ་མཚོ་ཆེ་ལས་ཉེར་འཐོན་ཞིང། །སྐལ་བཟང་རྒྱུ་སྐར་ཁྲོད་ན་མངོན་པར་མཐོ། །རྣམ་འདྲེན་ རྒྱལ་བའི་རིང་ལུགས་ཀུནྡའི་གཉེན། །རྗེ་བཙུན་མཚན་མོའི་མགོན་པོར་གསོལ་བ་འདེབས། །ཐུབ་གཞུང་སྤྱི་དང་རྒྱལ་བ་གཉིས་པ་ཡི། །ལེགས་བཤད་བདུད་རྩིའི་ཆོས་ཆར་འབེབས་མཁས་པ། །སྙིགས་དུས་འགྲོ་བའི་མགོན་ཁྱོད་ སྲིད་མཐའི་བར། །ཞབས་ཟུང་རྡོ་རྗེའི་ཁམས་ལྟར་བརྟན་གྱུར་ཅིག་དད་ལྡན་འགྲོ་ཀུན་བྱང་ཆེན་མ་ཐོབ་པར། །རྗེ་བཙུན་བླ་མས་མཉེས་བཞིན་རྗེས་བཟུང་སྟེ། །གསུང་གི་བདུད་རྩིས་ངོམས་མེད་འཚོ་བ་དང། །ལམ་བཟང་སྒྲུབ་ལ་ བརྩོན་པ་ལྷུར་བྱེད་ཤོག་དེ་ལྟར་གསོལ་བཏབ་རྣམ་དཀར་ཕུང་པོའི་མཐུས། །རྒྱལ་བསྟན་སྤྱི་དང་ཁྱད་པར་བློ་བཟང་བསྟན། །ནག་ཕྱོགས་བདུད་སྡེའི་ཉེར་འཚེས་མི་རྫི་ཞིང། །ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་གྱུར་ཅིག་བསྟན་ འཛིན་དགེ་འདུན་ཚོགས་རྣམས་བཤད་སྒྲུབ་འཕེལ། །ཐུགས་མཐུན་འཁོར་ལོ་གསུམ་གྱི་བྱ་བ་རྒྱས། །ཆོས་སྤྱོད་རྣམ་བཅུའི་གསེར་སྦྱངས་འཁོར་ལོ་ཡིས། །སྒྲིབ་གཉིས་དགྲ་ལས་རྣམ་པར་རྒྱལ་གྱུར་ཅིག་ཡུལ་ཕྱོགས་ འདིས་མཚོན་མཐའ་དབུས་ཐམས་ཅད་དུ། །མི་མཐུན་རྒུད་པའི་སྨག་རུམ་ཉེར་སངས་ཏེ། །བཀྲ་ཤིས་དགེ་མཚན་ཉི་མ་སྟོང་འབར་བས། །བདེ་སྐྱིད་པདྨོ་བཞད་པའི་དགའ་སྟོན་སྩོལ། །མཆོག་གསུམ་བྱིན་རླབས་ཐུགས་ [348B] །དད་ལྡན་གསོལ་འདེབས་དབྱུག་གུས་བསྐུལ་བ་ལས། །དོན་གཉིས་འགྲུབ་པའི་སྒྲ་དབྱངས་སྙན་པོ་ཡིས། །མཆོག་དུས་ཀུན་ཏུ་བདེ་ལེགས་འབར་གྱུར་ཅིག་ཅེས་པ་འདི་ནི་སེར་བྱེས་ཏྲེའོ་ཁམས་ཚན་བགྲེས་གཞོན་རྣམས་ནས་ ཕམ་བྲག་སྤྲུལ་སྐུ་བསྐལ་བཟང་རྣམ་རྒྱལ་གྱི་ཞབས་བརྟན་གསོལ་འདེབས་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་ངོར་གོང་མའི་ལུང་གིས་ཞྭ་སེར་བསྟན་པའི་གསལ་བྱེད་རྭ་སྒྲེང་ཨ་ཆི་ཐུ་ནོ་མོན་ཧན་གྱིས་སྦྱར།། ༈ །།རྒྱལ་བ་རྒྱ་མཚོའི་ཐུགས་རྗེ་ཡེ་ཤེས་སྐུ། །མཐའ་ ཡས་གདུལ་བྱའི་བློ་ངོར་ཐ་མལ་གར། །སྒྱུར་མཛད་འཁོར་ལོའི་མགོན་པོ་རྡོ་རྗེ་འཆང། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཤཱཀྱའི་སྲས་གྱུར་འཕགས་པ་གསེར་བེའུ། །གྲུབ་པའི་དབང་ཕྱུག་དམ་པ་སངས་རྒྱས་དང། ། ས་སྐྱའི་བསྟན་འཛིན་མཁྱེན་བརྩེའི་དབང་ཕྱུག་སོགས། །བགྲང་ཡས་འགྲོ་དོན་མཛད་ལ་གསོལ་ ྾ །འདི་སྣང་འགག་ཚེ་འོག་མིན་ཞིང་མཆོག་ཏུ། །ངེས་དོན་བླ་མའི་ཞལ་བཟང་ མངོན་གྱུར་ཏེ། །ཟུང་འཇུག་རྡོ་རྗེ་འཆང་དབང་མྱུར་ཐོབ་ཤོག་བླ་མ་མཆོག་གསུམ་རྒྱལ་བ་སྲས་བཅས་ཀྱི། །ཐུགས་རྗེ་བྱིན་རླབས་ནུས་མཐུ་ཟླ་མེད་ཅིང། །ཀུན་རྫོབ་རྒྱུ་འབྲས་ནམ་ཡང་མི་སླུ་བས། །ཇི་ལྟར་སྨོན་པའི་འདོད་དོན་ མྱུར་འགྲུབ་ཤོག་ཅེས་རིགས་ཀུན་ཁྱབ་བདག་བདག་གི་དྲིན་ཅན་རྩ་བའི་བླ་མ་མཁན་ཆེན་རྡོ་རྗེ་འཆང་རྒྱ་མཚོ་མཐའ་ཡས་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་འཁྲུངས་རབས་གསོལ་འདེབས་རྗེས་འཛིན་དང་བཅས་པ་ཞིག་དགོས་ཞེས་ཧོ་ཆིད་གཡས་རུའི་ཤོག་ཀྱི་ཆན་ཆི་གིན་ཇན་ཇུན་ཏཱ་ [349A]༄༅། །ཝང་མི་འགྱུར་རྡོ་རྗེའི་དཔོན་མོ་བླ་མ་སྐྱབས་ནས་ཕྲིན་ཡིག་གི་ལམ་ནས་བསྐུལ་བའི་ངོར་མགོན་པོ་གང་གི་ཞབས་རྡུལ་སྤྱི་བོས་ལེན་པ་གོང་མ་ཆེན་པོའི་ལུང་གིས་ཞྭ་སེར་བསྟན་པའི་གསལ་བྱེད་ཨ་ཆི་ཐུ་ནོ་མོན་ཧན་དུ་འབོད་པ་ཤཱཀྱའི་དགེ་སློང་རིག་པ་འཛིན་པ་བློ་བཟང་ཡེ་ཤེས་ བསྟན་པ་རབ་རྒྱས་ཀྱིས་རྭ་སྒྲེང་རྒྱལ་བའི་དབེན་གནས་ཀྱི་རང་གནས་བདེ་ཆེན་ཕོ་བྲང་དུ་དང་བ་ཆེན་པོས་སྦྱར་བའོ།། ༈ །།ཨོཾ་སསྟི། སྤངས་རྟོགས་ཡོན་ཏན་མཐར་ཕྱིན་རྫོགས་སངས་རྒྱས། །སྤྲོས་བྲལ་ཉེར་ཞི་འགོག་ལམ་དམ་པའི་ཆོས་ རིགས་གྲོལ་གཉིས་ལྡན་འཕགས་མཆོག་དགེ་འདུན་ཏེ། །ཞིང་མཆོག་རིན་ཆེན་གསུམ་གྱིས་ཤིས་པ་སྩོལ། །རྒྱལ་བའི་རྒྱལ་ཚབ་འཕགས་པ་འོད་སྲུང་ཆེ། །མཐའ་བྲལ་དབུ་མའི་སྲོལ་འབྱེད་སངས་རྒྱས་བསྐྱངས། །གྲུབ་པའི་ འཁོར་བསྒྱུར་ཀུ་ཀུ་རི་བའི་ཞབས། །རིག་འཛིན་ཧཱུཾ་ཆེན་ཀ་རར་གསོལ་བ་འདེབས། །མ་མོ་མངོན་འཁོལ་འབྲོག་མི་དཔལ་ཡེ་ཤེས། །བརྟུལ་ཞུགས་དཔའ་བོ་རླངས་སྟོན་འདྲེ་ཁོལ་ཞབས། །མཁས་གྲུབ་ལྕོག་ཆེན་བྱང་ཆུབ་ དཔལ་བ་དང། །བོ་དོང་འཇིགས་བྲལ་ཞབས་ལ་གསོལ་ ྾ །གྲུབ་པའི་དབང་ཕྱུག་ཀུན་དགའ་རྒྱལ་མཚན་དཔལ། །འབྲི་ཁུང་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ཞབས། ། དཀོན་མཆོག་ཆོས་འཕེལ་ཞབས་ལ་ ྾ །འཁོར་ལོའི་མགོན་པ་ངག་དབང་མཆོག་ལྡན་ཞབས། །འཕགས་བོད་དག་དང་མ་དག་སྐྱེ་བའི་གར། །འཆད་མེད་མཚར་དུ་དངར་ [350B] ྾ །རྒྱས་བྱེད་བློ་བཟང་ཡེ་ཤེས་བསྟན་པའི་དཔལ། །རབ་རྒྱས་འགྲོ་ཀུན་ཐར་མཆོག་འབྲས་བཟང་ལ། །འགོད་མཛད་རྗེ་བཙུན་བླ་མར་གསོལ་ ྾ དམ་ཆོས་སྦྱོང་ཀུན། །མགོན་ཁྱོད་བདེ་སྟོང་དབྱེར་མེད་ངང་ཉིད་དུ། །ཡིད་ཆེས་མོས་གུས་ཆེན་པོས་གསོལ་འདེབས་ན། །དངོས་གྲུབ་འབྲས་བཟང་སྩོལ་ཞིག་བླ་མ་མཁྱེན། །གནས་སྐབས་དམ་ཆོས་སྒྲུབ་པའི་འགལ་རྐྱེན་ བགེགས། །འདབ་ལྡན་གཞོན་ནུའི་ཚལ་ལ་གླང་ཆེན་བཞིན། །མགོན་ཁྱོད་ཡེ་ཤེས་རོལ་བའི་བསྟན་སྲུང་ཆེས། །ཐལ་བར་རློག་པའི་དྲག་པོའི་དངོས་གྲུབ་སྩོལ། །མདོར་ན་དེང་ནས་བྱང་ཆུབ་མ་ཐོབ་བར། །མགོན་པོ་ཁྱོད་ཀྱིས་ འབྲལ་མེད་རྗེས་བཟུང་ནས། །སྤངས་རྟོགས་ཡོན་ཏན་མཐར་ཕྱིན་འགྲོ་བའི་སྐྱབས། །དེད་དཔོན་ཐམས་ཅད་མཁྱེན་པར་བདག་གྱུར་ཅིག་ཁྱད་པར་རིང་ནས་ཉེར་བསྐྱངས་ཞྭ་སེར་བསྟན། །འཛིན་མཁས་ཟབ་ཡངས་འཁྱིལ་བའི་ འདུས་སྡེ་འདི། །མི་མཐུན་ནག་པོའི་ཕྱོགས་ལས་རབ་རྒྱལ་ནས། ། བསྟན་དང་འགྲོ་བའི་གསོས་སུ་འགྱུར་བྱིན་རློབས། །ཆོས་དབྱིངས་འགྱུར་བ་མེད་པའི་བདེན་པ་དང། །མགོན་ཁྱོད་བྱིན་རླབས་ཐུགས་རྗེ་ནུས་པའི་དཔུང།། ལྷ་མཆོག་འོད་ལྡན་དཀར་པོའི་མཐུ་རྩལ་གྱིས། །ཇི་ལྟར་སྨོན་པའི་འདོད་དོན་མྱུར་འགྲུབ་ཤོག་ཅེས་པ་དད་ལྡན་འབྲས་བདེ་ཡངས་བླ་མ་ལས་སྣེ་ཐུན་མོང་ནས་ངོས་ཀྱི་སྐྱེས་རབས་གསོལ་འདེབས་དང། ཁྱད་པར་དེད་དང་ཆོས་སྐྱོང་བཅས་ནས་སྐྱེ་གཀུན་འབྲལ་ [351A]༄༅། །མེད་རྗེས་འཛིན་གྱི་སྨོན་ཚིག་དགོས་ཞེས་ཡང་ཡང་རྣ་བ་གཙེར་བར་ཕྲན་སོ་སོ་སྐྱེ་བོ་ལ་དམ་པའི་སྐྱེས་རབས་རེ་བ་ག་ལ་མཆིས་རུང་བཀའ་དྲིན་ཟླ་མེད་པཎ་ཆེན་རྡོ་རྗེ་འཆང་དང། ཆོས་སྐྱོང་ཁག་ངེད་རང་གི་རྨི་ལམ་གྱི་རོལ་པར་ཤར་བ་བཅས་རགས་བསྡུས་ཤིག་འདུས་གྲྭའི་ བཞེད་པ་བསྐང་ཕྱིར་་གོང་མའི་ལུང་གིས་ཞྭ་སར་བསྟན་པའི་གསལ་བྱེད་ཨ་ཆི་ཐུ་དོ་མོན་ཧན་དུ་འབོད་པ་ཤཱཀྱའི་དགེ་སློང་རིག་པ་འཛིན་པ་བློ་བཟང་ཡེ་ཤེས་བསྟན་པ་རབ་རྒྱས་ཀྱིས་བཞི་སྡེ་དགའ་ལྡན་བསམ་གཏན་གླིང་གི་རང་གནས་ཟུང་འཇུག་བདེ་བ་ཆེན་པོའི་ཕོ་བྲང་དུ་སྦྱར་བའོ། ། ༈ །ཀུན་ཁྱབ་སྒྱུ་འཕྲུལ་དྲ་བའི་རོལ་གར་ཅན། །འཕགས་ཡུལ་གྲུབ་དབང་པདྨ་ཀ་ར་ཡིས། །མཁྱེན་བརྩེ་ནུས་པའི་བྱིན་ཆེན་དབབ་ཏུ་གསོལ། །བདེ་གཤེགས་སྤྱན་སྔར་ནམ་མཁའི་ སྙིང་པོ་ཞེས། །སློབ་དཔོན་དགའ་རབ་རྡོ་རྗེ་རྟག་ཏུ་ངུ། །རྡོ་རྗེ་དྲིལ་བུ་པ་དང་ཏེ་ལོ་པ། །གྲུབ་མཆོག་རཏྣ་ཤྲཱི་མཚོ་སྐྱེས་ཞབས། །གཡུ་སྒྲ་སྙིང་པོ་ཀུ་ཀུ་ར་པི་དང། །གྲུབ་མཆོག་སིདྡྷི་བྫྲ་ནམ་མཁའི་སྙིང། །དཀར་ཆེན་རྒྱལ་པོ་ འོད་གསལ་རྡོ་རྗེ་དང། །བཞད་པའི་རྡོ་རྗེ་རྒྱལ་བ་ལོ་རས་ཞབས། །གཙང་སྨྱོན་གྲུབ་ཆེན་ཀུན་དགའ་ལེགས་པའི་དཔལ། །ཤེས་རབ་རྒྱལ་མཚན་ཚུལ་ཁྲིམས་བཟང་མོའི་ཞབས། །ཚུལ་ཁྲིམས་རྒྱལ་མཚན་ཀུན་མཁྱེན་ འཕགས་འོད་དང། །བྱམས་པ་རང་གྲོལ་བརྩེ་ཆེན་སྙིང་པོའི་ཞབས། །སྙེ་མོ་གཏེར་སྟོན་སངས་རྒྱས་དབང་ཆེན་དང། །དབང་ཕྱུག་རབ་བརྟན་ངག་དབང་ཆོས་འཕེལ་སོགས། །མཁས་དང་གྲུབ་པའི་རྣམ་རོལ་སྒྱུ་མའི་གར། ། [352B] །སླར་ཡང་མ་དག་གངས་ལྗོངས་སྐྱད་ཚལ་དུ། །བློ་གྲོས་ལུས་སྟོབས་རྫོགས་པའི་དཔག་བསམ་ལྗོན། །སྦས་པའི་བརྟུལ་ཞུགས་ལེགས་འཆང་དཔལ་ལྡན་དབང། །འཕྲིན་ལས་ རྒྱལ་མཚན་ཆེན་པོར་གསོལ་བ་འདེབས། །ཨོ་ཌི་ཡ་ནའི་སློབ་དཔོན་ཆེན་པོ་ཡི། །སྨོན་ལམ་དུས་སུ་སྨིན་པའི་ཟབ་མོའི་གཏེར། །བཀའ་སྐྱོང་མཁའ་འགྲོ་ཆོས་བསྲུང་ཚོགས་རྣམས་ཀྱིས། །དུས་ལས་གཡེལ་བ་མེད་པར་མཛད་ དུ་གསོལ། །རྩ་གསུམ་རྒྱལ་བ་རྒྱ་མཚོའི་བྱིན་རླབས་དང། །མཐུ་ལྡན་བསྟན་བསྲུང་ནུས་པའི་གཟི་བྱིན་ཤུགས། །བདག་སོགས་འགྲོ་བའི་ལེགས་བྱས་མཐུ་དཔལ་གྱིས། །ཇི་ལྟར་སྨོན་པའི་འདོད་དོན་མྱུར་འགྲུབ་ཤོག་ཅེས་ཁྱབ་ བདག་སྨན་ཁང་པའི་སྤྲུལ་སྐུ་དཔལ་ལྡན་འཕྲིན་ལས་རྒྱལ་མཚན་གྱི་སྐྱེས་རབས་ས་སྐྱ། མཚུར་བུ་ཞྭ་ནག་པ། གྲུབ་དབང་ཀློང་རྡོལ་བླ་མ་བཅས་ནས་ཇི་ལྟར་གསུངས་པ་རྣམས་གོ་རིམ་དུ་བསྒྲིགས། ངེད་རང་གི་རྨི་ལམ་གྱི་རོལ་པར་བྱུང་བ་ཡང་བསྣན་ཏེ་ཆོག་སྒྲིགས་དགོས་ཞེས་བསྐུལ་ངོར་་གོང་མ་ཆེན་པོའི་ ལུང་གི་ཞྭ་སེར་བསྟན་པའི་གསལ་བྱེད་ཨ་ཆི་ཐུ་ནོ་མོན་ཧན་དུ་འབོད་པ་ཤཱཀྱའི་དགེ་སློང་རིག་པ་འཛིན་པ་བློ་བཟང་ཡེ་ཤེས་བསྟན་པ་རབ་རྒྱས་ཀྱིས་བཞི་སྡེ་དགའ་ལྡན་བསམ་གཏན་གླིང་དུ་སྦྱར་བའོ།། ༈ །།ཨོཾ་སྭ་སྟི། རྨད་བྱུང་བསྐལ་པར་ཐུགས་བསྐྱེད་དར་དྲག་ པའི། །སྤངས་རྟོགས་མཐར་ཕྱིན་ཐུབ་དབང་སྨྲ་བའི་ཉི། །ཞབས་སེན་བཀྲ་ཤིས་རི་མོ་རྣམ་བཀྲ་བ། །ལྷན་བཅས་འགྲོ་བའི་གཙུག་ན་ཤིས་གྱུར་ཅིག་མཐུ་སྟོབས་ནུས་པའི་རྡོ་རྗེ་རབ་འབར་བས། །རྒོལ་ངན་དཔུང་ཚོགས་བཅོམ་ [353A]༄༅། །པའི་ཌོམ་སྟི་བ། །ལྷ་གཅིག་ཁྲི་སྲོང་བཀའ་ཡི་མདུན་ན་འདོན། །རྒྱ་ཆ་སྟ་སྣང་ཞབས་ལ་གསོལ་བ་འདེབས། །བློ་བཟང་རྒྱལ་བ་གཉིས་པའི་ལེགས་བཤད་བཅུད། །མྱངས་པས་བློ་གྲོས་རབ་རྒྱས་བཟང་སྐྱོང་ དང། །གསང་ཆེན་བསྟན་པའི་བདག་པོ་སྒོ་རུམ་པ། །ཀུན་དགའ་ལེགས་པའི་ཞབས་ལ་ ྾ །རྒྱས་བྱེད་ཤེས་རབ་རྒྱ་མཚོའི་རྟ་བདུན་བདག་སྐད་གཉིས་སྨྲ་མཁས་མཁས་ བཙུན་ངག་གི་དབང། །བསྟན་པ་ཡར་འཕེལ་ཞབས་ལ་ ྾ །སྐལ་བཟང་གདུལ་བྱའི་བད་ཚལ་རྒྱས་མཛད་ཅིང། །བྱང་ཕྱོགས་སྐྱེ་བོའི་འདྲེན་པ་བླ་ན་མེད། །རྗེ་བཙུན་བླ་མའི་ ཞབས་ལ་ ྾ །དཔལ་ལྡན་བླ་མ་བསྐལ་བརྒྱར་ཞབས་བརྟན་ཅིང། །མཛད་འཕྲིན་འོད་བརྒྱའི་སྣང་བས་ས་གསུམ་ཁྱབ། །བསྟན་དང་འགྲོ་བའི་ཉེར་འཚོར་འགྱུར་བར་ཤོག་ བདག་སོགས་འགྲོ་ཀུན་སྐྱེ་བ་ཐམས་ཅད་དུ། །རྗེ་བཙུན་བླ་མས་འབྲལ་མེད་རྗེས་འཛིན་ཅིང། །སྐུ་གསུང་ཐུགས་ཀྱི་གསང་བ་ཀུན་འཛིན་པའི། །སྲས་ཀྱི་ཐུ་བོ་ཉིད་དུ་འགྱུར་བར་ཤོག་ཨོཾ་ཨཱ་གུ་རུ་ཛྙཱ་ན་ཀལྤ་བྷ་དྲ་སིདྡྷི་ཧཱུཾ་ཧཱུཾ་ ཞེས་བྱང་ཕྱོགས་བསྟན་པའི་གསལ་བྱེད་ནོ་ཡོན་ཧོ་ཐོག་ཐུ་ཡེ་ཤེས་བསྐལ་བཟང་གི་འཁྲུངས་རབས་གསོལ་འདེབས་མཚན་སྔགས་དང་བཅས་པ་ཞིག་རྩོམ་དགོས་ཚུལ་ཧོར་ཆེན་ནས་རིགས་ལམ་སྨྲ་བའི་དགོན་སྡེ་བཀྲ་ཤིས་ཐེག་ཆེན་གླིང་གི་ལས་སྣེ་སློབ་དཔོན་དགེ་སློང་ཆོས་དར་དང། དཀའ་ [354B] སེར་བྱེས་གྲྭ་རིགས་དགེ་སློང་ངག་དབང་གྲགས་པ། དཀོན་མཆོག་བསྟན་འཛིན། དབུ་མཛད་གྲགས་པ་ཆོས་འཕེལ། །གཉེར་བ་སྦྱིན་པ། གཉེར་བ་སན་ཨ་ཡུ་ཐུ་སོགས་སེར་སྐྱ་ཐུན་མང་ནས་རིན་ཆེན་གཉིས་པའི་མཎྜལ་སྣེ་འདོགས་རྫར་བཅས། སྐུ་གསུང་ཐུགས་རྟེན། གྱོན་བ་ཆ་སྐོར་ ཁ་བཏགས་ནང་མཛོད་དང་བཅས་བསྐུལ་མ་བྱུང་བའི་ངོར། ཌོམ་བཧི་ཧེ་རུ་ཀའི་ཐོག་ངེད་རང་གི་རྨི་ལམ་གྱི་རོལ་པར་ཤར་བ་རྣམས་བཅོས་མེད་དུ་བསྣན་ཏེ་བཀོད་པ་འདི་ཡང་་གོང་མ་ཆེན་པོའི་ལུང་གིས་ཞྭ་སེར་བསྟན་པའི་གསལ་བྱེད་རྭ་སྒྲེང་ཨ་ཆི་ཐུ་ནོ་མོན་ཧན་དུ་འབོད་པས་བཞི་སྡེ་དགའ་ལྡན་བསམ་ གཏན་གླིང་དུ་སྦྱར་བའོ།། ༈ །།སྭ་སྟི། རྣམ་འདྲེན་ཀུན་གྱི་ཐུགས་རྗེའི་སྤྱི་གཟུགས་མཆོག་བློ་བཟང་གྲགས་པའི་དཔལ་འབར་སྐྱེ་རྒུའི་གཉེན། །མཆོག་གསུམ་ལྷ་དང་བདེན་ཚིག་གྲུབ་རྣམས་ཀྱིས། །དེང་འདིར་དགེ་ལེགས་ བཀྲ་ཤིས་བྱིན་ཆེན་ཕོབ། །འཕགས་ཡུལ་ཁྱིམ་བདག་མཛེས་ལྡན་ཤེས་རབ་འཛིན། །ཤཱི་ལ་རཱ་ཛཱ་ས་བདག་སུ་རྱའི་མཚན། །སྔ་འགྱུར་གྲུབ་བརྙེས་རྡོ་རྗེ་སྤེ་ཆུང་དང། །རས་ཆེན་ཞི་བ་འོད་ལ་གསོལ་བ་འདེབས། །མཁས་གྲུབ་ དབང་པོ་ཡོན་ཏན་དཔལ་བ་དང། །རྒྱ་ར་ཆོས་སྐྱོང་བཟང་པོ་མཁས་པའི་གཙོ། །བློ་གྲོས་རྒྱ་མཚོ་བློ་བཟང་དོན་གྲུབ་སྟེ། །བསྟན་པའི་སྒྲོན་མེ་རྣམས་ལ་གསོལ་བ་འདེབས། །འཕགས་མཆོག་འཕྲིན་ལས་དབང་རྒྱལ་ནུས་པའི་ བདག་མདོ་རྒྱུད་རྒྱ་མཚོའི་དཔལ་ལ་དབང་འབྱོར་ཞིང། །བློ་བཟང་བསྟན་པའི་སྣང་བྱེད་ལུང་རྟོགས་ཀྱི། །དཔལ་འབྱོར་རྒྱལ་མཚན་འཛིན་ལ་གསོལ་བ་འདེབས། །མགོན་ཁྱོད་ཐུགས་རྗེ་ལེགས་བྲིས་དུནྡུ་བཧི། དད་ལྡན་མོས་པའི་ [355A]༄༅། །དབྱུ་གུས་བསྐུལ་བའི་མཐུས། །མདོ་སྔགས་ལེགས་བཤད་ཆོས་ཀྱི་དབྱངས་སྙན་པོས། །འགྲོ་ཀུན་མ་རིག་གཉིད་ལས་སངས་གྱུར་ཅིག་རྒྱལ་བའི་བསྟན་བསྲུང་སྟོབས་འཕྲོག་གདོང་བཞི་པ། །གཟི་ ལྡན་དབང་ཕྱུག་དཔའ་བོ་བྲམ་ཟེའི་གཟུགས། །ལས་མཛད་ཡུམ་ཆེན་འཁོར་ཚོགས་རྒྱ་མཚོ་ཡིས། །འགལ་རྐྱེན་ཀུན་སེལ་མཐུན་རྐྱེན་འཕྲིན་ལས་སྒྲུབས། །ཞེས་ལབ་དགོན་མདོ་སྔགས་བཤད་སྒྲུབ་འཕེལ་རྒྱས་གླིང་གི་སྤྲུལ་སྐུའི་འཁྲུངས་ རབས་གསོལ་འདེབས་ཤིག་དགོས་ཞེས་ཞབས་གྲས་དགེ་སློང་ངག་དབང་བཟོད་པས་བསྐུལ་ངོར་ཡིག་རྙིང་ཞིག་འདུག་པ་ལ་ཞིག་བྱས་ཏེ་་གོང་མ་ཆེན་པའི་ལུང་གིས་ཞྭ་སེར་བསྟན་པའི་གསལ་བྱེད་ཨ་ཆི་ཐུ་ནོ་མོན་ཧན་གྱིས་སྦྱར།། ༈ །།ཨོཾ་སྭ་སྟི། རྨད་བྱུང་སྤྱོད་པ་དཔག་ཡས་ དབྱིད་དུ་མགྲོན་གཉེར་བ། །སྨོན་ལམ་སྒེག་མོའི་རྐང་རྡུལ་བཀོད་པས་བསྐལ་བ་འདིར། །བསམ་གྱིས་ཨི་ཁྱབ་འཕྲིན་ལས་འདབ་མ་རབ་ཡངས་པ། །སྟོན་མཆོག་རྒྱལ་བའི་དཔག་བསམ་ལྗོན་པ་གཙུག་ན་མཆོད། །གཉན་གྱི་ བུ་ཡིས་བསླབས་ལྟར་ཟས་གཙང་སྲས། །དུག་ཅན་ཟས་ལ་མགྲོན་གཉེར་མེ་དོང་གི་ཞུགས་ནས་པདྨོར་འགྱུར་བའི་ཁྲིར་བཞུགས་ཚེ། །འགྱོད་བསྐྱེད་བདེན་མཐོང་དཔལ་སྦས་ལ་ཕྱག་འཚལ། །གྲུབ་པའི་འཁོར་ལོས་ བསྒྱུར་བ་ནག་པོ་པའི། །སློབ་མའི་ཐ་ཤལ་གྱུར་ཀྱང་སྔོན་དགེའི་མཐུས། །གངྒཱའི་དབུས་སུ་རྡོ་རྗེ་ཕག་མོ་ཡིས། །རྗེས་བཟུང་དགེ་ཚུལ་ཚེམ་བུ་པར་གསོལ་འདེབས། །རྒྱལ་བ་གཉིས་པ་རྗེ་བཙུན་ཙོང་ཁ་པའི། །གསུང་ [356B] །བཤེས་གཉེན་བསྟེན་ལ་འགྲན་པའི་ཟླ་བྲལ་བ། །ཤར་བ་རིན་རྒྱལ་ཞབས་ལ་གསོལ་བ་འདེབས། །སླར་ཡང་སྔོན་དགེའི་སྨོན་ལམ་དར་དྲག་པའི། །མཐའ་འཁོབ་ཧོར་ཡུལ་མུན་གླིང་ སྣང་བའི་དཔལ། །རྒྱས་མཛད་རྒྱལ་བསྟན་འཛིན་པའི་གྲགས་པ་འབར། །བཤེས་གཉེན་དམ་བའི་ཞབས་ལ་གསོལ་བ་འདེབས། །ཧེ་རུ་ཀ་དཔལ་ངུར་སྨྲིག་གར་རོལ་བ། །རྒྱལ་བ་ཀུན་དངོས་རོལ་པའི་རྡོ་རྗེ་ཡི། །ཐུགས་སྲས་ མཆོག་གྱུར་བློ་བཟང་དཀོན་མཆོག་མཚན། །དགེ་ལེགས་བཀྲ་ཤིས་མཛད་ལ་གསོལ་བ་འདེབས། །བློ་བཟང་བསྟན་པའི་རིན་ཆེན་ཁང་བཟང་རྩེར། །ལུང་རྟོགས་རྒྱལ་མཚན་འཛིན་པའི་དཔལ་མངའ་བ། །མཐའ་ཡས་གདུལ་བྱའི་རེ་ སྐོང་དབང་གི་རྒྱལ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །དེ་ལྟར་དད་ལྡན་གདུལ་བྱས་གསོལ་བཏབ་མཐུས། །སྐྱེ་དང་སྐྱེ་བར་རྗེ་བཙུན་བླ་མ་ཡིས། །རྗེས་བཟུང་མཐུ་ལས་རྣམ་འདྲེན་སྟོབས་བཅུའི་མགོན། །རིང་མིན་ ཐོབ་སྟེ་འགྲོ་རྣམས་སྒྲོལ་བྱེད་ཤོག་ཐམས་ཅད་མཁྱེན་རྒྱུ་གནས་ལྔ་རིག་པའི་གཞུང། །ཐོས་དང་སྦྱངས་པས་རྣམ་པར་གྲོལ་བའི་བློ། །མཚར་སྡུག་རྐང་རྩེས་བསྣུན་པའི་མྱ་ངན་མེད། །འདབ་མ་སྟོང་གི་འཛུམ་བཞིན་མཛེས་པར་ མཛོད། །ཁམས་གསུམ་འཁོར་བ་ཀུན་ཏུ་སྡུག་བསྔལ་དང། །དེ་རྒྱུ་ཀུན་འབྱུང་བཅས་ལ་སྐྱོ་བའི་ཡིད། །གནང་བཀག་བསླབ་པ་ཉེ་བར་སློབ་པའི་ཚུལ། །བག་ཡོད་ཚུལ་ཁྲིམས་ཕུང་པོས་བརྒྱན་པར་མཛོད། །བདག་ཉིད་ཞི་ [357A]༄༅། །བདེ་ལྷུར་ལེན་དམན་པའི་བློ། །ཡོངས་དོར་གཞན་ལ་ཕན་པའི་སྙིང་སྟོབས་ཀྱིས། །ཟབ་དང་རྒྱ་ཆེའི་སྤྱོད་པ་རྨད་བྱུང་གིས། །ཐམས་ཅད་མཁྱེན་པའི་གདུང་འཚོ་བ་འགྱུར་བར་མཛོད། །སྒྲིབ་གཉིས་ལྷ་མིན་ ལྟོ་བར་བསྐྱིལ་བའི་རྒྱུས། །གསང་རྒྱུད་ཆུ་ཀླུང་ཡོངས་བཏུང་ཛཱ་ཧ་ནུ། །སྨིན་གྲོལ་ཐབས་ཀྱི་བདུད་རྩི་འབུམ་སྐྱུགས་པས། །སྐལ་བཟང་སྐུ་བཞིའི་སྲོག་འཚོར་འགྱུར་བར་མཛོད། །མཆོག་གསུམ་བྱིན་རླབས་ཐུགས་རྗེའི་དུནྡུ་བཧི།། མེས་ལྡན་དད་པའི་དབྱུ་གུས་བསྐུལ་བ་ལས། །བྱིན་རླབས་སྙན་པའི་སྒྲ་དབྱངས་འབུམ་ལྡིར་བས། །མི་མཐུན་བདུད་བཞིའི་གཡུལ་ལས་རྒྱལ་གྱུར་ཅིག་ཅེས་ཨུ་ཆུ་མུ་ཆིན་སྨོན་ལམ་བླ་མའི་འཁྲུངས་རབས་གསོལ་འདེབས་ཤིག་དགོས་ ཞེས། ཆེ་ཆེན་ཆོས་རྗེ་བློ་བཟང་ཤེས་རབ། རྩེ་དྲུང་རབ་འབྱམས་པ་བློ་བཟང་ཡེ་ཤེས། གསོལ་དཔོན་བློ་བཟང་ཡར་འཕེལ། ཐོ་ཡོན་རྟ་མགྲིན་རྡོ་རྗེ། ཐོ་ཡོན་དཔལ་མཆོག་དགེ་སློང་བློ་བཟང་མགོན་པོ། དགེ་སློང་བློ་བཟང་མཆོག་ལྡན། དགེ་སློང་འཇིགས་མེད་རྡོ་རྗེ། ཐོ་ཡོན་ས་འཛིན་སྐྱབས་བཅས་ ནས་བསྐུལ་དེར་ངེད་རང་ནས་རྨི་ལམ་བརྟག་པ་ནན་ཏན་བགྱིས་པར་བརྟག་པར་གང་ཤར་རྣམས་དང་ལྡན་འགྲོ་བའི་གསོས་སུ་བཀོད་པ་ད་ཡང་ཀོང་མ་ཆེན་པོའི་ལུང་གིས་ཞྭ་སེར་བསྟན་པའི་གསལ་བྱེད་ཨ་ཆི་ཐུ་ནོ་མོན་ཧན་དུ་འབོད་པ་ཤཱཀྱའི་དགེ་སློང་བློ་བཟང་ཡེ་ཤེས་བསྟན་པ་རབ་ རྒྱས་ཀྱིས་བཞི་སྡེ་དགའ་ལྡན་བསམ་གཏན་གླིང་དུ་སྦྱར་བའོ།། ༈ །།མཆོག་གསུམ་རྒྱལ་བ་རྒྱ་མཚོའི་བྱིན་ཆེན་གྱི། །ཐུགས་རྗེ་ནུས་པའི་མཐུ་དཔུང་དར་དྲག་པས། །བཀྲ་ཤིས་དགེ་མཚན་ཕྱོགས་དུས་ཀུན་ཁྱབ་ཅིང། ། [358B] །བདེ་གཤེགས་དྲི་མེད་རྒྱལ་མཚན་མ་འགགས་པ། །ཟླ་བཟང་ཐོགས་མེད་ཆོས་རྒྱལ་མུ་ཁྲི་བཙན། །ལེགས་པའི་ཤེས་རབ་དུས་ཞབས་ནོར་བུ་བཟང། །མཆོག་ལྷ་འོད་ཟེར་སངས་རྒྱས་ རྒྱ་མཚོའི་ཞབས། །བློ་བཟང་དར་རྒྱས་ངག་དབང་བསྟན་འཛིན་མཚན། །ཚུལ་ཁྲིམས་བསྟན་པའི་རྒྱ་མཚོ་ལ་སོགས་པའི། །གྲངས་མེད་སྐྱེ་པའི་ཟློས་གར་ལེགས་བསྒྱུར་བ། །རྗེ་བཙུན་བླ་མ་བསྐལ་བརྒྱར་ཞབས་བརྟན་ཤོག་ མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཐུགས་རྗེ་དང། །རྒྱུ་འབྲས་རྟེན་འབྲེལ་བསླུ་མེད་བདེན་པའི་མཐུས། །ཇི་ལྟར་སྨོན་པའི་འདོད་དོན་ཀུན་འགྲུབ་ཅིང། །བཀྲ་ཤིས་དགེ་མཚན་ཀུན་ཏུ་འབར་གྱུར་ཅིག་ཅེས་དོལ་གསུང་རབ་གླིང་གི་སྤྲུལ་སྐུ་ཚུལ་ ཁྲིམས་བསྟན་པའི་རྒྱ་མཚོའི་འཁྲུངས་རབས་སྐྱབས་མགོན་ཚངས་དབྱངས་རྒྱ་མཚོའི་གསུང་རྩོམ་གཞིར་བཞག་ཞབས་བརྟན་སྨོན་ཚིག་དང་བཅས་པ་འདི་ཡང་དོལ་གསུང་གླིང་གྲྭ་རིགས་སངས་རྒྱས་ཆོས་འབྱོར་ནས་བསྐུལ་ངོར་་གོང་མ་ཆེན་པོའི་ལུང་གིས་ཞྭ་སེར་བསྟན་པའི་གསལ་བྱེད་ཨ་ཆི་ཐུ་ནོ་མོན་ ཧན་དུ་འབོད་པས་སྦྱར།། ༈ །།རྒྱལ་བ་ཀུན་དངོས་འཕགས་མཆོག་སྣང་མཐའ་ཡས། །དུས་མཐར་ངུར་སྨྲིག་གར་རོལ་རིགས་བརྒྱའི་བདག་བཀའ་དྲིན་ཟླ་མེད་དཔལ་ལྡན་ཡེ་ཤེས་ཞབས། །བྱང་ཆེན་བར་དུ་སྙིང་དབུས་ བད་མཚོར་བཞུགས། །དེ་ཡང་རྗེ་བཙུན་རྡོ་རྗེ་འཆང་དེ་ཉིད་ངེས་དོན་དུ་སྐྱེ་འཇིག་གི་སྤོས་པས་དབེན་ཡང། བདག་ཅག་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་ཞིང་འདིར་མཛད་པ་ཐ་མ་ཉེ་བར་བསྟན་པའི་དུས་སུ་རྗེ་བཙུན་དཀའ་ [359A]༄༅། །དྲིན་ཟླ་མེད་མཆོག་དེའི་འཕྲིན་ལས་ཀྱི་ཁ་ལོ་པ་རྣམས་ཀྱིས། །བདག་ལ་ཁྱེད་ཅག་བུ་སློབ་རྣམས་ཀྱིས་མཐོང་ཐོས་ཀྱིས་རྣམ་ཐར་དུ་འཇུག་འོས་རིགས་ཡོད་ཚེ་བྲིས་ཤིག་ཅེས་བསྐུལ་བ་གནང་དོན་བཞིན་ བདག་གིས་མཐོང་ཐོས་ཅུང་ཟད་རྣམས་སྒྲོ་སྐུར་གྱི་དྲི་མ་དང་བྲལ་བར་བརྗོད་ན། རྗེ་བཙུན་རྡོ་རྗེ་འཆང་བཀའ་དྲིན་ཟླ་མེད་དེ་ཉིད་མེ་བྱ་སེ་ར་ཐེག་ཆེན་གླིང་དུ་ཆིབས་ཀྱི་ཁ་ལོ་བསྒྱུར་སྐབས། བྱེས་གྲྭ་ཁང་གི་རབ་གསལ་དུ་ཞབས་སེན་གྱི་ པདྨོ་ངལ་གསོ་བའི་དུས་དེར་བདག་ལ་ཁྱེད་ཀྱིས་ད་ལྟ་ཅི་མཐོང། ཁོ་བོས་ནི་སྔོན་གྱི་འཕགས་ཡུལ་གྱི་པཎ་གྲུབ་དུ་མ་དང་ཡུལ་ལྗོངས་སོགས་ཤིན་ཏུ་གསལ་བར་མཐོང་ཞེས་གསུང་གི་བདུད་རྩི་སྩལ་བ་ན། བདག་རང་དད་པའི་ གདུང་ཤུགས་ཀྱིས་ཇི་ལྟར་སྣང་ཞེས་ཞུ་ནི་མ་སྤོབས། གཞན་ཡང་གྲུ་འཛིན་གཉིས་པའི་གཞལ་མེད་ཁང་ཕོ་བྲང་ཆེན་པོར་མི་ཏྲ་བརྒྱ་རྩའི་དབང་གི་དུས་ཤིག་བདག་རང་ལ་ལྕང་སྐྱ་རྡོ་རྗེ་འཆང་གིས་སྩལ་བའི་ཤེལ་འཕྲེང་སེར་པོ་ སྤུས་ལེགས་ཤིག་ཡོད་པ་གསུང་ཆོས་ཀྱི་གསེང་ཞིག་ལ་སྐུ་མདུན་དུ་ཕྱིན་ཏེ་ཕུལ་བར། འདི་ཁོ་བོ་ལ་སྟེར་བ་ཡིན་ནམ་གསུང་བར། ལེགས་རྒྱུ་ཞིག་མི་འདུག་ཀྱང་ཚོགས་རྫོགས་ཕྱིར་འབུལ་བ་ལགས་ཞེས་ཞུས་པར། དེ་ལྟ་ ན་རྟེན་འབྲེལ་ལེགས་པར་འོང་གསུང། དེ་ནུབ་ཁ་འདོན་གྱི་སྐབས་སྔར་དང་མི་འདྲ་བའི་རིག་པ་དྭངས་ཤིང་རྗེ་བཙུན་བླ་མ་ཉིད་དང། ཆོས་ཀྱི་རྒྱལ་པོ་ཙོང་ཁ་པར་བརྟེན་པའི་ཉམས་བཟང་པོ་བླ་ན་མེད་པ་ཞིག་བྱུང་བ། །རང་ཅག་ [360B] མི་ཏྲའི་ནང་ཚན་སྒྲོལ་མ་ཉེར་གཅིག་གི་དབང་གི་ དུས་ཁོ་བོའི་ཉམས་སྣང་ཟ་ཟི་ཞིག་ལ་རྡོ་རྗེ་འཆང་ཉིད་སྒྲོལ་ལྗང་གི་སྐུའི་རྣམ་པ་འོལ་ལེ་བ་ཞིག་ཏུ་མཐོང་བས་ན། །ཁོ་བོ་ལྟ་བུའི་དུག་གསུམ་ཤས་ཆེར་སྤྱོད་པ་ལ་ཡང་དེ་ལྟར་སྣང་ན། དག་པའི་འཁོར་རྣམས་ལ་རྗེ་ཉིད་རྡོ་རྗེ་འཆང་ དངོས་སུ་མི་སྣང་བ་ལྟ་ཅི་སྨོས། །རྡོ་རྗེ་འཆང་ཉིད་ཞིང་ཁམས་གཞན་དུ་མ་གཤེགས་ཙམ་གྱི་ལྕགས་བྱི་ཧོར་ཟླ་དགུ་པའི་སྐབས་ཤིག་བདག་གི་རྨི་ལམ་དུ་རྗེ་བླ་མ་ཉིད་འཁོར་ཉུང་ཤས་དང་བཅས་ཏེ་སྐུ་ཆོས་དབུ་པཎ་སོགས་བཞེས་ཏེ་ རྒྱ་ཁྲ་ཡོད་པའི་ཁང་པ་ཞིག་ནས་ཕེབས་ཀྱིན་འདུག་པར། བདག་གིས་ལག་ནས་ཁ་བཏགས་ཤིག་ཕུལ་ཏེ་བྱིན་རླབས་ཞུས་པར། ཕྱག་དབང་ཞིག་སྩལ་ནས་ཞལ་འཛུམ་མདངས་དང་བཅས་ཏེ་ནུབ་བྱང་མཚམས་ཀྱི་ཁང་པ་ཞིག་ཏུ་ བཞུགས་པ་རྨིས། དེ་སྐབས་ཇི་བཞིན་མ་ཤེས་ཀྱང་རྗེས་སུ་བསམས་ཚེ་མཛད་པ་ཐ་མ་སྟོན་བཞེད་ཀྱི་བརྡར་གོ་དེ་རྗེས་ཞིང་ཁམས་གཞན་དུ་གཤེགས་པའི་གཏམ་ངན་གྱི་འཕྲེང་བ་བདག་གི་རྣ་བར་སོན་པ་ན་མྱ་ངན་གྱི་ཟུག་རྔུས་ ཡིད་རབ་ཏུ་གདུངས་པས་དགོངས་པ་རྫོགས་ཐབས་ཀྱི་དགེ་སྦྱོར་ལ་བརྩོན་པར་ཡོད་པའི་སྐབས་ཤིག་རྨི་ལམ་དུ་རྗེ་བླ་མ་ཉིད་བཞུགས་ཁྲི་ཆུང་ངུ་ཞིག་གི་སྟེང་དུ་བཞུགས་འདུག་པར། བདག་གིས་སྐུ་ཞབས་རིན་པོ་ཆེ་ནས་བདག་ [361A]༄༅། །ཅག་ཐམས་ཅད་བརྩེ་བས་བོར་བ་སྙིང་རྗེ་འམ་ཞེས་དུ་ངག་དང་བཅས་ཏེ་ཞུས་པར། བཀའ་ལས་དེ་ཙམ་མྱ་ངན་མ་བྱེད་མགྱོགས་པར་ཐུག་ཡོད་ཞེས་གསུངས་པ་ཞིག་རྨིས། །དེ་ལ་སོགས་བདག་ཅག་ ལྟ་བུའི་སྒྲིབ་གཉིས་ཀྱི་འཆིང་བ་དམ་པོས་བཅིངས་པ་རྣམས་ལ་ཡང་དག་པ་ཡེ་ཤེས་སྐུ་ཉིད་ཀྱིས་རྨི་ལམ་དུ་གསུང་གི་སྣང་བ་སྩལ་བ་སོགས་རྗེ་བཙུན་རྡོ་རྗེ་འཆང་འདི་ཉིད་ཀྱི་རྣམ་པར་ཐར་པ་ནི་བསམ་གྱིས་མི་ཁྱབ་པ་ཞིག་ ལགས་པས་ན། སྐལ་དམན་བདག་གས་མཐོང་ཐོས་སུ་གྱུར་པ་ནི་རེ་ཞིག་དེ་ཙམ་ལགས། ད་དུང་རྗེ་བཙུན་བཀའ་དྲིན་ཟླ་མེད་གྲུ་འཛིན་བདག་པོ་་རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་དང། ཐུགས་སྲས་འགྲོ་བའི་འདྲེན་ པ་རྣམས་ཀྱི་ཞལ་ལས་ཇི་སྙེད་བྱུང་བ་རྣམས་མ་ཚང་བ་མེད་པར་བསྒིགས་པའི་རྣམ་ཐར་བདག་ཅག་སློབ་བུ་རྣམས་ཀྱི་དད་པའི་གསོས་སུ་འགྱུར་བ་ཞིག་མྱུར་རྩོལ་སྒྲིགས་གནང་ཞུ་ཞུ། འདི་ལྟར་བགྱིས་པའི་རབ་དཀར་དགེ་ བའི་མཐུས། །བཀའ་དྲིན་ཟླ་མེད་འགྲོ་བའི་མགོན་པོ་ཡིས། །རྗེས་བཟུང་ཐུགས་ཀྱི་གསང་བ་ཀུན་འཛིན་པའི། །སྲས་ཀྱི་ཐུ་བོ་ཉིད་དུ་བདག་གྱུར་ཅིག། ༈ །།སསྟི། རྣམ་འདྲེན་ཐུགས་རྗེའི་སྟོབས་མངའ་ཤཱཀྱའི་ རྒྱལ། །མཁྱེན་རབ་དབང་བྱུག་འཇམ་དབྱངས་འགྲོ་བའི་སྐྱབས། །རྒྱལ་ཀུན་ཐུགས་རྗེའི་སྤྱི་གཟུགས་ཙོང་ཁ་པ། །འཁོར་བཅས་དགེ་ལེགས་བྱིན་ཆེན་ཆར་ལྟར་ཕོབ། །འཇམ་མགོན་བསྟན་པའི་སྣང་བྱེད་རྗེ་བཙུན་ཆེ། །བློ་བཟང་ཆེས་ [362B] །འཁྲུལ་བྲལ་སྤྲུལ་སྐུའི་འཛུམ་ཞལ་མྱུར་སྟོན་ཅིང། །སྐལ་ལྡན་འགྲོ་ལ་ཆོས་འཁོར་བསྐོར་དུ་གསོལ། །དེ་ལྟར་རྩེ་གཅིག་གསོལ་བཏབ་བདེན་པའི་མཐུས། །བདག་སོགས་འགྲོ་ཀུན་ སྐྱེ་བ་ཐམས་ཅད་དུ། །ཐེག་མཆོག་དམ་པའི་མགོན་གྱིས་རྗེས་བཟུང་ཞིང། །རིང་མིན་སྐུ་བཞིའི་གོ་འཕང་མྱུར་ཐོབ་ཤོག་ཅེས་པ་འདི་ནི་བྲག་རྒྱབ་བླ་མ་ཞི་པར་གཤེགས་པའི་ཡང་སྲིད་མྱུར་འབྱོན་རྗེས་འཛིན་དང་བཅས་པ་དགོས་ཞེས་ཆོས་མཛད་བྱམས་པ་ ཡེ་ཤེས་སོགས་ནས་བསྐུལ་བའི་ངོར་ཞྭ་སེར་བསྟན་པའི་གསལ་བྱེད་ཨ་ཆི་ཐུ་ནོ་མོན་ཧན་ཤཱཀྱའི་དགེ་སློང་བློ་བཟང་ཡེ་ཤེས་བསྟན་པ་རབ་རྒྱས་ཀྱིས་སྦྱར་བའོ།། ༈ །།ཨོཾ་སསྟི། བསླུ་མེད་བླ་མ་མཆོག་གསུམ་ཡི་དམ་ལྷ། །མཐུ་ལྡན་རྒྱལ་བའི་ བསྟན་བསྲུང་ཚོགས་རྣམས་དང། །བདེན་ཚིག་གྲུབ་པའི་དྲང་སྲོང་མ་ལུས་པས། །བདག་སོགས་རེ་བའི་འབྲས་བུ་འགྲུབ་བྱིན་རློབས། །ངག་གི་དབང་ཕྱུག་རྒྱལ་བ་གཉིས་པ་ཡི། །སྙན་རྒྱུད་དམ་པའི་ཆོས་ཀྱི་འབྱོར་པ་ཅན། །རྒྱལ་ཀུན་ འདུས་ཞལ་དྲིན་ཅན་བླ་མ་ཡི། །མཆོག་གི་སྤྲུལ་སྐུའི་ཞལ་བཟང་མྱུར་མཇལ་ཤོག་སྤྲོས་བྲལ་བདེ་ཆེན་ངེས་དོན་བླ་མ་མཆོག་དྲང་དོན་སྤྲུལ་པའི་རྣམ་པར་ཡོངས་བཞེངས་ཏེ། །བདག་སོགས་གུས་ལྡན་སློབ་བུ་མཐའ་དག་གི་ སྐྱབས་མགོན་མཛོད་ཅིག་རྗེ་བཙུན་ཐུགས་རྗེ་ཅན། །མཆོག་གསུམ་རྒྱལ་བ་རྒྱ་མཚོའི་བྱིན་མཐུ་དང། །ཆོས་དབྱིངས་འགྱུར་བ་མེད་པའི་བདེན་པ་དང། །བདག་སོགས་དད་མོས་རྩེ་གཅིག་གསོལ་བཏབ་མཐུས། །ཇི་ལྟར་སྨོན་ [363A]༄༅། །བའི་འདོད་དོན་མྱུར་འགྲུབ་ཤོག་ཅེས་བདག་གི་དྲིན་ཅན་རྩ་བའི་བླ་མ་བཀའ་དྲིན་འཁོར་མེད་རྡོ་རྗེ་འཆང་ངག་དབང་ཆོས་འབྱོར་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་མཆོག་སྤྲུལ་མྱུར་འབྱོན་གྱི་གསོལ་འདེབས་འདི་རང་ཉིད་ཀྱང་རྩོམ་འདུན་ཡོད་ཐོག་རྭ་སྒྲེང་ རྒྱལ་བའི་དབེན་གནས་ཀྱི་དབུ་ཆོས་དང་གྲྭ་དམངས་ནས་བསྐུལ་ངོར་རྗེ་བླ་མ་དེ་ཉིད་ཀྱི་བཀའ་དྲིན་གྱིས་འཚོ་བའི་སློབ་བུ་་གོང་མ་ཆེན་པོའི་ལུང་གིས་ཞྭ་སེར་བསྟན་པའི་གསལ་བྱེད་ཨ་ཆི་ཐུ་ནོ་མོན་ཧན་དུ་འབོད་པ་ཤཱཀྱའི་དགེ་སྦྱོང་རིག་པ་འཛིན་པ་བློ་བཟང་ཡེ་ཤེས་བསྟན་པ་རབ་རྒྱས་ཀྱིས་ དང་བ་ཆེན་པོས་སྦྱར་བའི་དགེ་བས་སྐྱེ་བ་ཀུན་ཏུ་དཔལ་ལྡན་བླ་མ་དམ་པ་དང་མི་འབྲལ་ཞིང་རྗེ་བཙུན་མཆོག་གི་སྤྲུལ་སྐུའི་ཞལ་བཟང་མྱུར་དུ་མཇལ་བའི་རྒྱུར་གྱུར་ཅིག། ༈ །།སསྟི། བསླུ་བ་མེད་པའི་བླ་མ་མཆོག་གསུམ་དང། །ཡི་དམ་ བདེ་གཤེགས་ཉན་རང་བཀའ་སྡོད་བཅས། །སྐྱབས་གནས་བསླུ་བ་མེད་པའི་ཚོགས་རྣམས་ཀྱིས། །བདག་གིས་སྨོན་པའི་ཚིག་འདི་འགྲུབ་པར་མཛོད། །བསོད་ནམས་བརྒྱ་ཕྲག་དུ་མའི་དཔུང་པ་ཡིས། །ལེགས་བཤད་ཚེ་ལ་ དབང་བའི་རྡོ་རྗེའི་མཆོག་མཐར་འཛིན་རི་བོ་འཇོམས་པའི་བཤེས་གཉེན་དབང། །ཡང་སྲིད་ཟླ་ཚེས་མྱུར་དུ་འཆར་བར་མཛོད། །དཀོན་མཆོག་རིན་ཆེན་གསུམ་གྱི་ཐུགས་རྗེ་དང། །ཆོས་ཉིད་འགྱུར་བ་མེད་པའི་བདེན་པ་དང། ། བདག་གི་ལྷག་བསམ་དག་པའི་མཐུ་དཔལ་གྱིས། །རྣམ་དག་སྨོན་པའི་གནས་འདི་འགྲུབ་པར་ཤོག་ཅེས་ཁལ་ཁ་མེར་རྒན་ནོ་མོན་ཧན་ཚེ་དབང་རྡོ་རྗེ་དེ་ཉིད་ཀྱི་ཡང་སྲིད་མྱུར་འབྱོན་གྱི་སྨོན་ཚིག་འདི་ནི་དམ་པ་གང་གི་གཉེར་པ་བསྐལ་བཟང་བསོད་ནམས་དང་ [364B]། ༈ །།ཨོཾས་སྟི། བསླུ་མེད་བླ་མ་ཡི་དམ་བསྲུང་མའི་ཚོགས། །ཁྱད་པར་གྲི་གུག་དམར་ནག་འཕྱིང་དཀར་བས། །བློ་བཟང་རྒྱལ་བསྟན་བརྩོན་ འགྲུས་དཔུང་བ་ཡིས། །ཉེར་འདེགས་བསྟན་འཛིན་དགེ་བའི་བཤེས་གཉེན་གྱི། །ཡང་སྲིད་འཁྲུལ་པའི་དྲི་བྲལ་ཆེས་མྱུར་བར། །དད་ལྡན་སློབ་བུའི་ཡིད་ཀྱི་གདུང་སེལ་དུ། །ཤར་བའི་མཐུ་ལས་སྐལ་བཟང་དད་ལྡན་རྣམས། །རྣམ་ ཀུན་དགའ་བའི་དར་དིར་སྒྲོགས་པར་མཛོད། །ཅེས་པའང་ཨ་ཆི་ཐུ་ནོ་མོན་ཧན་དུ་འབོད་པས་སྦྱར།། ༈ །སསྟི། མཆོག་གསུམ་བསླུ་བ་མེད་པའི་ཐུགས་རྗེ་དང། །དད་ལྡན་གདུལ་བྱའི་རྩེ་གཅིག་མོས་པའི་མཐུས། །རྗེ་བཙུན་ བླ་མ་རྒྱ་མཚོ་བཤེས་གཉེན་གྱི། །ཟག་མེད་ཐུགས་ཀྱི་དགོངས་པ་ཡོངས་རྫོགས་ཤོག་ཚོགས་གཉིས་ཤར་རིའི་རྩེ་ལས་མངོན་འཕགས་ཤིང། །སྐལ་ལྡན་གདུལ་བྱའི་ས་མོས་རྒྱས་མཛད་པའི། །སྤྲུལ་སྐུའི་ཟླ་བ་གསར་པ་མྱུར་ གསལ་ཏེ། །བསྟན་དང་འགྲོ་བའི་དོན་ཆེན་མྱུར་འགྲུབ་ཤོག་ཅེས་དད་ལྡན་བྱམས་པ་རྣམ་རྒྱལ་ནས་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་ངོར་ཞྭ་སེར་བསྟན་པའི་གསལ་བྱེད་ཨ་ཆི་ཐུ་ནོ་མོན་ཧན་དུ་འབོད་པས་སྦྱར་བའོ།། ༈ །།ཨོཾ་སསྟི། མཁྱེན་བརྩེ་ནུས་ གསུམ་སྒྲིབ་མེད་མཁའ་ངོས་སུ། །འཕྲིན་ལས་ནམ་མཁའ་མཛོད་ཀྱི་སྤྲིན་ཆགས་པས། །ཡོངས་རྫོགས་ཐུབ་བསྟན་དཔག་བསམ་རྒྱས་མཛད་པ། །རྣམ་འདྲེན་ཙོང་ཁ་པ་ཡིས་ཤིས་པ་སྩོལ། །བློ་གྲོས་ལུས་སྟོབས་རྫོགས་ [365A]༄༅། །བའི་གདོང་ལྔའི་དབང། །ཕས་རྒོལ་རི་དྭགས་མཐར་བྱེད་ཡོན་ཏན་རྫོགས། །ཐུབ་བསྟན་རྒྱལ་མཚན་འཛིན་མཁས་བཤེས་གཉེན་ཆེ། །མགོན་ཁྱོད་བདེ་སྟོང་ཆོས་སྐུའི་མཁའ་དབྱིངས་ལས། སྐལ་ དམན་བདག་སོགས་འགྲོ་བའི་བློ་ངོ་དང། །ཉེ་བར་འཚམ་པའི་མཆོག་སྤྲུལ་རྟ་བདུན་དབང། །ལགས་བྱས་ཤར་རིའི་རྩེ་ལས་མྱུར་འཕགས་ཏེ། །ཉམ་ཐག་སློབ་བུའི་གདུང་བ་བསལ་དུ་གསོལ། །བསྟན་འཛིན་རྐང་འཐུང་ ཁྲོད་ན་དཔག་བསམ་དབང། །མཁས་མང་རྒྱུ་སྐར་ཁྲོད་ན་ཉ་རྒྱས་ཟླ། །གྲུབ་མཆོག་གསེར་རིའི་དབུས་ན་ལྷུན་པོ་བཞིན། །མགོན་ཁྱོད་སྤྲུལ་སྐུའི་ཟློས་གར་མྱུར་བསྟན་གསོལ། །ཆོས་དབྱིངས་འགྱུར་བ་མེད་པའི་བདེན་པ་ དང། །དད་ལྡན་རྩེ་གཅིག་མོས་པའི་རྟེན་འབྲེལ་གྱིས། །མགོན་ཁྱོད་སྤྲུལ་སྐུའི་ཟླ་སྣང་མྱུར་གསལ་ཞིང། །ཐུབ་བསྟན་རྒྱ་མཚོའི་དཔལ་དུ་བརྟན་གྱུར་ཅིག་ཅེས་རིགས་ཀུན་ཁྱབ་བདག་འཁོར་ལོའི་མགོན་པོ་་ཀུན་གཟིགས་པཎ་ཆེན་ རྡོ་རྗེ་འཆང་གི་མཆོག་སྤྲུལ་དམ་པའི་རིགས་ཀྱི་ཅོད་པཎ་དུ་གྱུར་པ་འཇམ་མགོན་བསྟན་པའི་སོག་ཤིང་རིང་མོ་ཉིད་ནས་དམ་ཆོས་འཛིན་པའི་སྨོན་ལམ་གྱི་མཐུ་གྲུབ་ཅིང། །མཁས་ཤིང་གྲུབ་པའི་དབང་ཕྱུག་དམ་པ་ཡོངས་འཛིན་པཎྜི་ཏ་ནོ་མོན་ཧན་རིན་པོ་ཆེ་ཡོན་ཏན་རྒྱལ་མཚན་པའི་ཞལ་སྔ་ནས་ ཞི་བར་གཤེགས་སྐབས། དམ་པ་གང་དེའི་འཕྲིན་ལས་བ་དཀའ་ཆེན་བློ་བཟང་དགེ་ལེགས་ནས། ཡང་སྲིད་མྱུར་བྱོན་གྱི་གསོལ་འདེབས་ཤིག་དགོས་ཞེས་བསྐུལ་ངོར་་གོང་མ་ཆེན་པོའི་ལུང་གིས་ཞྭ་སེར་བསྟན་པའི་གསལ་བྱེད་ཨ་ཆི་ཐུ་ནོ་མོན་ཧན་དུ་འབོད་པ་ཤཱཀྱའི་དགེ་སློང་ [366B]། ༈ །།ཨོཾ་སྭ་སྟི། འཛད་མེད་ཐུགས་རྗེ་ཆེན་པོའི་གྲུ་ཆར་གྱིས། །ཐར་འདོད་ས་ཆེན་ ཚིམ་མཛད་བླ་མ་དང། །མཆོག་གསུམ་ལྷ་ཀླུ་བདེན་ཚིག་གྲུབ་རྣམས་ཀྱིས། །བདེན་ཚིན་རྡོ་རྗེའི་གྱིན་ཆེན་དེང་འདིར་ཕོབ། །བློ་བཟང་རྒྱལ་བསྟན་སྨྲ་མཁས་འཇིགས་མེད་དབང། །བདེ་སྟོང་ཡེ་ཤེས་རྡོ་རྗེས་མཐར་འཛིན་ཀུན། ། ཡོངས་འཇོམས་བཤེས་གཉེན་རྟ་བདུན་བདག་པོ་གང། །ཆོས་དབྱིངས་ཆུ་ལྷའི་ཕང་པར་ཉེར་གཟིམས་ཀྱང། །ཐར་འདོད་ཀུ་མུད་བཞད་བྱེད་འོད་དཀར་ཅན། །སྙིགས་མའི་རྒུད་པ་ཀུན་སེལ་སྤྲུལ་སྐུའི་ཟླ། །སྐལ་ལྡན་ཤར་རིའི་ རྩེ་ནས་མྱུར་ཤར་ཏེ། །དད་ལྡན་གདུང་བ་སེལ་བའི་དཔལ་གྱུར་ཅིག་ཆོས་དབྱིངས་འགྱུར་བ་མེད་པའི་བདེན་པ་དང། །དམ་ཅན་ཆོས་སྐྱོང་བསྲུང་མའི་ནུས་སྟོབས་ཀྱིས། །སྐལ་ལྡན་གདུལ་བྱས་ཇི་ལྟར་སྨོན་པའི་དོན། །རེ་བ་ མཐའ་དག་འགྲུབ་པའི་བཀྲ་ཤིས་སྩོལ། །ཞེས་བྱང་ཕྱོགས་བསྟན་པའི་སྒྲོན་མེ་ཁལ་ཁ་ཛ་ཡ་པཎྜི་ཏ་བློ་བཟང་འཇིགས་མེད་རྡོ་རྗེ་ཞིང་གཞན་དུ་གཤེགས་སྐབས་ཡང་སྲིད་མྱུར་འབྱོན་ཞིག་དགོས་ཞེས་སེར་བསམ་ཁལ་ཁའི་གྲྭ་རིགས་རྣམས་ནས་བསྐུལ་ངོར་ གོང་མ་ཆེན་པོའི་ལུང་གིས་ཞྭ་སེར་བསྟན་པའི་གསལ་བྱེད་རྭ་སྒྲེང་ཨ་ཆི་ཐུ་ནོ་མོན་ཧན་དུ་འབོད་པས་སྦྱར་བའོ།། ༈ །།ཚེ་དཔག་མེད་མགོན་རྣམ་པར་རྒྱལ། །དཀར་ཕྱོགས་ལྷ་ཀླུ་དྲང་སྲོང་ཚོགས། །བདེན་ཚིག་རྡོ་རྗེའི་དབྱར་ [367A]༄༅། །རྔ་འབུམ། །ལེགས་སྒྲོགས་བཀྲ་ཤིས་ཆར་ཆེན་ཕོབ། །རྗེ་དཔོན་བློ་བཟང་ཉི་མ་དང། །གུ་གེ་སྙིང་སྟོབས་རྒྱ་མཚོའི་དཔལ། །སྔགས་ཆེན་དགེ་ལེགས་རབ་རྒྱས་སོགས། །སྐྱེས་རབས་དམ་པའི་ཚོགས་ ལ་འདུད། །ཐུབ་དབང་མདོ་སྔགས་བསྟན་པའི་དཔལ། །རྒྱ་མཚོའི་ཐ་གྲུར་ཁྱབ་མཛད་པ། །མཁས་བཙུན་བཟང་པོའི་འོད་དཀར་ཅན། །རྗེ་བཙུན་བླ་མར་གསོལ་བ་འདེབས། །ཆོས་དབྱིངས་རང་བཞིན་རྣམ་དག་ཅིང། །རྒྱུ་འབྲས་ བསླུ་མེད་བདེན་པའི་མཐུས། །བསྐལ་བརྒྱར་ཞབས་བརྟན་བདག་སོགས་ཀུན། །བྱང་ཆུབ་བར་དུ་རྗེས་འཛིན་མཛོད། །ཅེས་ཁལ་ཁ་མེར་རྒན་ཝང་གི་གཤོག་དགེ་སློང་བློ་བཟང་བཀྲ་ཤིས་དང། སྨོན་ལམ་སོགས་གྲྭ་པ་དམངས་ཀྱིས་སྤྲུལ་པའི་སྐུ་ཆོས་རྗེ་ བསྟན་པ་རྒྱ་མཚོའི་འཁྲུངས་རབས་གསོལ་འདེབས་ཤིག་དགོས་ཞེས་བསྐུལ་ངོར་རྨི་ལམ་གྱི་རོལ་པར་ཤར་བ་ལྟར་རྭ་སྒྲེང་ནོ་མོན་ཧན་གྱིས་སྦྱར།། ༈ །།སྟོབས་བཅུ་མངའ་བའི་རྒྱལ་རྣམས་སྐལ་དམན་འགྲོར། །གཅིག་ཏུ་བརྩེ་ཡང་ སྨོན་ལམ་དམ་བཅའི་འཕྲུལ། །མཆོག་གྱུར་ཐུབ་དབང་རྡོ་རྗེ་འཆང་དབང་གིས། །བྱིན་རླབས་དངོས་གྲུབ་བཀྲ་ཤིས་ཆར་དུ་སྙིལ། །ངག་ལ་དབང་བསྒྱུར་བློ་བཟང་བསྟན་པའི་དཔལ། །འཛིན་མཁས་མཁྱེན་བརྩེའི་འོད་ཟེར་ རྣོན་པོ་ཡིས། །དད་ལྡན་གདུལ་བྱའི་པད་ཚལ་རྒྱས་མཛད་པ། །རྗེ་བཙུན་བླ་མ་བསྐལ་བརྒྱར་ཞབས་བརྟན་ཤོག་འཕྲིན་ལས་རྟ་བདུན་བདག་པོ་མཁར་འཕགས་ཤིང། །ཕན་བདེའི་པདྨོའི་ཚལ་ཀུན་བཞད་པ་དང། ། [368B] །སྐད་ཅིག་ཙམ་ཡང་འབྲལ་མེད་རྗེས་འཛིན་ཤོག་ངུར་བེད་ཏཱ་ཝང་གི་གཤོག་ཆོས་སྡེ་ཆེན་པོ་བཀྲ་ཤིས་འཕེལ་རྒྱས་གླིང་གི་བླ་མ་ལས་སྣེ་གྲྭ་རིགས་རྣམས་ཀྱིས། ཆོས་རྗེ་ངག་དབང་གྲགས་པའི་སྤྲུལ་སྐུ་ཞབས་ དྲུང་ངག་དབང་བསྟན་འཛིན་འོད་ཟེར་གྱི་ཞབས་བརྟན་གསོལ་འདེབས་ཤིག་དགོས་ཞེས་བསྐུལ་བ་ལྟར་རྭ་སྒྲེང་ཨ་ཆི་ཐུ་ནོ་མོན་ཧན་གྱིས་སྦྱར་བའོ།། ༈ །།བློ་བཟང་ཐུབ་དབང་རྡོ་རྗེ་འཆང་དབང་དང། །འཆི་མེད་ཚེ་ལ་དབང་བའི་ལྷ་ཚོགས་ཀྱི། །བདེན་ ཚིག་རྡོ་རྗེའི་བྱིན་རླབས་ཆར་རྒྱུན་གྱིས། །བདག་སོགས་རེ་བའི་པད་ཚལ་བཞད་གྱུར་ཅིག་ངག་ལ་དབང་བསྒྱུར་སྐལ་བཟང་གདུལ་བྱའི་གཉེན། །མཁས་བཙུན་བཟང་པོའི་འོད་ཟེར་རབ་འཕྲོ་བས། །བྱང་ཕྱོགས་རྨོངས་པའི་ སྨག་རུམ་མཐར་སྐྲོད་པ། །རྗེ་བཙུན་བླ་མ་བསྐལ་བརྒྱར་ཞབས་བརྟན་ཤོག་འཕྲིན་ལས་འོད་ཟེར་རྟ་བདུན་སྟོང་འབར་ཞིང། །དད་ལྡན་གདུལ་བྱའི་དགའ་སྟོན་བཞད་པ་དང། །ཐུབ་བསྟན་མདོ་སྔགས་བཤད་སྒྲུབ་རྒྱས་པ་སོགས། ། དུས་ཀུན་བཀྲ་ཤིས་དགེ་མཚན་འབར་གྱུར་ཅིག་ཅེས་དུར་བེད་ཏཱའི་ཝང་གི་གཤོག་ཆོས་སྡེ་ཆེན་པོ་བཀྲ་ཤིས་འཕེལ་རྒྱས་གླིང་གི་བླ་མ་ལས་སྣེ་གྲྭ་རིགས་རྣམས་ནས་དར་ཧན་མཁན་པོ་ལྷ་རམས་པ་ངག་དབང་བསྐལ་བཟང་གི་ཞབས་བརྟན་འཕྲིན་ལས་རྒྱས་ པའི་སྨོན་ཚིག་ཅིག་དགོས་ཞེས་བསྐུལ་ངོར་རྭ་སྒྲེང་ནོ་མོན་ཧན་གྱིས་སྦྱར་བའོ།། ༈ །འཆི་མེད་བདུད་རྩིའི་ཆུ་རྒྱུན་གྱིས། །ཉི་བུའི་ཚ་གདུང་སེལ་མཛད་པ། །ཚེ་དཔག་མེད་མགོན་ལྷ་ཚོགས་ཀྱིས། །ཚེ་ཡི་དངོས་གྲུབ་དེང་ [369A]༄༅། །འདིར་སྩོལ། །མ་རིག་གཉིད་ལས་རྣམ་སངས་ཤིང། །ལུང་རྟོགས་ཡོན་ཏན་རྒྱས་པའི་དཔལ། །མདོ་སྔགས་བསྟན་པའི་ཉི་མ་མཆོག་བསྐལ་བརྒྱའི་བར་དུ་ཞབས་བརྟན་ཤོག་དད་ལྡན་འགྲོ་རྣམས་བྱང་ ཆེན་བར། །དམ་པའི་མགོན་དང་མི་འབྲལ་ཞིང། །མཐའ་ཡས་རྒྱལ་བའི་ཆོས་ཚུལ་ཀུན། །འཛིན་ལ་འགྲན་ཟླ་མེད་གྱུར་ཅིག་ཅེས་མཁར་སྔོན་ཐུ་མེད་དགེ་སློང་དཀོན་མཆོག་དཔལ་བཟང་གིས། བླ་མ་སངས་རྒྱས་ཉི་མའི་ཞབས་བརྟན་གསོལ་འདེབས་ འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་ངོར་རྭ་སྒྲེང་ནོ་མོན་ཧན་གྱིས་སྦྱར་བའོ།། ༈ །།སྤངས་རྟོགས་མཐར་ཕྱིན་ཡང་དག་རྫོགས་སངས་རྒྱས། །ལེགས་གསུངས་ལུང་དང་རྟོགས་པའི་དམ་པའི་ཆོས། །རིགས་གྲོལ་གཉིས་ལྡན་ འཕགས་ཚོགས་དགེ་འདུན་ཏེ། །མཆོག་གསུམ་མཐུ་ཡིས་འདོད་དོན་འགྲུབ་གྱུར་ཅིག་བློ་བཟང་མདོ་སྔགས་ཀུན་དགའི་རྟ་བདུན་བདག་ཆུ་ལྷའི་ཕང་དུ་གཞོལ་ཡང་དད་ལྡན་གྱི། །མོས་པའི་ཤར་རིའི་རྩེ་ལས་མངོན་འཐོན་ཏེ་ གདུལ་བྱའི་ས་མོས་ཆེས་ཆེར་རྒྱས་གྱུར་ཅིག་དཀར་ཕྱོགས་ལྷ་དང་དྲང་སྲོང་བདེན་པའི་མཐུ། །དད་ལྡན་གདུལ་བྱས་རྩེ་གཅིག་གསོལ་བཏབ་འབྲས། །ཡང་སྲིད་ཆུ་ཤེལ་དབང་པོའི་དཀྱིལ་འཁོར་གྱིས། །སྐལ་ལྡན་ ཀུནའི་དགའ་ཚལ་བཞད་གྱུར་ཅིག་ཅེས་དུར་བེད་གཤོག་བཀྲ་ཤིས་རྫོགས་ལྡན་གླིང་གི་དབུ་མཛད་བློ་བཟང་དོན་གྲུབ་ནས། ཁོང་རང་གི་བླ་མ་ཆོས་རྗེ་བླ་མ་བློ་བཟང་ཀུན་དགའ་ཞིང་གཤེགས་སོང་བར། ཡང་སྲིད་མྱུར་བྱོན་གྱི་གསོལ་འདེབས་འདི་ལྟ་བུ་ཞིག་དགོས་ [370B]། ༈ །།ཨོཾ་སྭ་སྟི། ཚེ་དང་ཡེ་ཤེས་མཆོག་སྩོལ་ལྷག་པའི་ལྷ། །ཡིད་བཞིན་འཁོར་ལོ་རྣམ་པར་རྒྱལ་མ་སོགས། །འཆི་མེད་ཚེ་ལ་དབང་བའི་ལྷ་ཚོགས་ཀྱིས། །འགྲོ་ འདྲེན་དམ་པའི་སྐུ་ཚེ་བསྐལ་བརྒྱར་སྤེལ། །བསྐལ་བཟང་རྣམ་འདྲེན་ཐུབ་བསྟན་ཉིན་བྱེད་དབང། །ཡེ་ཤེས་འོད་ཟེར་སྟོང་འབར་སྐལ་ལྡན་བློའི། །མི་ཤེས་རྨོངས་པ་ཀུན་སེལ་གཏན་བདེ་ཡི། །དགའ་ཚལ་དར་ཞིང་རྒྱས་མཛད་ ཞབས་བརྟན་ཤོག་དད་ལྡན་འགྲོ་ཀུན་སྐྱེ་བ་ཐམས་ཅད་དུ། །ཐེག་མཆོག་དམ་པའི་མགོན་དང་མི་འབྲལ་ཞིང། །མཐའ་ཡས་རྒྱལ་བའི་ཆོས་ཚུལ་འཛིན་པ་ལ། །རྗེ་བཙུན་འཇམ་དཔལ་དབྱངས་དང་མཚུངས་པར་ཤོག་ ཅེས་ཨེར་ཏེ་ནེ་པཎྜི་ཏ་ཝང་ཧོ་ཐོག་ཐུ་བསྐལ་བཟང་ཐུབ་བསྟན་ཡེ་ཤེས་དར་རྒྱས་ཀྱི་ཞབས་བརྟན་གསོལ་འདེབས་ཤིག་དགོས་ཞེས། ཝང་ཞབས་དྲུང་སྙན་གྲགས་དར་རྒྱས། ཨོན་ཧུ་ཧན་ཞབས་དྲུང་ཡོན་ཏན་དར་རྒྱས། དགེ་ཚུལ་བསྟན་འཛིན་རྒྱ་མཚོ་ནས་བསྐུལ་དེར་རྭ་སྒྲེང་ ཨ་ཆི་ཐུ་ནོ་མོན་ཧན་གྱིས་སྦྱར་བའོ།། ༈ །།ཇ་མཆོད་བྱིན་རླབས་ཀྱི་ཕུང་པོ་རྒྱ་བའི་ཆུ་གཏེར་རྦ་རླབས་གཡོ་བའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ། །ཡིད་འོང་ཟླ་ཤེལ་ལྗོན་པའི་པད་ཕོར་ནང། །བཅུད་མཆོག་སིནྡྷུར་ལི་ཁྲིའི་མདངས་ འོད་ཅན། །ག་བུར་གུར་ཀུམ་དྲི་ཞིམ་ངད་ལྡང་བ། །འཆི་མེད་བདུད་རྩིའི་བཏུང་བ་དམ་བ་འདི། །བཀའ་དྲིན་མཉམ་མེད་དངོས་བརྒྱུད་བླ་མའི་ཚོགས། །ཧེ་རུ་ཀ་དཔལ་འཇིགས་མཛད་དུས་ཀྱི་དགྲ་ཡི་དམ་དཀྱིལ་འཁོར་རྒྱལ་ [371A]༄༅། །བ་རྒྱ་མཚོལ། །མཆོད་པར་འབུལ་ལོ་དངོས་གྲུབ་རྣམ་གཉིས་སྩོལ། །ཕྱག་དྲུག་ལས་གཤིན་འདོད་ཁམས་དབང་ཕྱུག་མ། །དཔལ་གྱི་ལྷ་མོ་རྒྱལ་ཆེན་ངལ་བསོས་པོ། །གུར་ཞལ་བེག་ཙེ་བསྟན་བསྲུང་རྒྱ་མཚོ་ལ། ། མཆོད་པར་ ྾ །ལས་མགོན་མོན་པ་ནག་པོ་མཐུ་རྩལ་ཅན། །བོད་སྐྱོང་མཁའ་འགྲོའི་གཙོ་མོ་གཡུ་སྒྲོན་མར། །མཆོད་པར་ ྾ །སྙིང་དབུས་པདྨོར་ བཞུགས་པའི་དྲིན་ཅན་རྗེ། །རྩ་ཁམས་དཔའ་བོ་ཌཱ་ཀིའི་ཚོགས་བཅས་ལ། །མཆོད་པར་ ྾ །བོད་ཡུལ་རྒྱུ་བའི་ངལ་བ་ལྷུར་བླངས་པའི། །མི་དང་དུད་འགྲོར་བཅས་པའི་འགྲོ་བ་རྣམས་ བདེ་ལྡན་པདྨོར་རྫུས་ཏེ་སྐྱེ་བར་ཤོག་ཆོས་ལྡན་རྒྱལ་པོ་བསྟན་པའི་སྦྱིན་བདག་རྣམས། །མྱོས་འགྱུར་སྤངས་ཏ་བཏུང་བའི་མཆོག་འདི་ཡིས། །ཚིམ་ནས་དགེ་བའི་བསམ་སྦྱོར་རབ་རྒྱས་ཏེ། །ཡངས་པའི་རྒྱལ་ཁམས་བདེ་ལ་འགོད་ བར་ཤོག་ཁྱིམ་པའི་ཚོགས་རྣམས་སྡིག་པའི་ཟས་སྤངས་ནས། །དཔལ་འབྱོར་རྒྱས་ཤིང་འདི་ལྟས་འཚོ་བ་དང། །དཀོན་མཆོག་མཆོད་ཅིང་བྱམས་པའི་སེམས་ལྡན་པས། །འཇིག་རྟེན་ཐམས་ཅད་བདེ་ཞིང་སྐྱིད་པར་ཤོག་ཐུབ་པའི་ བརྟུལ་ཞུགས་འཆང་བའི་དགེ་སྦྱོང་རྣམས། །སྡིག་མེད་རྣམ་དཔྱོད་རྒྱས་བྱེད་འདིས་འཚོ་ཞིང། །ཀློག་དང་སྤོང་བའི་འཁོར་ལོ་རྣམ་གསུམ་གྱིས། །རྒྱལ་བའི་བསྟན་པ་ཕྱོགས་བཅུར་སྤེལ་བར་ཤོག་རི་སུལ་རྒྱུ་བའི་རྣལ་འབྱོར་ཕོ་ [372B] བཏུང་བའི་མཆོག་འདིས་རིག་པ་དྭངས་སྙིགས་ཕྱེ། །རྩེ་གཅིག་བསམ་གཏན་མཆོག་གི་བདེ་ཐོབ་ནས། །ས་དང་ལམ་གྱི་རྟོགས་པ་མངོན་འགྱུར་ཤོག་རྣལ་འབྱོར་བདག་ཀྱང་དབེན་པའི་ནགས་ཚལ་དུ། །འདི་འདྲའི་བཏུང་བས་ཞེན་ མེད་འཚོ་བ་དང། །གསང་ཆེན་ཟབ་མོའི་ཏིང་འཛིན་བསྒོམས་པའི་མཐུས། །རྡོ་རྗེ་འཆང་དབང་ཚེ་འདིར་འགྲུབ་པར་ཤོག་སྣོད་བཅུད་རྒྱལ་བའི་དཀྱིལ་འཁོར་རོལ་པར་ཤར། །འདོད་ཡོན་བྱང་ཆུབ་སྒྲུབ་པའི་གྲོགས་སུ་བསྒྱུར། །འདི་འདྲའི་ལམ་ བཟང་རྙེད་པ་བླ་མའི་དྲིན། །དགྱེས་པར་རོལ་ཅིག་རྡོ་རྗེའི་སྤུན་གྲོགས་རྣམས། །ཞེས་ཇ་མཆོད་སྨོན་ལམ་དང་བཅས་པ་འདི་ནི་རང་གི་ཡིད་ལ་ཤར་བ་བཞིན་་ཤཱཀྱའི་དགེ་སློང་བློ་བཟང་ཡེ་ཤེས་བསྟན་པ་རབ་རྒྱས་ཀྱིས་དེ་འཕྲལ་སྦྱར་བ་འདི་ལྟར་མཛད་ན་བྱིན་རླབས་འབྱུང་བས་ཉམས་ལེན་ མཛོད། ༈ །།བསངས་མཆོད་བཀྲ་ཤིས་ལྷའི་རྔ་བོ་ཆེའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་སྭ་ར་སྭ་སྟི་མཉྫུ་ཤྲཱི་ཡ། སྐུ་གསུམ་མངོན་གྱུར་རྒྱལ་བ་རྡོ་རྗེ་འཆང། །ཕྱི་ནང་གཤིན་རྗེའི་གཤེད་གྱུར་ཡི་དམ་ལྷ། དབྱེར་མེད་འཇམ་ དཔལ་རྡོ་རྗེ་བློ་བཟང་གྲགས། །བྱང་ཆུབ་བར་དུ་སྤྱི་གཙུག་རྒྱན་དུ་བཞུགས། །ཁུངས་ལྡན་རྒྱ་བོད་མཁས་པའི་གསུང་རྒྱུན་ལས། །ལེགས་འོངས་བསངས་མཆོད་ཡན་ལག་བརྒྱད་ལྡན་ཆབ། །བོར་ནས་བློ་བྱས་བསངས་ཡིག་བ་ཚྭའི་ཆུ། ། འཐུངས་བྱེད་བློ་དམན་རི་དྭགས་ཆེས་བླ་ན་མོད། །འོན་ཀྱང་དད་ལྡན་སློབ་མས་བསྐུལ་བའི་ངོར། །བློས་བྱས་ཚིག་གི་རྒྱུད་མངས་འདི་བསྒྲགས་ཚེ། །རྣམ་དཔྱོད་ལྡན་པའི་མཁས་རྣམས་དགྱེས་མིན་ཡང། །རང་མཉམ་སྐལ་དམན་ [373A]༄༅། །འགའ་ལ་ཕན་ཕྱིར་བཀོད། །འདིར་མཆོད་ཡུལ་མཆོག་དམན་རྣམས་ལ་བསངས་ཀྱི་མཆོད་སྤྲིན་འབུལ་བར་བྱེད་པའི་རིམ་པ་ནི། བླ་མ་ཡི་དམ་མཁའ་འགྲོ་རྣམས་ཀྱི་བ་ཏོར་མ་ཟླུམ་པོ། ཟུར་གསུམ། ལྷ་བཤོས་བཅས་དབུས་དང། གཡས་གཡོན་དུ་རིམ་པ་བཞིན་གཞིས་ བདག་གི་གཏོར་མ་དང། ཆོས་སྐྱོང་སོགས་ཀྱི་གཏོར་མ་གང་ལས་དང། ཉེར་སྤྱོད། ཕྱེ་མག་ཆད་ལུད། བསངས་རྫས་ཙནྡན་དཀར་དམར། ཨ་ག་རུ། བཟང་དྲུག་སྤོས་དཀར། མ་ནུ། སྟག་པ། ཤུགས་པ། འཁན་པ། པ་ལུ། སྤ་མ། བདུད་རྩི་ཅན་གྱི་ཤིང་སྣ། ཟས་ཕུད། འབྲུ་སྣ་སོགས་མ་ཆང་བ་ སེད་པ། གཞན་ཡང་དར་མདུང་གོ་མཚོན་སྤྱན་གཟིགས་སོགས་གང་འབྱོར་ལེགས་པར་བཤམ། རང་དང་སྒྲུབ་གྲགས་རྣམས་བདེ་བའི་སྟན་ལ་འཁོད་དེ་རོལ་མོ་དབྱངས་དང་བཅས་མ་ཡེངས་པའི་དང་ནས་སྐྱབས་སུ་འགྲོ་བ་ནི། སྐད་ཅིག་གིས་སྐྱབས་ཡུལ་རྣམས་མདུན་གྱི་ནམ་མཁར་བཞུགས་ པར་མོས་ཏེ། ཧཱུཾ། འདོད་རྒུའི་ཆར་འབེབས་རྩ་བརྒྱུད་བླ་མ་དང། །ཡི་དམ་མཆོག་གསུམ་དཔའ་བོ་མཁའ་འགྲོ་མར། བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པ། །བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི། །ལན་གསུམ་བརྗོད། སེམས་ བསྐྱེད་ནི། ཧཱུཾ། མཐའ་བྲལ་འཁོར་བའི་རྒྱ་མཚོ་ཆེན་པོ་རུ། །མ་རིག་འཁྲུལ་པའི་དབང་གྱུར་འཁྱམས་པའི་འགྲོ། གཏན་དུ་བདེ་བའི་འཆི་མེད་དགའ་ཚལ་དུ། །བགྲོད་ཕྱིར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ལན་གསུམ། ཚོགས་ཞིད་ནི་ ཧཱུཾ། དག་པ་གཉིས་ལྡན་ཆོས་སྐུའི་མཁའ་དབྱིངས་ལས། །བཞིན་ལག་མཚན་དཔེའི་གཟུགས་སུ་ཡོངས་ཤར་བ། །སྐྱབས་གནས་ཀུན་འདུས་བློ་བཟང་གྲགས་པ་དང། །དབྱེར་མེད་སྒྱུ་འཕྲུལ་གར་མཁན་འཁོར་ལོ་སྡོམ། ། [374B] །མཐའ་སྐོར་དངོས་བརྒྱུད་བླ་མ་ཡི་དམ་ལྷ། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་བསྲུང་མའི་ཚོགས། །ལྷ་ལམ་དོག་བོར་འགེངས་མཛད་སྐྱབས་ཡུལ་གྱི། །གནས་གསུམ་ཡི་གེ་གསུམ་ མཚན་ཧཱུཾ་ཡིག་གིས། །བསྐུལ་བས་སྤྱན་དྲངས་དབྱེར་མེད་བཞུགས་སུ་གསོལ། །སྒོ་གསུམ་དང་བའི་ཡིད་ཀྱིས་ཕྱག་འཚལ་ཞིང། །ཆགས་མེད་ཀུན་ཏུ་བཟང་པོའི་མཆོད་སྤྲིན་འབུལ། །སྡིག་པའི་མུན་སྟུག་སྟོབས་བཞིའི་འོད་ཀྱིས་ བསལ། །རང་གཞན་དགེ་བ་ཀུན་ལ་རྗེས་ཡི་རང། །ཐེག་གསུམ་ཆོས་འཁོར་རྒྱ་ཆེར་བསྐོར་བར་བསྐུལ། །སྒྲིབ་བྲལ་གཟུགས་སྐུ་གཡོ་མེད་བསྐལ་བརྒྱར་བཞུགས། །རང་གཞན་དུས་གསུམ་པ་སོགས་པའི་དགེ་བའི་ལས། །བདེ་ཆེན་ ཡེ་ཤེས་ཐོབ་པའི་རྒྱུ་རུ་བསྔོ། །རྡོར་སེམས་སོགས་ལྷའི་ང་རྒྱལ་གྱི་ངང་ནས། སྔགས་དྲུག་ཕྱག་རྒྱ་དྲུག་གིས་བསངས་རྫས་རྣམས་བྱིན་གྱིས་བརླབ། གཞུང་དངོས་ལ་འཇུག་པའི་བདག་བསྐྱེད་ནི་ཧཱུཾ། མ་ཆགས་པདྨ་ཐབས་ཤེས་ཉི་ཟླའི་སྟེང། །རང་སེམས་ཧཱུཾ་ཡིག་ཡོངས་གྱུར་ ཧེ་རུ་ཀ། ཡེ་ཤེས་འཇའ་ཟེར་དབུས་བཞུགས་མཐའ་སྐོར་དུ། །དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བར་གྱུར། །མགྲོན་སྤྱན་འདྲེན་པ་ནི། ཧཱུཾ། བྱིན་རླབས་གཏེར་གྱུར་རྩ་བརྒྱུད་བླ་མ་དང། །དངོས་གྲུབ་རྩ་བ་ཡི་དམ་དཀྱིལ་འཁོར་ ལྷ། །སྐྱབས་གནས་མཆོག་གྱུར་དཀོན་མཆོག་རྣམ་པ་གསུམ། །དཔག་ཡས་མཐུ་མངའ་དཔའ་བོ་མཁའ་འགྲོ་དང། །ལས་ཀུན་སྒྲུབ་མཛད་དམ་ཅན་ཆོས་སྲུང་ཚོགས། །ཆོས་མཐུན་འཚོ་བ་སྤེལ་མཛད་འགྲོ་བའི་ལྷ། །སྣང་སྲིད་ [375A]༄༅། །གནས་པའི་སྡེ་བརྒྱད་གཞིས་ཀྱི་བདག་མ་ལུས་ཐོགས་མེད་འདིར་གཤེགས་རང་རང་གི་དགྱེས་བའི་གདན་སྟེང་བག་ཕབ་བརྟན་པར་བཞུགས། །དངོས་བཤམས་ཡིད་སྤྲུལ་བསངས་ཀྱིས་མཉེས་གྱུར་ཅིག་ བསངས་གྱེར་པ་ནི། ཧཱུཾ། འགྱུར་མེད་སྒྲིབ་བྲལ་ཆོས་དབྱིངས་མེ་ཞལ་ལམ། །སྣང་བྱེད་མཚན་དཔེའི་གར་རོལ་ལོངས་སྤྱོད་རྫོགས། །བརྩེ་ཆེན་འགྲོ་ལ་ཅིར་སྣང་སྤྲུལ་བའི་སྐུ། །འགྲོ་བའི་དབང་པོར་འཆམ་པའི་སྒྱུ་འཕྲུལ་གར། །སྟོན་མཛད་ ཉི་མའི་གཉེན་དང་དབྱེར་མེད་བའི། །སྙིགས་དུས་འགྲོ་འདྲེན་བློ་བཟང་གྲགས་པའི་དཔལ། །ལ་སོགས་རྩ་བརྒྱུད་བླ་མ་མ་ལུས་ལ། །དངོས་གྲུབ་སྩོལ་ཕྱིར་བསངས་ཀྱི་མཆོད་པ་འབུལ། །ཀྱཻ། འཛམ་བུ་ཆུ་གསེར་མདངས་ཆགས་ ལོ་འདབ་ཚོགས། །ཕང་ཕུང་གཡོ་བའི་ལྗོན་ཤིང་སྟག་པས་བསངས། །མར་རྒད་མདོག་ཅན་བཻཌཱུར་ཞུན་མ་ཡི། །ཁེངས་འཕྲོག་འདབ་མ་རབ་རྒྱས་ཤུགས་པས་བསངས། །གངས་རིའི་མདངས་ཆགས་ལོ་འདབ་གཞོན་ནུའི་ཚོགས། ། གཡུར་དུ་ཟ་བའི་ལྗོན་ཤིང་འཁན་པས་བསངས། །རབ་དམར་བྱུ་རུའི་མདངས་ལ་འགྲན་བཟོད་པའི། །མེ་ཏོག་འདབ་མ་རབ་མཛེས་བ་ལུས་བསངས། །ནད་སེལ་བཟང་དྲུག་མ་ནུ་སྤོས་དཀར་དང། །ཙནྡན་དཀར་དམར་ཨ་ཀར་ དུད་པས་བསངས། །བདུད་རྩི་སྙིང་པོ་མཆོག་གི་ལྗོན་པའི་ཚོགས། །ཕྱེ་མར་ཟས་ཕུད་འབྲུ་སྣའི་རིགས་ཀྱིས་བསངས། །རིན་ཆེན་སྣ་ལྔ་དར་དང་ཟ་འོག་གོས། །དཀར་གསུམ་མངར་གསུམ་ལ་སོགས་དགྱེས་པའི་རྫས། །རྨ་ [376B] །རྣམ་ལྔར་བདེ་བ་ཆེན་པོ་བསྐྱེད་གྱུར་ཅིག་ཀྱཻ། ཚེ་གཅིག་གདོད་མའི་མགོན་པོ་རྡོ་རྗེ་འཆང། །འགྲུབ་ཕྱིར་དབང་ལུང་ཁྲིད་སོགས་གདམས་པ་ཀུན། །སྩོལ་མཛད་ཁྱབ་བདག་རྡོ་རྗེ་འཆང་ དབང་ནས། །དྲིན་ཅན་རྩ་བའི་བླ་མའི་པར་བྱོན་པའི། །རྒྱ་བོད་མཁས་གྲུབ་རིག་འཛིན་མ་ལུས་དང། །ཆོས་ཀྱི་རྒྱལ་པོ་མེས་དབོན་རྣམ་པ་གསུམ། །ལྔ་བརྒྱའི་གཙུག་རྒྱན་ཇོ་བོ་ཡབ་སྲས་དང། །འཇམ་མགོན་རྒྱལ་བ་གཉིས་པ་ཡབ་ སྲས་བསངས། །ཀྱཻ། དབང་པོའི་གཞུ་ལྟར་རབ་བཀྲ་མཚན་དཔེའི་གར། །བདེ་བར་གཤེགས་པ་རིགས་ལྔ་ལ་སོགས་པའི། །སུམ་ཅུ་རྩ་གཉིས་ལྷ་ཡི་འཁོར་ལོ་མཆོག་བཅོམ་ལྡན་མི་བསྐྱོད་རྡོ་རྗེའི་ལྷ་ཚོགས་བསངས། །གུར་གུམ་ལྷུན་ པོར་ཉི་གཞོན་འབུམ་འཁྱུད་བཞིན། །བདུད་བཞི་ལས་རྒྱལ་བཅོམ་ལྡན་ལྷ་ཡི་ལྷ། །བཅུ་དགུའི་བདག་ཉིད་ཟུང་འཇུག་དང་པོའི་མགོན། །འཇམ་དཔལ་རྡོ་རྗེའི་ལྷ་ཚོགས་ཐམས་ཅད་བསངས། །ཨིཎྜ་ནི་ལའི་ལྷུན་པོར་ཉི་འོད་ཀྱིས། ། འཁྱུད་འདྲའི་གཟི་ལྡན་ཁྲག་འཐུང་ཧེ་རུ་ཀ། དགྱེས་པ་སྐྱེད་བྱེད་རྡོ་རྗེ་ཕག་མོ་སོགས། །དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་མ་ལུས་བསངས། །དགྲ་གདོང་འཇིགས་གསུམ་ཀྱེ་རྡོར་དུས་འཁོར་སོགས། །བགྲང་ཡས་བརྗོད་པར་དཀའ་བའི་ དཀྱིལ་འཁོར་གྱི། །འཁོར་ལོའི་བདག་ཉིད་ལྟ་ཡི་ཚོགས་ཀུན་བསངས། །གཏན་བདེའི་མཆོག་སྩོལ་དག་ལེགས་ཆར་ལྟར་འབེབས། །སྡུག་བསྔལ་འཇིགས་སྒྲོལ་ལྷ་མི་ཡོངས་ཀྱི་སྐྱབས། །དྲན་པས་གདུང་སེལ་ཀླུ་དབང་གཙུག་ [377A]༄༅། །རྒྱན་བཞིན། །དཀོན་མཆོག་རིན་ཆེན་རྣམ་གསུམ་མ་ལུས་བསངས། །ཉི་ཤུ་རྩ་བཞིའི་ཡུལ་དང་དུར་ཁྲོད་བརྒྱད། །མཁའ་སྤྱོད་ཞིང་དང་སུམ་ཅུ་རྩ་བདུན་གནས། །མཐའ་བྲལ་དོ་མཚར་ཞིང་ན་ལེགས་བཞུགས་ པའི། །དཔའ་བོ་མཁའ་འགྲོའི་ལྷ་ཚོགས་མ་ལུས་བསངས། །ཀྱཻ། རྒྱལ་ཀུན་སྙིང་རྗེའི་རང་གཟུགས་གྲུ་འཛིན་བདག་གདུག་ཅན་དགྲ་བགེགས་སྒྲོལ་བའི་གཉེན་པོ་རུ། །གཏུམ་དྲག་ཆེ་ལ་རྔམས་པའི་རྣམ་འགྱུར་ཅན། །མཧཱ་ཀཱ་ལ་ ཕྱག་དྲུག་འཁོར་བཅས་བསངས། །ལས་གཤིན་འདོད་ཁམས་བདག་མོ་ཕྱག་བཞི་པ། །རྣམ་མངས་ཐོས་སྲས་ལེགས་ལྡན་མཆེད་གསུམ་དང། དུར་ཁྲོད་བདག་པོ་ཏྲ་ཀཤད་ཞང་བློན་བསངས། །བསྟན་བསྲུང་རྒྱ་མཚོའི་སྡེ་དཔོན་རྡོ་ རྗེ་གུར། །གཏུམ་ཆེན་སྟོབས་འཕྲོག་དབང་པོ་ཞལ་བཞི་པ། །དུད་སོལ་ལྷ་མོ་པུ་ཏྲ་མིང་སྲིང་དང། །དུང་སྐྱོང་དབང་མོ་བེག་གདོང་ལྕམ་དྲལ་བསངས། །མཐར་སྐྱེས་མགོན་པོ་ཨེ་ཀ་ཛ་ཊི་དང། །གྲི་གུག་ནག་པོ་མ་ནིང་འཕྱིང་དཀར་པ། ། ཐང་ལྷ་སྟག་བཞོན་གཟའ་བདུད་ཨ་གྷོ་ར། །སྒྲུལ་པའི་ཆོས་རྒྱལ་སྐུ་ལྔ་འཁོར་བཅས་བསངས། །རྡོ་རྗེ་ལེགས་པ་ཚེ་རིང་མཆད་ལྔ་དང། །བདུད་མགོན་བརྟན་མ་བཅུ་གཉིས་འཁོར་བཅས་དང། །དཔལ་གྱི་ལྷ་ས་བསམ་ཡས་ ཁྲ་འབྲུག་སོགས། །དབེན་གནས་ཆོས་འཁོར་བསྲུང་མ་མ་ལུས་བསངས། །ཕུན་ཚོགས་དཔལ་གྱི་འབྱོར་པས་འཆི་མེད་གྲོང། །དུས་འདིར་ས་ལ་འཕོས་འདྲ་ཚ་བའི་ཡུལ། །གནས་ཆེན་ཁ་བ་དཀར་པོ་ཞེས་གྲགས་པའི། ། [378B] །སྤྲིན་དཀར་དུམ་བུ་ཆད་འདྲའི་རྟ་མཆོག་སྟེང། །སྲ་བརྟན་ཡ་ལད་རྣོ་ངར་མཚོན་ཆས་མཛེས། །མཛེས་སྡུག་ཡུམ་མཆོག་གཏེར་བདག་དམག་དཔོན་སོགས། །མ་ལུས་འཁོར་ བཅས་བསངས་མཆོད་འདི་བཞེས་ལ། །དད་པའི་ཤིང་རྟས་ལེགས་དྲངས་གནས་ཆེན་འདིར། །བསྐོར་བའི་འགྲོ་རྣམས་སྟག་དྲེད་དུག་སྤྲུལ་གྱི། །ཉེར་འཚེས་དབེན་ཞང་མཐུན་རྐྱེན་ལེགས་ཚོགས་ཀུན། །ཡིད་བཞིན་འགྲུབ་པའི་ འཕྲིན་ལས་མ་ལུས་སྩོལ། །རྗེ་ཡི་འགུར་ལྷ་འབངས་ཀྱི་སྲོག་ལྷ་དང། །སྲིད་པའི་ལྷ་དགུ་བོད་ཁམས་ཡུལ་གྱི་ལྷ། །རྒྱ་གར་ལི་བལ་རྒྱ་ནག་ཧོར་གྱི་ཡུལ། །མངའ་རིས་སྐོར་གསུམ་གཞིས་བདག་མ་ལུས་བསངས། །རྨ་ཆེན་ སྤོམ་ར་སྲས་མཆོག་འབྲོམ་ར་སོགས། །མདོ་སྟོད་མདོ་སྨད་ལྗངས་ཡུལ་ལ་སོགས་པའི། །འཛམ་བུ་གླིང་གི་ཡུལ་གྲུ་མ་ལུས་པར། །གནས་པའི་ཡུལ་གྱི་གཞིས་བདག་མ་ལུས་བསངས། །ལྷ་ཀླུ་རྒྱལ་པོ་གཤིན་རྗེ་རྨུ་བཙན་ དང། །གནོད་སྤྱིན་མ་བདུད་གཟའ་དང་རྒྱུ་སྐར་སོགས། །མདོར་ན་སྣང་ཞིང་སྲིད་པའི་ལྷ་མ་སྲིན། །སྡེ་བརྒྱད་བྲན་གཡོག་འཁོར་དང་བཅས་པ་བསངས། །ཀྱཻ། ཁྱད་པར་ཡོན་མཆོད་འཁོར་དང་བཅས་པ་ཡི། །བསམས་པའི་ དོན་འགྲུབ་མི་འཛད་ནོར་གཏེར་ཞིང། །རྒྱབ་རྟེན་མགོན་མཛད་རིགས་དང་རྒྱུད་རྣམས་སྤེལ། །མཐུ་སྟེབས་དཔའ་རྩལ་བསྐྱེད་པའི་ལྷ་རྣམས་བསངས། །མཛེས་པའི་གཟུགས་སོགས་དབང་ལྔ་སོ་སོ་ཡི། །ཡུལ་དུ་བདེ་སྟེར་ [379A]༄༅། །གྲུབ་ལ་དབང་བའི་ལྷ། །ཕྱི་ལིང་རྟ་དང་སྲ་བརྟན་གོ་ཆའི་ཚོགས། །རྣོ་ངར་མཚོན་ཆར་གནས་པའི་དགྲ་ལྷ་བསངས། །ཕྱོགས་སུ་དོན་གཉེར་ཚོང་དང་ཁེ་སྤོགས་དང། །དམག་ཇག་འགྲུལ་བཞུད་མཐོ་ ལ་ཞུ་འབུལ་དང། །དམའ་ལ་བཀའ་བསྒོ་མཉམ་པོར་ཤགས་འགྱེད་པ། །བྱ་བ་ཀུན་ལ་དབང་བའི་ལྷ་རྣམས་བསངས། །ཞིང་དང་ཕྱུགས་ལྷས་ཁང་ཁྱིམ་ཐབ་ཀ་དང། །མཁར་གྱི་རྩེ་ལྷ་སྒོ་དང་ལམ་གྱི་ལྷ། །འགོ་བའི་ལྷ་ལྔ་མི་ ཐུབ་དགྲ་ལྷ་སོགས། །ཕ་མེས་རྒྱུད་གྱི་བསྲུང་མ་ཐམས་ཅད་བསངས། །གཙུག་རབ་རྒྱུད་དང་སྨུག་རབ་རྒྱུད་ཀྱི་ལྷ། །སློབ་དཔོན་རྒྱུད་ཀྱི་བསྲུང་མ་མ་ལུས་བསངས། །གཞིས་ཀྱི་བསྲུང་མ་འགྲོ་བའི་ལམ་ལྷ་དང། །ལོངས་སྤྱོད་རྒྱན་ གོས་གོགས་ལ་གནས་རྣམས་བསངས། །སྐུ་ལ་སྦྱེར་འཛོམ་ལྷའུ་གཡང་དཀར་དང། །ཡབ་ལྷ་རྡལ་དྲུག་མོ་བཙུན་རྒྱལ་མོ་མཐིང། །བོད་ཀྱི་མིའུ་གདུང་དྲུག་ཟོ་དོར་ལྷ། །སྟོངས་དང་འབྱུང་བ་ཆགས་པའི་དགྲ་ལྷ་བསངས། ། འདོད་རིགས་སྨན་པ་བཅོ་བརྒྱད་མ་ཆགས་སྟོང། །ཐུགས་ཀར་སུམ་བརྒྱ་དྲུག་ཅུ་ལ་སོགས་པའི། །སྤོར་ཐང་བརྒྱད་ཅུ་སྐོར་གྱི་གཙུག་ལག་ལྷ། །མདོར་ན་གཡུང་དྲུང་བོན་གྱི་ལྷ་རྣམས་བསངས། །རང་བྱུང་བཅོས་མའི་མེ་དང་ རླུང་ལ་སོགས། །ཉིན་སྲིབས་རི་དང་ནགས་ཚལ་ལྟེང་ཀ་དང། །ལམ་ཆེན་བཞི་མདོ་ཆུ་ཀླུང་ལྗོན་པའི་ཤིང། །སོ་སོར་དབང་བའི་ཕྱོགས་འདིའི་གཞིས་བདག་བསངས། །བཤགས་པ་ནི། ཧཱུཾ། དེ་ལྟར་མཆོད་ཡུལ་མཆོག་དམན་ [380B] །དངོས་བཤམས་ཡིད་སྤྲུལ་མཆོད་སྤྲིན་ལྷ་ལམ་འགེངས། །གཙང་ཞིང་གཙང་མར་སྦྱར་བའི་དགྱེས་བསྐྱེད་རྫས། །དག་བྱེད་བསངས་ཀྱི་མཆོད་བ་འདི་ཕུལ་བས། །མར་གྱུར་སྤྱི་དང་བདག་ཅག་ཡོན་མཆོད་རྣམས། ། སོ་ཐར་བྱང་སེམས་རིག་འཛིན་སྡོམ་པ་ཡི། །དམ་ཚིག་ཉམས་དང་རྨེ་ཡུག་ཡེ་བཤན་མཛེ། །ལྷ་མི་འཁོན་དང་རྩོད་གྲིབ་བསྣོལ་བ་དང། །བྱ་སྤྱོད་མི་མཁས་དཀར་དམར་ཐབ་གཞོ་བ་སོགས། །མི་གཙང་རིགས་རྣམས་ལག་ཏུ་བསྟར་ ཞིང་བཅངས། །གོས་སུ་གྱོན་ཞིང་ཟས་སུ་ཟོས་པ་སོགས། །དམིགས་མེད་ཆོས་དབྱིངས་ངང་དུ་བཤགས་པར་གྱི། །རྣམ་པར་དགེ་བའི་དུས་བཟང་ཡར་གྱི་ངོ། །ཕུན་ཚོགས་བཀྲ་ཤིས་འཕྱ་གཡང་ལེགས་འཁྱིལ་བའི། །དགེ་ལེགས་ འདོད་རྒུ་ཚང་བའི་གནས་མཆོག་འདིར། །བསངས་ཀྱིས་མཆོད་པའི་འབྲས་བུ་ལྷུན་འགྲུབ་ཤོག་འཕྲིན་བཅོལ་ནི། ཧཱུཾ། འཆི་མེད་ལམ་ཀུན་འགེངས་ནུས་མཐུན་པའི་རྫས། །དངོས་བཤམས་ཡིད་ཀྱིས་སྤྲུལ་ཏེ་ཕུལ་བའི་མཐུས། །བླ་ མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་ཀྱིས། །མཆོག་དང་ཐུན་མོང་དངོས་གྲུབ་ཆར་ལྟར་ཕོབ། །མཐུ་ལྡན་བསྲུང་མ་སྡ་བརྒྱད་ཚོགས་རྣམས་ཀྱིས། །བཅོལ་བའི་འཕྲིན་ལས་མ་ལུས་ཐོགས་མེད་སྒྲུབས། །འགོ་བའི་ལྷ་དང་ཡུལ་ ལྷ་གཞིས་བདག་གིས། །བར་ཆད་སེལ་ཞིང་འདོད་པའི་རེ་བ་སྐོངས། །མདོར་ན་མཆོད་ཡུལ་མཆོག་དམན་ཐམས་ཅད་ཀྱིས། །བདག་ཅག་རྒྱུ་སྦྱོར་འཁོར་དང་བཅས་པ་ལ། །མེ་སྦྲུལ་གླང་ཆེན་སྨྱོན་པ་སེངྒེ་དང། །ལྕགས་སྒྲོག་ [381A]༄༅། །ཤ་ཟ་རྒྱ་མཚོ་ཆེན་པོ་སྟེ། །འཇིགས་ཆེན་བརྒྱད་དང་ནད་རིམས་གདོན་བགེགས་དགྲ་གཤིན་རྗེའི་ཞགས་པ་དུས་མིན་འཆི་བ་དང། །འཐབ་རྩོད་མི་ཁ་གླེང་གཞི་ཁ་སྨྲས་སོགས། །མི་མཐུན་ཉི་བུའི་གཡུལ་ལས་ རྒྱལ་བར་མཛོད། །ཕོངས་པའི་སྨག་རུམ་རྫོགས་པའི་ཐུན་གསུམ་མཐར། །ཤར་བའི་དགེ་ལེགས་སྐྱ་རེངས་ཀྱིས་དྲངས་པའི། །གཏན་བདེའི་རྟ་བདུན་བདག་པོའི་འོད་ཟེར་གྱིས། །ཞི་བའི་འཕྲིན་ལས་སྣང་བ་རབ་འབར་མཛོད། །བསོད་ ནམས་ཆུ་གཏེར་ཡོལ་མེད་རྦ་རླབས་ཅན། །འདོད་དགུའི་ལོངས་སྤྱོད་ཚེ་དཔལ་འབྱོར་བ་སོགས། །རེ་བ་སྐོང་མཛད་ཡིད་བཞིན་དབང་གི་རྒྱལ། །རྒྱས་པའི་འཕྲིན་ལས་རྒྱལ་མཚན་རྩེར་དགོད་མཛོད། །མཐོང་ཐོས་དྲན་རེག་གདུང་སེལ་ ཛ་ན་མོ། །ཉེར་འགུགས་གཤིན་རྗེའི་ཕྱོགས་ཀྱི་རེག་བྱ་ཅན། །མི་མཐུན་གྱིས་དབེན་མ་ལ་ཡ་ཡི་ཤིང། །དབང་གི་འཕྲིན་ལས་དྲི་བསུང་མངར་པོར་འཐུལ། །གཏུམ་དྲག་ཡིད་འཇིན་ལྷ་མིན་མགོ་བོ་རུ། །དྲག་སྦྱོར་རྡོ་རྗེ་རྩེ་བརྒྱ་གདེངས་ པའི་མོད། །བསོད་ནམས་དཔུང་ཚོགས་ལྷན་ཅིག་ཕམ་བྱེད་པ། །དྲག་པོའི་འཕྲིན་ལས་ལེགས་བྲིས་སྟོབས་ལྡན་མཛོད། །འགྲོ་ཀུན་ཕན་བདེའི་འབྱུང་གནས་ཐུབ་པའི་བསྟན། །བསྟན་འཛིན་སྐྱེས་བུ་ཞབས་བརྟན་བདེ་སྐྱིད་ཀུན། །ཀུན་ ནས་འཕེལ་ཞིང་བཀྲ་ཤིས་དབྱར་གྱི་ཆུ། །ཆུ་གཏེར་བདག་པོའི་དཔལ་ལ་འགྲན་པར་མཛོད། །དུང་དུང་སྙིང་ནས་རྩེ་གཅིག་གསོལ་འདེབས་ཤིང། །ཡང་ཡང་མཆོད་བསྟོད་ལྷུར་ལེན་བདག་སོགས་ཀུན། །འཇིགས་འཇིགས་མི་མཐུན་ [382B] །འཛུམ་འཛུམ་བཞད་པའི་སྒོ་ནས་དངོས་གྲུབ་སྩོལ། །འཕྱ་གཡང་འགུགས་པ་ནི། ཀྱཻ། དགེ་ལེགས་བཀྲ་ཤིས་འཁྱིལ་བའི་གནས་མཆོག་འདིར། །འདོད་རྒུའི་དང་ལ་སྟེར་འཕྱ་དང་གཡང་གི་ཚོགས། །ཁབ་ལེན་ རྡོ་དང་ལགས་ཀྱི་ངང་ཆུལ་བཞིན། །དགའ་བའི་གར་བཅས་ཐོགས་མེད་དེང་འདིར་ཁུག་ཚངས་དབང་མགྲིན་སྔོན་འཁོར་ལོས་སྒྱུར་བ་དང། གྲགས་པའི་མུ་ཁྱུད་ལུས་མེད་བདག་པོ་སོགས། །སྲིད་འདིར་མངོན་པར་མཐོ་བའི་ཚོགས་ རྣམས་ཀྱི། །འཕྱ་གཡང་དཔལ་འབྱོར་སྙན་གྲགས་མ་ལུས་སྩོལ། །མཐོ་རིས་ཕུན་ཚོགས་འཆི་མེད་བཏུང་བ་དང། །གདེངས་ཅན་གཙུག་གི་ནོར་བུ་བསམ་འཕེལ་དབང། །འཁོར་སྒྱུར་སྔན་འགྲོའི་རྒྱལ་སྲིད་སྣ་བདུན་གྱི། །འཕྱ་ གཡང་དཔལ་འབྱོར་སྙན་གྲགས་མ་ལུས་སྩོལ། །སྲོག་གི་ཀ་བ་ཉེར་བརྟན་དོན་ཀུན་འགྲུབ། །ཕུན་ཚོགས་དཔལ་འབྱོར་སྟོབས་དང་མངའ་ཐང་རྒྱས། །བཀྲ་ཤིས་སྐྱིད་པའི་དགའ་སྟོན་ཐམས་ཅད་ཀྱི། །འཕྱ་གཡང་དཔལ་འབྱོར་ སྙན་གྲགས་མ་ལུས་སྩོལ། །ནངས་པ་བཟོད་པར་གསོལ་བ་ནི། ཧཱུ། མ་རིག་དབང་གིས་འཕྲིན་ལས་འཁྲུལ་པར་གྱེར། །དམ་རྫས་མ་ཚང་བཙོག་དང་འབགས་པ་སོགས། །ཉེས་པའི་ཚོགས་ཀུན་སྙིང་ནས་བཤགས་བྱེད་ན། །བཟོད་པར་ བཞེས་ཤིག་ཐུགས་རྗེ་ཆེ་ལྡན་རྣམས། །གཤགས་སུ་གསལ་བ་ནི། ཧཱུཾ། བདེན་དངོས་བྲལ་ཡང་ཆུ་ལས་ཆུ་ལྦུར་བཞིན། །ཀུན་རྫོབ་སྨང་བ་འགག་མེད་ཤར་བའི་མགྲོན། །གདོད་ནས་སྐྱེ་མེད་རང་བཞིན་དག་པའི་ཀླང། །རང་གནས་བཟང་ [383A]༄༅། །བོར་ལེགས་གཤེགས་བྫྲ་མུ། །ཤིས་བརྗོད་ནི། དགེ་ལེགས་ཆར་འབེབས་བུམ་བཟང་དཔག་བསམ་ཤིང། །ཡིད་བཞིན་ནོར་ལྟར་འདོད་པའི་རེ་བ་ཀུན། །འབད་མེད་སྩོལ་མཛད་བླ་མ་ཡི་དམ་ལྷ། །མཁའ་འགྲོ་ ཆོས་སྐྱོང་བསྲུང་མའི་བཀྲ་ཤིས་ཤོག་སྨྲས་བ། རྒྱ་བོད་མཁས་པའི་བསངས་གཞུང་རྒྱ་མཚོ་ཆེ། །བདག་བློའི་ཨ་མྲའི་ཚིག་གུས་བླངས་པའི་ཆུ། །དོན་གཉེར་སྐོམ་པས་གདུངས་པ་འགའ་ཞིག་ལ། །ཕན་སྙམ་སྙིམ་པར་ཐོགས་ ནས་གར་བྱེད་དོ། །ཆུལ་འདིར་མཆང་ཟླས་དང་འགལ་བ་སོགས། །ཉེས་པའི་ཆ་ཤས་མཆིས་ན་བླ་མ་ལྷར། །བཤགས་ཤིང་རྣམ་དཀར་མཐུ་ལས་འགྲོ་བ་ཀུན། །སྒྲིབ་གཉིས་བདུད་བཞིའི་གཡུལ་ལས་རྒྱལ་གྱུར་ཅིག་ཅེས་པ་འདི་ནི་ དད་ལྡན་ཚ་བ་བྱང་དམར་བཀྲ་ཤིས་ཆོས་འཕལ་གླིང་གི་གྲྭ་རིགས་འདི་ཁའི་རོགས་གྲས་དག་སློང་བློ་བཟང་ཐུབ་བསྟན་ནས་གནས་ཆེན་ཁ་བ་དཀར་པོས་མཚོན་ལྷ་ཀླུ་ཡུལ་གཞིས་ཀྱི་བདག་པ་སོགས་མཆོག་དམན་མཐའ་དག་ལ་བསངས་མཆོད་འབུལ་ཆུལ་ཞིག་དགོས་ཞེས་བསྐུལ་བའི་ངོར་ གང་མའི་ལུང་གས་ཞྭ་སེར་བསྟན་པའི་གསལ་བྱེད་ཨ་ཆ་ཐུ་ནོ་མོན་ཧན་དུ་འབོད་ལ་ཤཱཀྱའི་དགེ་སློང་རིག་པ་འཛིན་པ་བློ་བཟང་ཡེ་ཤེས་བསྟན་པ་རབ་རྒྱས་ཀྱིས་རང་ལེ་ཉེར་གསུམ་པ་ལྕགས་གླང་ཧར་ཟླ་པའི་དཀར་ཕྱགས་ཀྱི་རྒྱལ་བ་གཉིས་པའི་ཚེས་ལ་སྦྱར་པའི་ཡི་གེ་བ་ནི་དད་བརྩོན་ ལྡན་པ་རྨེ་རུ་བླ་ཟུར་བསྐལ་བཟང་ཆོས་གྲགས་ས།། ༈ །།གྲུབ་པའི་དབང་ཕྱུག་མི་ཏ་ནས་བརྒྱུད་པའི་འཕགས་མཆོག་རྒྱལ་བ་རྒྱ་མཚོ་ལྷ་དགུའི་སྨོན་ལམ་སགས་སྨོན་ལམ་གྱི་རིམ་པ་ཕྱག་གཅིག་ཏུ་བཀོད་པ་བཞུགས། །རྒྱལ་ཀུན་ཐུགས་རྗེ་གཅིག་ [384B] །དཀྱིལ་འཁོར་བྱེ་བ་སྤྲོ་དང་སྡུད་པ་པོ། །དཔལ་ལྡན་རྒྱལ་བ་རྒྱ་མཚོའི་ལྷ་ཡི་མཆོག་བསྙེན་ཅིང་བསྒྲུབ་པའི་རྣམ་དཀར་ལེགས་བྱས་མཐུས། །བདག་དང་མར་གྱུར་འགྲོ་བ་མ་ལུས་པ། །བླ་མ་རྒྱལ་བ་རྒྱ་མཚོས་ རྗེས་བཟུང་སྟེ། །དལ་འབྱོར་ཆང་བའི་མི་ལུས་ཐབ་པར་ཤོག་དེ་ཆོ་མཚན་ཉིད་ཀུན་ཚང་བླ་མ་མཆོག་ཆུལ་བཞིན་བསྟེན་ལས་མི་རྟག་ངན་འགྲོ་ཡི། །ངང་ཚུལ་བསམས་ནས་སྐྱབས་འགྲོ་ལས་འབྲས་ལ། །ངེས་རྙེད་ཡང་དག་ལམ་ གྱི་གཞི་ཟིན་ཤོག་རབ་འབར་སྡུག་བསྔལ་གསུམ་གྱི་མེ་ལྕེ་ཡིས། །ཀུན་ནས་སྲེག་ཅིང་ཉེས་བརྒྱའི་འབྱུང་གནས་ཆེ། །འཁོར་བའི་རང་མཚང་རིག་པའི་ངེས་འབྱུང་དང། །བསླབ་གསུམ་བྱ་བས་ཉིན་མཚན་འདའ་བར་ཤོག་མར་ གྱུར་འགྲོ་བའི་དོན་དུ་སེམས་བསྐྱེད་ཅིང། །རྒྱལ་སྲས་སྤྱོད་པ་ཕྱིན་དྲུག་བསྡུ་བཞི་ཡི། །རླབས་ཆེན་སྤྱོད་པ་རྒྱ་མཚོར་ལེགས་སྤྱད་དེ། །ཐུན་མོང་ལམ་གྱི་ཉམས་ལེན་མཐར་ཕྱིན་ཤོག་དེ་ལྟར་ཐུན་མོང་ལམ་གྱི་རྒྱུད་སྦྱངས་ནས། །རྡོ་རྗེ་ སློབ་དཔོན་མཚན་ཉིད་ལྡན་པ་ལས། །རྒྱལ་བའི་སྐུ་བཞིའི་ས་བེན་ཐབས་ངེས་པའི། །རྣམ་དག་དབང་གིས་བདག་རྒྱུད་སྨིན་པར་ཤོག་དེ་ཚེ་བླ་མ་ལྷ་ཚོགས་དཔང་བཞག་སྟེ། །བསྲུང་བར་ཁས་བླངས་དམ་ཚིག་སྡོམ་པ་རྣམས་ སྲོག་གི་ཕྱིར་ཡང་འདའ་བར་མི་བྱེད་པས། །རྒྱལ་བ་དགྱེས་པའི་ལམ་ལ་འཇུག་པར་ཤོག་ཐ་མལ་སྐྱེ་ཤི་བར་དོའི་སྣང་ཞེན་ཀུན། །སྤྱོད་བྱེད་རིམ་པ་དང་པོའི་རྣལ་འབྱོར་ལ། །ཚུལ་བཞིན་འབད་པས་སྣོད་བཅུད་བརྟན་གཡོ་ [385A]༄༅། །ཀུན། །དག་པ་རབ་འབྱམས་འཁོར་ལོར་འཆར་བར་ཤོག་མ་རིག་སྙིང་དབུས་ལས་འཁྲུངས་བླ་མ་མཆོག་ཁྱབ་བདག་རྒྱལ་བ་རྒྱ་མཚོའི་ཞལ་བཟང་གང། །མངོན་སུམ་མཐོང་བའི་འཁྲུལ་མེད་ལམ་ བཟང་ལ། །རྩེ་གཅིག་བརྩོན་པས་ཉམས་སུ་ལེན་པར་ཤོག་རིམ་གཉིས་རྣལ་འབྱོར་མཆོག་ལ་འབད་པས་མཐུས། །ཡན་ལག་བདུན་ལྡན་ཟུང་འཇུག་རྡོ་རྗེ་འཆང། །ངེས་པ་དོན་གྱི་རྒྱལ་བ་རྒྱ་མཚོའི་སྐུ། །ཚེ་གཅིག་ཉིད་ལ་ མངོན་དུ་འགྱུར་བར་ཤོག་གོ་འཕང་མཆོག་དེ་ཚེ་འདིར་མ་ཐོབ་ན། །འཆི་ཚེ་བླ་མ་རྒྱལ་བ་རྒྱ་མཚོ་ཡིས། །ངོ་མཚར་མཆོད་པའི་སྤྲིན་གྱིས་མདུན་བསུས་ཏེ། །རྣམ་དག་མཁའ་སྤྱོད་ཞིང་དུ་འཁྲིད་པར་ཤོག་ཚུལ་འདིར་འབད་ པའི་སྒྲུབ་པ་པོ་རྣམས་ལ། །ཆོས་ཀྱི་རྒྱལ་པོ་ལས་གཤིན་འཁོར་ཚེགས་ཀྱིས། །ལམ་བཟང་སྒྲུབ་པའི་མཐུན་རྐྱེན་ཀུན་ཆང་ཞིང། །འགལ་རྐྱེན་བདུད་ཀྱི་དཔུང་ཚོགས་གཞོམ་པར་མཛོད། །འདིས་མཚོན་བདག་གཞན་དུས་ གསུམ་དགེ་བའི་མཐུས། །རྒྱལ་བའི་གསུང་གི་ཉིང་ཁུ་གསང་མཐའི་ལམ། །ཉི་ཟླའི་འོད་ཀྱིས་འཇིག་རྟེན་གསལ་བྱེད་བར། །མི་ནུབ་ཕྱོགས་དུས་ཀུན་ཏུ་རྒྱས་གྱུར་ཅིག་ཅེས་གྲུབ་པའི་དབང་ཕྱུག་མི་ཏྲ་ནས་བརྒྱུད་པའི་འཕགས་མཆོག་ རྒྱལ་བ་རྒྱ་མཚོ་ལྷ་དབུའི་སྨོན་ལམ་འདི་ལྟ་བུ་ཞིག་དགོས་ཞེས་བཟང་པོའི་བག་ཆག་བརྟས་པའི་མཐུ་ལས་ཆོས་བཞིན་སེམས་པའི་སྐྱེས་བུ་དད་པའི་རོལ་མཚོ་རྒྱས་པ་སྒོ་མེ་ཧོར་རྒྱའི་དགེ་སློང་འཇམ་དཔལ་རབ་རྒྱས་ཀྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་རིག་པ་འཛིན་པ་བློ་བཟང་ཡེ་ཤེས་ [386B]། ་།སྨན་བླའི་སྨོན་ལམ་བཞུགས། སྟོབས་བཅུ་མངའ་བའི་རྒྱལ་རྣམས་སྙིགས་དུས་འགྲོར། །རྗེས་སུ་བརྩེ་ལ་ཁྱད་པར་མ་མཆིས་ཀྱང། །སྨོན་ལཾ་ དམ་བཅའི་ལྷུན་པོ་ཆེས་མཐོ་བའི། །རྣམ་འདྲེན་གསེར་རིའི་དབུས་ན་རྟག་བརྗིད་པ། །བཅོམ་ལྡན་བདེ་གཤེགས་མཆེད་བདུན་ལྷ་ཚོགས་ལ། །མཆོད་བསྟོད་མཚན་བརྗོད་རྣམ་དཀར་ཕུང་པོའི་མཐུས། །བདག་སོགས་འགྲོ་ཀུན་ སྐྱེ་པ་ཐམས་ཅད་དུ། །བདེ་གཤེགས་མཆེད་བདུན་སྨོན་ལམ་བདུད་རྩིའི་རོ། །མྱངས་པས་བློ་གྲོས་ལུས་སྟོབས་རབ་རྫོགས་ནས། །སྟོབས་བཅུ་མངའ་བའི་གོ་འཕང་མྱུར་ཐོབ་ཤོག་སྣ་ཚོགས་ནད་བྲལ་དབང་པོ་ཀུན་ཚང་ སོགས། །མཚན་ལེགས་ཡོངས་གྲགས་དཔལ་གྱིས་ཞལ་འཆེས་པའི། །སྨོན་ལམ་ཡོངས་གྲུབ་འགྲོ་རྣམས་ཁྱོད་དྲུང་དུ། །རྫུས་ཏེ་སྐྱེས་ནས་མཁའ་ཁྱབ་འགྲོ་སྒྲོལ་ཤོག་འཁོར་འཁྱམས་སྡུག་བསྔལ་དང་བྲལ་བདེར་སྤྱོད་ སོགས། །མཁས་པ་གཟི་བརྗིད་སྒྲ་དབྱངས་རྒྱལ་པོ་ཡི། །སྨོན་ལམ་ ྾ ྾ །གསེར་བཟང་དྲི་མེད་རིན་ཆེན་སྣང་བ་ཡི། །སྨོན་ལམ་ ྾ ྾ བསྔལ་ཀུན་དང་བྲལ་བ་སོགས། །བཅོམ་ལྡན་མྱ་ངན་མེད་མཆོག་རྒྱལ་པོ་ཡི། །སྨོན་ལམ་ ྾ ྾ །བཅོམ་ལྡན་ཆོས་བསྒྲགས་རྒྱ་མཚོའི་དབྱངས་མཆོག་གི། །སྨོན་ [387A]༄༅། །ལམ་ ྾ ྾ །བཅོམ་ལྡན་ཆོས་ཀྱི་རྒྱ་མཚོ་མངོན་མཁྱེན་གྱི། །སྨོན་ལམ་ ྾ ྾ །བྜཱུརྱ་ འོད་རྒྱལ་པོ་སྨན་གྱི་བླའི། །སྨོན་ལམ་ ྾ ྾ །ཤཱཀྱ་སེང་གེས་ལེགས་པར་བཀའ་སྩལ་བའི། །སྨོན་ལམ་ ྾ ྾ ། ཞིང་རྡུལ་ཚད་མཉམ་ལུས་ཀྱིས་ཕྱག་འཚལ་ཞིང། །བླ་མེད་སྒྲུབ་པའི་མཆོད་པས་རྟག་ཏུ་མཆོད། །དུག་གསུམ་དབང་གྱུར་ཉེས་ཚོགས་མཐོལ་ལོ་བཤགས། །འཁོར་འདས་ཀུན་གྱི་དགེ་ལ་ཡི་རང་ཞིང། །ཟབ་ཡངས་ཆོས་འཁོར་ རྟག་ཏུ་བསྐོར་དུ་གསོལ། །བློ་བཟང་རྒྱལ་ཀུན་ཡེ་ཤེས་སྙིང་པོའི་དཔྱིད། །མདོ་སྔགས་བསྟན་པ་རིན་ཆེན་ས་མོས་ཚལ། །རབ་རྒྱས་འགྲོ་ཀུན་བདེ་ལེགས་མཆོག་སྩོལ་བའི། །དཔལ་ལྡན་བླ་མ་སྲིད་མཐར་ཞབས་བརྟན་ཤོག་ རྣམ་དག་མི་ཕྱེད་དད་བ་རྡོ་རྗེའི་གདན། །ལྷག་བསམ་རྣམ་པར་དཀར་བ་ཟླ་བའི་གདན། །ཤུགས་དྲག་སྨོན་ལམ་པདྨའི་ཟེའུ་འབྲུ་ལ། །སྲིད་མཐའི་བར་དུ་བརྟན་པར་བཞུགས་སུ་གསོལ། །ཁྱོད་སྐུ་མིག་གི་བདུད་རྩིར་ མི་འབྲལ་ཞིང། །ཐེག་མཆོག་གསུང་གིས་རྟག་ཏུ་འཚོ་བ་དང། །སྐུ་གསུང་ཐུགས་ཀྱིས་ངེས་པར་བྱིན་བརླབས་ནས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །འཕྲོག་བྱེད་སྡེར་མོས་གྱེན་དུ་བཏེག་པའི་ཁྲིར། །རྣམ་བཀྲ་ [388B] །སྣ་ཚོགས་རྡོ་རྗེས་མཚན་པའི་རེ་ཁ་ལ། །ཞབས་སེན་དམར་བའི་འོད་ཆགས་རྟག་འགོད་གསོལ། །ཀློག་པ་ཐོས་བསམ་སྤོང་བ་བསམ་གཏན་དང། །བྱ་བ་ལས་ཀྱི་འཁོར་ལོས་གདུལ་བྱ་རྣམས། །ཡང་ དག་ལམ་ལ་བཀྲི་ཕྱིར་ཚེ་མཐའ་ཡས། །ཇི་བཞིན་བཞུགས་པར་བདེ་གཤེགས་མཐུས་བྱིན་རློབས། །དེ་ལྟར་རྣམ་པར་དཀར་བའི་ལེགས་བྱས་ཀྱི། །བདུད་རྩིའི་འབྱུང་གནས་ཡིད་བཞིན་རྒྱ་མཚོ་ཆེ། །འགྲོ་ཚོགས་ལེགས་བྱས་ ནོར་བུའི་ཚོགས་ཀུན་དང། །ལྷན་ཅིག་བྱང་ཆེན་རྒྱ་མཚོར་འབབ་གྱུར་ཅིག་ཅེས་བདེ་གཤེགས་བདུན་གྱི་མཆོད་པའི་མཇུག་ཏུ་སྦྱར་རྒྱུའི་སྨོན་ཚིག་འདི་ལྟ་བུ་ཞིག་དགོས་ཞེས་འདི་སྣང་གི་བྱ་བ་མཐའ་དག་རྒྱབ་ཏུ་སྤངས་ཏེ་དབེན་པའི་གནས་སུ་སྒྲུབ་པ་སྙིང་པོར་མཛད་པ་རྩེ་ གཉའ་བླ་མ་བསྐལ་བཟང་དོན་གྲུབ་ནས་བསྐུལ་ངོར་ཤཱཀྱའི་དགེ་སློང་རིག་པ་འཛིན་པ་བློ་བཟང་ཡེ་ཤེས་བསྟན་པ་རབ་རྒྱས་ཀྱིས་རྭ་སྒྲེང་རྒྱལ་བའི་དབེན་གནས་ཀྱི་གཙུག་ལག་ཁང་གི་མཆོད་ཁང་ཆེན་མོའི་ཡང་ཐོག་ཏུ་སྦྱར་བའོ།། ༈ །།ཨོཾ་སྭ་སྟི། མཐའ་ཡས་ ཞིང་བཞུགས་རྒྱལ་བ་མ་ལུས་པའི། །མཁྱེན་བརྩེ་གཅིག་བསྡུས་སྣང་མཐའ་མི་ལམ་མགོན། །འགྲོ་ཀུན་ཐར་པར་འཁྲིད་པའི་ས་མཁན་མཆོག་རྗེ་བཙུན་ཐུགས་རྗེའི་གཏེར་ཁྱོད་བདག་ལ་དགོངས། །རབ་མཛེས་འཛམ་བུ་ན་ དའི་རི་བོ་ལ། །ལྷ་ཀླུ་མི་ཡི་ནོར་བུས་སྤུད་པ་བཞིན། །མིག་གི་བདུད་རྩིར་གྱུར་པའི་སྐུ་འདི་ལ། །རྒྱལ་བསྟན་སྟོངས་མིན་དེ་སྲིད་བཞུགས་སུ་གསོལ། །ལྷག་བསམ་ཁ་བའི་རི་བོ་ལྟར་དཀར་བས། །བསོད་ནམས་ཞིང་མཆོག་སྐུ་ [389A]༄༅། །གཟུགས་བཞེངས་པ་ལ། །རྒྱུ་སྦྱོར་བཟོ་བོ་ཡས་བྱེད་མཐུན་རྐྱེན་སྒྲུབ། །བཟང་ངན་འབྲེལ་ཐོགས་ལ་སོགས་ཡིད་ཅན་རྣམས། །དམ་ཆོས་སྒྲུབ་པའི་མཐུན་རྐྱེན་ཀུན་ཚང་ཞིང། །འདི་སྣང་འགག་ཚེ་བདེ་ལྡན་ཞིང་ མཆོག་གམ། །དགའ་ལྡན་ལྷ་བརྒྱའི་ཕོ་བྲང་ཉམས་དགའ་བར། །མགོན་ཁྱོད་ཐུགས་རྗེའི་ལྕགས་ཀྱུས་དྲང་དུ་གསོལ། །ཞིང་དེར་རྒྱལ་བའི་སྲས་སུ་གྱུར་མ་ཐག་མཉེས་བཞིན་རྗེས་བཟུང་དམ་ཆོས་བདུད་རྩི་ཡིས། །བསྐྱངས་པས་ བློ་གྲོས་ལུས་སྟོབས་མྱུར་རྫོགས་ཏེ། །ཟུང་འཇུག་རྡོ་རྗེ་འཆང་དབང་མྱུར་ཐོབ་ཤོག་བཀའ་གདམས་རྣམ་ཐར་འཛིན་པའི་དགེ་འདུན་གྱི། །སྡེ་འདིར་བསླབ་གསུམ་རྣམ་པར་དག་པ་ཡི། །འདུས་པའི་ཚོགས་ཀྱིས་ཕྱུར་བུར་གང་བ་དང། ། བཤད་སྒྲུབ་བསྟན་པའི་བྱ་བ་རྒྱས་གྱུར་ཅིག་གཞན་ཡང་ཐུབ་པའི་བསྟན་དར་བསྟན་འཛིན་འཕེལ། །མཁའ་མཉམ་འགྲོ་རྣམས་བདེ་སྐྱིད་རྫོགས་ལྡན་གྱི། །རྩེ་ཞིང་དགའ་བའི་ལང་ཚོ་གསར་པ་ལ། །ནམ་ཡང་ངོམས་པ་ མེད་པར་སྤྱོད་གྱུར་ཅིག་ཆོས་ཉིད་ནམ་ཡང་འགྱུར་བ་མི་མངའ་ཞིང། །ཀུན་རྫོབ་རྟེན་འབྲེལ་བསླུ་མེད་རྟག་འཆར་བས། །བདག་གིས་ཇི་ལྟར་སྨོན་པའི་འདོད་དོན་རྣམས། །རེ་བའི་འབྲས་བུ་ཇི་བཞིན་འགྲུབ་གྱུར་ཅིག་ཅེས་པ་འདི་ ནི་ཤིང་ཡོས་ལོ་རྒྱལ་དབང་བྱམས་པའི་སྐུ་བརྙན་དང་སྣང་མཐའི་སྐུ་བཅས་གསར་བཞེངས་བྱས་སྐབས། ཚོགས་ལ་རྒྱུན་དུ་ཞལ་འདོན་གནང་ཆོག་པའི་སྨོན་ཚིག་འདི་ལྟ་བུ་ཞིག་དགོས་ཞེས་དྲིན་ཅན་བླ་མ་མཁན་ཆེན་རྡོ་རྗེ་འཆང་ངག་དབང་ཆོས་འབྱོར་དཔལ་བཟང་པོས་བཀས་བསྐུལ་བ་ [390B]། །།ཨོཾ་སྭ་སྟི། ཡེ་ཤེས་མཆོག་གི་བདུད་རྩིས་གཟོད་མནས། །མཚན་ དཔེའི་ལང་ཚོ་དར་བབ་སྦྲུལ་བའི་གར། །རྣམ་འདྲེན་བདེ་བར་གཤེགས་བ་མཆེད་བརྒྱད་ཅེས། །ལུས་ཅན་བསོད་ནམས་ཞིང་དུ་ཆེས་ཆེར་བསྔགས། །རྒྱལ་དང་དེ་སྲས་སྣང་བརྙན་གཟུགས་སྐུའི་རྟེན། །ཕུལ་བྱུང་ཞིང་མཆོག་དགེ་འདུན་ གཙུག་ལག་ཁང། །བླ་མེད་ཡེ་ཤེས་མངོན་དུ་བྱེད་པའི་ཐབས། །རབ་ཡངས་གཏོང་པའི་སྒོ་འཕར་འགྱེད་ལ་སྤྲོ། །རབ་དཀར་ལྷག་བསམ་འགྲོ་ལ་སྤེལ་ཕྱིར་སྤྲོ། །རབ་འབྱམས་བསོད་ནམས་ཚོགས་ཆེན་སྤེལ་ལ་སྤྲོ། །རབ་བརྟན་ མི་ཕྱེད་དད་པའི་ཤུགས་ཀྱིས་སྤྲོ། །རྨད་བྱུང་འདོད་ཡོན་ཕུང་པོར་སྤུངས་པའི་གཏེར། །གཏེར་མཛོད་འཛད་མེད་ལེགས་བྱས་བྱེ་པའི་ཞིང། །ཞིང་གཤིན་པོར་རབ་བཏབ་གཏན་བདེའི་འབྲས། །འབྲས་བཟང་རོ་བདའ་བྱང་ཆེན་བར་ མྱོང་ཤོག་ངལ་ངལ་ལུས་ངག་ཡིད་ཀྱིས་ཡོངས་འབད་པས། །མང་མང་བགྲང་ཡ་བསྐྱེད་པའི་མ་རྒན་རྣམས། །རིང་རིང་སངས་རྒྱས་ཞེས་བྱའི་གོ་འཕང་དེ། །མྱུར་མྱུར་རྩོལ་བ་མེད་པར་མངོན་གྱུར་ཤོག་རྒྱུ་སྦྱོར་ལས་བྱེད་བཅས་ པའི་ཚེ་དཔལ་སྟོབས། །སྟོབས་ལྡན་རྣམ་ཐས་བུར་འགྲན་ཡང་སྲིད་ཀུན། །ཀུན་ནས་ཡོངས་བདེ་ངེས་པར་ལེགས་པའི་ལམ། །ལམ་བཟང་ཉེར་བརྒྱུད་སྐུ་བཞི་ཐོབ་པར་ཤོག་ཅེས་བ་འདལ་རྟ་ལོ་ནས་རིམ་པར་རྗེ་བཙུན་བླ་མ་རྣམས་ཀྱི་ [391A]༄༅། །དགོངས་པ་རྫོགས་པ་དང། ངེད་རང་གི་གནས་སྐབས་མཐར་ཐུག་གི་དོན་ཆེན་འགྲུབ་པ་འབྲལ་ཐོགས་ཤི་གསོན་རྣམས་ཀྱི་རྒྱུ་ཆུད་མི་ཟ་བའི་ཕྱིར། བྱང་རྭ་སྒྲེང་རྒྱལ་བའི་དབེན་གནས་ཀྱི་རྟེན་གསུམ་གཙུག་ལག་ཁང་ཉམས་པ་རྣམས་ཞིག་གསོས་དང། ཁྱད་པར་ བདེ་གཤེགས་བརྒྱད་བྱང་སེམས་དང་བཅས་པའི་སྐུ་བརྙན་དང་བཞི་སྡེ་དགའ་ལྡན་བསམ་གཏན་གླིང་དུ་ཡང་སྨན་གྱི་བླ་མའི་སྐུ་བརྙན་བཅས་ལྕགས་སྤྲེའི་བར་ལེགས་པར་བཞེངས་དེ་གྲུབ་པའི་སྐབས་དགེ་བ་རྫོགས་བྱང་དུ་བསྔོ་བ་འདུས་ཚོགས་རྣམ་གཉིས་ཀྱི་ཞལ་འདོན་དུ་མཛད་ཕྱིར་ ་ཤཱཀྱའི་དགེ་སློང་རིག་པ་འཛིན་པ་བློ་བཟང་ཡེ་ཤེས་བསྟན་པ་རབ་རྒྱས་ཀྱིས་རྭ་སྒྲེང་རྒྱལ་བའི་དབེན་གནས་ཀྱི་གཙུག་ལག་ཁང་གི་ཡང་ཐོག་ཏུ་སྦྱར་བའོ།། ༈ །།བྷྱོ་ འདོད་པ་ཁམས་ལ་དབང་བསྒྱུར་མཐུ་རྩལ་ཅན། །བོད་ཡུལ་བསྟན་སྐྱོང་འཁོར་ཚོགས་རྒྱ་མཚོར་བཅས། །རྟེན་འདིར་དབྱེར་མེད་ལེགས་བཞུགས་དགའ་བའི་དཔལ། །ལྷུན་གྲུབ་ལེགས་ལྡན་བསམ་གཏན་གླིང་མཆོག་འདི། །སྲིད་ མཐའི་བར་དུ་མི་ཉམས་བསྲུང་སྐྱོབ་མཛོད། །རྟེན་འདིས་གཅོས་བའི་རྟེན་གསུམ་མཆོད་རྫས་རྣམས། །ལྷ་ཆེན་ལེགས་ལྡན་འདོད་ཁམས་དབང་ཕྱུག་མ། །དྲག་རྩལ་མཐུ་ལྡན་རྡོ་རྗེ་གཡའ་མ་སྐྱོང། །འཁོར་དང་བཅས་ལ་གཉེར་དུ་ དབང་ལགས་ན། །ཚུལ་མིན་སྒྲུབ་རྣམས་དྲག་པོའི་ཆད་པས་ཆོད། །དེ་ཡང་བྲིས་སྐུ་འདི་ཉིད་ཀྱི་སྐྱེ་ཞལ་གསེབ་ཏུ་རྗེ་ཐམས་ཅད་མཁྱེན་པའི་ཤངས་མཚལ། རྒྱལ་མཆོག་ལྔ་པ་ཆེན་པོ་དང། རྒྱལ་བ་བསྐལ་བཟང་རྒྱ་མཚོའི་ཤངས་ [392B] །ཁྱབ་བདག་པཎ་ཆེན་རྡོ་རྗེ་འཆང་བློ་བཟང་དཔལ་ལྡན་ཡེ་ཤེས་དཔལ་བཟང་པོའི་མཚལ་ཁྲག་དེ་བཞིན་གཤེགས་པའི་འཕེལ་གདུང་དང། སངས་རྒྱས་གླང་པོའི་གདུང་གི་ཚེམས་ཀྱི་ཕྱེ་མ། འཕགས་པ་ཆོས་འཕགས་ ཀྱི་ཚེམས་ཀྱི་ཕྱེ་མ། ངོས་ཀྱི་རྟ་མགྲིན་བསྙེན་པའི་སྐབས་ཀྱི་སྣ་ཁྲག་བཅས་བྱིན་རྟེན་སྣེ་མངས་བསྲེས་ཤིང། བཀའ་དྲིན་ཟླ་མེད་མཁན་ཆེན་ངག་དབང་ཆོས་འབྱོར་དཔལ་བཟང་པོའི་ལྷ་མོའི་ལྗགས་བསྙེན་སྐབས་ཀྱི་བསྙེན་ ཐང་ལགས་པས་འདུས་ཚོགས་ཀྱིས། །ལོ་གསར་ཚེས་གཏོར་གཙོ་བོར་གྱུར་པའི་ཐུགས་དམ་རྟེན་གྲས་སུ་ཆུད་ཟོས་མ་སོང་བ་མཛད་འཆལ། །ཞེས་པའང་ས་ལུག་ལོ་བཞི་སྡེ་གྲྭ་ཚང་དུ་གོང་གསལ་ལྷ་མོའི་སྐུ་ཐང་ཕུལ་བའི་རྒྱབ་ཡིག་ཏུ་ཨ་ཆི་ཐུ་ནོ་མོན་ཧན་ དུ་འབོད་པས་སྦྱར།། ༈ །།མགོན་པོའི་རྩ་སྔགས་མཐར། བསྟན་བསྲུང་ལེགས་ལྡན་བེང་དམར་ཆེ། །འཁོར་བཅས་རྟེན་འདིར་བག་ཕོབ་ལ། །དགའ་བའི་དཔལ་ལྡན་བསམ་གཏན་གླིང། །སྲིད་མཐར་མི་ཉམས་བསྲུང་སྐྱོབ་ མཛོད། །བརྟན་མའི་རྩ་སྔགས་མཐར། །བསྟན་སྐྱོང་རྡོ་རྗེ་གཡའ་མ་སྐྱོང། །འཁོར་བཅས་རྟེན་འདིར་བག་ཕོབ་ལ། །དགའ་བའི་དཔལ་ལྡན་བསམ་གཏན་གླིང། །སྲིད་མཐར་མི་ཉམས་བསྲུང་སྐྱོབ་མཛོད། །ཅེས་པའང་ས་ལུག་ལོ་བཞི་སྡེ་ གྲྭ་ཚང་དུ་རྒྱ་སྒྲུབ་ལེགས་ལྡན་རྔམས་པའི་གད་རྒྱངས་དང་བསྟན་སྐྱོང་དགྱེས་པའི་སྒྲ་དབྱངས་གཉིས་ཕུལ་སྐབས་ཡ་ཐོད་ནང་དུ་རྒྱག་རྒྱུའི་སྨོན་ཚིག་ཏུ་སྦྱར།། ༈ །།སླུ་མེད་མཆོག་གསུམ་རྒྱ་མཚོའི་སྒྱུ་འཕྲུལ་གར། །ངོ་མཚར་རི་མོའི་གཟུགས་སུ་ [393A]༄༅། །ཤར་བ་འདི། །ལེགས་བཞེངས་རྣམ་དཀར་མཐུ་ལས་རྒྱུ་སྦྱོར་སོགས། །མཁའ་ཁྱབ་འགྲོ་ཀུན་སྐྱེ་བ་ཐམས་ཅད་དུ། །ཐེག་མཆོག་འཁོར་ལོ་བཞི་ལྡན་རྟེན་ཐོབ་ཅིང། །སྐྱེས་བུ་གསུམ་གྱི་ལམ་གྱིས་རྒྱུད་སྦྱངས་ ཏེ། །ཟབ་གསལ་ངེས་དོན་རང་རིག་བླ་མ་ལྷའི། །ཞལ་བཟང་མངོན་དུ་འགྱུར་བའི་དགའ་སྟོན་སྩོལ། །ཞེས་པའང་རྩེ་གསོལ་ཐབ་མ་ཆེན་ཆེན་མོ་ནས་བདེ་བར་གཤེགས་པའི་སྣང་བརྙན་གསར་བཞེངས་ཀྱི་རྒྱབ་ཡིག་སྨོན་ཚིག་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་ མ་བྱུང་བའི་ངོར་་ཞྭ་སེར་བསྟན་པའི་གསལ་བྱེད་ཨ་ཆི་ཐུ་ནོ་མོན་ཧན་དུ་འབོད་པས་སྦྱར།། ༈ །།བླ་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོ་ཡིས། །ཐུགས་རྗེ་ནུས་པའི་མཐུ་དཔུང་ཆེར་སྐྱེད་ལ། །འགྲོ་ཀུན་སྒྲིབ་གཉིས་སྨག་རུམ་དྲུང་ཕྱུང་སྟེ་ ཚོགས་གཉིས་རྟ་བདུན་སྣང་བ་རབ་འབར་མཛོད། །ཅེས་པའང་འཕན་ཡུལ་དགའ་ཆོས་གྲྭ་རིགས་དགེ་སློང་བློ་བཟང་རྒྱལ་མཚན་ནས་བླ་མ་མཆོད་པའི་ཚོགས་ཞིང་གི་བྲིས་སྐུ་གསར་བཞེངས་ཀྱི་རྒྱབ་ཡིག་དང་རྒྱུན་དུ་ཁ་ཏོན་བྱས་ཆོག་པའི་ཚིགས་བཅད་འདི་ལྟ་བུ་དགོས་ ཞེས་བསྐུལ་བའི་ངོར་་ཤཱཀྱའི་དགེ་སློང་བློ་བཟང་ཡེ་ཤེས་བསྟན་པ་རབ་རྒྱས་ཀྱིས་སྦྱར།། ༈ །།རྒྱལ་རྣམས་བདེ་ཆེན་ཀློང་དུ་རོ་གཅིག་ཀྱང། །སྙིགས་མའི་འགྲོ་ལ་ཐུགས་རྗེ་རྨད་བྱུང་བ། །བཅོམ་ལྡན་བདེ་བར་གཤེགས་པ་མཆེད་ བརྒྱད་པོ། །འདིར་བཞུགས་རྒྱུ་སྦྱོར་ལ་སོགས་འགྲོ་བ་རྣམས། །གནས་སྐབས་དམ་ཆོས་སྒྲུབ་པའི་རྐྱེན་ཆ་ཞིང། །རིང་མིན་ཟུང་འཇུག་ངེས་པ་ལྔ་ལྡན་པའི། །ངེས་པ་དོན་གྱི་བཅོམ་ལྡན་སྨན་པའི་རྒྱལ། །མངོན་དུ་འགྱུར་བའི་ [394B] །ཞེས་པ་འདི་ནི་དད་བརྩོན་རྣམ་དཔྱོད་ལྡན་པའི་རྗེ་བཙུན་མ་བློ་བཟང་སྒྲོལ་མ་ནས། བདེ་བར་གཤེགས་པ་མཆེད་བརྒྱད་ཀྱི་སྐུ་ཐང་གསར་དུ་བཞེངས་པའི་རྒྱབ་ཡིག་སྨོན་ཚིག་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བའི་ངོར་ཞྭ་སེར་བསྟན་པའི་གསལ་ བྱེད་ཨ་མི་ཐུ་ནོ་མོན་ཧན་དུ་འབོད་པས་སྦྱར་བའོ།། ༈ །།བློ་བཟང་རྒྱལ་ཀུན་ཡེ་ཤེས་གསང་གསུམ་ཉིས། །དུས་མཐར་བསྟན་པའི་པད་ཚལ་རབ་བཞད་ཅིང། །སྐལ་ལྡན་གདུལ་བྱའི་རེ་བ་ཡོངས་སྐོང་བའི། །རྩ་བའི་བླ་མའི་ བྲིས་སྐུ་འདི་བཞེངས་པའི། །ལེགས་བྱས་མཐུ་ལས་བདག་སོགས་འགྲོ་བ་ཀུན། །ཚེ་རབས་ཀུན་ཏུ་རྣམ་དག་ལམ་བཟང་དང། །མི་འབྲལ་ངེས་པ་དོན་གྱི་བླ་མ་མཆོག་རང་ཞལ་མཇལ་བའི་དགའ་སྟོན་སྩལ་དུ་གསོལ། །ཞེས་བའང་དད་ བརྩོན་རྣམ་དཔྱོད་ལྡན་པ་རྗེ་བཙུན་མ་བློ་བཟང་སྒྲོལ་མ་ནས། ངོས་ཀྱི་འདྲ་ཐང་གསར་བཞེངས་ཀྱི་རྒྱབ་ཡིག་སྨོན་ཚིག་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བའི་ངོར་་ཞྭ་སེར་བསྟན་པའི་གསལ་བྱེད་ཨ་ཆི་ཐུ་ནོ་མོན་ཧན་དུ་འབོད་པས་སྦྱར།། ༈ །།དཔལ་ལྡན་མི་ བསྐྱོད་རྡོ་རྗེའི་ལྷ་ཚོགས་རྣམས། །དགྱེས་བསྐྱེད་ལྷ་རྫས་བླ་བྲེ་འདི་ཕུལ་བས། །རྒྱུ་སྦྱོར་དགེ་སློང་རྒྱ་མཚོ་འབྱུང་གནས་སོགས། །འགྲོ་ཀུན་རིང་མིན་བྱང་ཆེན་མྱུར་ཐོབ་ཤོག་ཅེས་པའང་རྣམ་རྒྱལ་གྲྭ་ཚང་གི་གྲྭ་རིགས་དད་ལྡན་དགེ་སློང་རྒྱ་ མཚོ་འབྱུང་གནས་ཀྱིས་ཡི་དམ་ལྷ་ཁང་དུ་གསང་བ་འདུས་པའི་དབུ་ཐོག་ཏུ་བླ་བྲེ་ཕུལ་བའི་སྨོན་ཚིག་ཏུ་རྭ་སྒྲེང་ཨ་ཆི་ཐུ་ནོ་མོན་ཧན་དུ་འབོད་པས་སྦྱང།། ༈ །།རིས་མེད་འགྲོ་བའི་བསོད་ནམས་ཞིང་ས་ཆེར། །རྣམ་བཀྲ་མཆོད་པའི་ཡོ་བྱད་འདི་ [395A]༄༅། །འདི་ཕུལ་དགེས། །སྤྲུལ་མིང་བློ་བཟང་བསྟན་པ་རབ་རྒྱས་དང། །མཛོད་པ་ཞབས་དྲུང་བསྐལ་བཟང་རྒྱལ་མཚན་ཟུང། །གནས་སྐབས་མི་མཐུན་ཉེར་འཚེ་ཀུན་ཞི་ཞིང། །སྐྱེ་ཀུན་རྣལ་འབྱོར་གསང་བའི་ལམ་བཟང་ ཆོགས། །བདེ་བླག་རྙེད་ནས་སྙིགས་དུས་ཚེ་གཅིག་ལ། ཁ་སྦྱོར་བདུན་ལྡན་གོ་འཕང་མྱུར་ཐོབ་ཤོག་གཞན་ཡང་མར་གྱུར་འགྲོ་ཀུན་སྒྲིབ་བྱང་སྟེ། །ཚེ་འདིར་ཆོས་མཐུན་བསམ་དོན་ལྷུན་འགྲུབ་ཅིང། །དལ་རྟེན་རིམ་བརྒྱུད་ཐར་པའི་གྲོང་ཁྱེར་དུ།། འདྲེན་པའི་དེད་དཔོན་ཆེན་པོར་བདག་གྱུར་ཅིག་ལྕགས་བྱི་ལོ་རྭ་སྒྲེང་རྒྱལ་བའི་དབེན་གནས་སུ་ཆོས་རྫས་གསར་ཕུལ་བགྱིས་པའི་སྨོན་ཚིག་ཏུ་སྦྱར་བའོ།། ༈ །།ཕུལ་བྱུང་སྙིང་སྟོབས་མཆོག་གྱུར་ཤཱཀྱའི་རྒྱལ། །རྒྱལ་བསྟན་ལེགས་སྐྱོང་གནས་ བརྟན་བཅུ་དྲུག་གི་བྲིས་ཐང་སྐྱེ་དགུའི་མཆོད་སྡོང་ཆེར་འབར་བ། །ཕུལ་དགེས་འགྲོ་ཀུན་སྤྱི་དང་ཁྱད་པར་དུ། །མཛོད་པ་ཞབས་དྲུང་བསྐལ་བཟང་རྒྱལ་མཚན་གྱིས། །ཐོག་མེད་ནས་བསགས་སྡིག་ལྟུང་ཀུན་བྱང་ཞིང། །གནས་ སྐབས་ཉེར་འཚེ་ཀུན་ཞི་མཐར་ཐུག་གི་ངེས་ལེགས་རྣམ་མཁྱེན་གོ་འཕང་མྱུར་ཐོབ་ཤོག་ཁྱད་པར་སྡེ་འདིར་མི་མཐུན་ཀུན་ཞི་ཞིང། །མཐུན་རྐྱེན་ཐོས་བསམ་སྒོམ་པ་རབ་རྒྱས་ཏེ། །རྒྱལ་བསྟན་འཛིན་པའི་སྐྱེས་བུ་དམ་པ་ཡིས།། ཡོངས་གཏམས་བདེ་ལེགས་རྒྱ་མཚོས་ཁྱབ་པར་ཤོག་ཅེས་པའང་གནས་བརྟན་བཅུ་དྲུག་གི་ཐང་སྐུའི་སྨོན་ཚིག་ཏུ་ཨ་ཆི་ཐུ་ནོ་མོ་དགོན་དུ་འདོད་བས་བགྱིས་བའོ།། ༈ །།ཨོཾ་སསྟི། །སྤངས་རྟོགས་རབ་རྫོགས་ཀུན་ལ་རྗེས་བརྩེ་ཡང། །ལྔ་ [396B] །འཇུག་པ་རྒྱལ་བ་ཀུན་ལྟག་སྐྱབས་ཀྱི་ཕུལ། །བཅོམ་ལྡན་སྨན་བླའི་སྣང་བརྙན་འདི་བཞེངས་མཐུས། །མི་རྗེ་ཇུན་ཝང་བསོད་ནམས་བསྟན་འཛིན་གྱིས། །རང་གཞན་དོན་དུ་ཉེར་བསགས་སྒྲིབ་ བྱང་ཞིང། །མཐོ་རིས་ལེགས་བརྒྱུད་ཚོགས་གཉིས་ཐེམ་སྐས་ལས། །ངེས་ལེགས་བྱང་ཆེན་ཁང་བཟང་དེར་བགྲོད་ཤོག་ཁྱད་པར་ས་སྐྱོང་དོན་གྲུབ་རྣམ་རྒྱལ་གྱི། །སྐུ་ཚེ་མངའ་ཐང་ཆབ་སྲིད་རིགས་རྒྱུད་སོགས། །ལེགས་ཚོགས་ ཀུན་འཕེལ་ཉེར་འཚེ་ལས་རྒྱལ་ཏེ། །མར་གྱུར་དོན་དུ་རྣམ་མཁྱེན་མྱུར་ཐོབ་ཤོག་དབང་དྲག་དཀྱིལ་འཁོར་བཀའ་སྡོད་ལྕམ་དྲལ་དང། །གིང་ལྔ་གཟའ་གདོང་ཀརྨ་འཕྲིན་ལས་ལ། །རྟེན་འདི་གཉེར་དུ་གཏད་དོ་གཙུག་ལག་ཁང། །འདི་ ལས་གཞན་དུ་འཁྱེར་ན་ཚར་གཅོད་མཛོད། །ཅེས་པ་འདི་ཡང་ཧ་གདོང་སྦྱིན་པ་སོགས་ཝང་དོན་གྲུབ་རྣམ་རྒྱལ་གྲྭ་རིགས་རྣམས་ནས་བསྐུལ་བའི་ངོར་བློ་བཟང་ཡེ་ཤེས་བསྟན་པ་རབ་རྒྱས་ཀྱིས་སེ་ར་ཐེག་ཆེན་གླིང་དུ་སུག་བྲིས་སུ་བགྱིས་པའོ།། ༈ །།རྒྱལ་ཀུན་ སྙིང་རྗེའི་རང་གཟུགས་པདྨ་དབང། །འཁོར་བཅས་བྲིས་ཐང་བཞེངས་མཐུས་འགྲོ་ཀུན་སྤྱི། །ཁྱད་པར་ཆོས་མཛད་བློ་བཟང་རབ་བརྟན་གྱི། །གནས་སྐབས་ནད་གདོན་བར་ཆད་ཀུན་ཞི་ཞིང། །མཐར་ཐུག་པདྨ་དབང་ཆེན་གོ་འཕང་ མཆོག་བདེ་བླག་ཐོབ་ནས་འགྲོ་ཀུན་སྒྲོལ་བྱེད་ཤོག་ཅེས་པའང་པདྨ་དབང་ཆེན་གྱི་ཐང་སྐུའི་རྒྱབ་ཡིག་ཏུ་ཨ་ཆི་ཐུ་ནོ་མོན་ཧན་གྱིས་བྲིས།། ༈ །ཟ་འོག་ལས་གྲུབ་མངོན་སྤྲོད་མཆོད་ [397A]༄༅། །བའི་རྫས། །ཞལ་པོ་དགེ་སློང་བློ་བཟང་བསོད་ནམས་དང། །བློ་བཟང་དངོས་གྲུབ་ཟུང་གིས་ལེགས་ཕུལ་དགེས། །གནས་སྐབས་བདུད་དང་བགེགས་ཀྱི་འཚེ་བ་ཞི། །དམ་ཆོས་སྒྲུབ་པའི་མཐུན་རྐྱེན་ལྷུན་འགྲུབ་ ཅིང། །སྐྱེ་བ་ཀུན་ཏུ་དལ་རྟེན་རིམ་བརྒྱུད་ད། །སྒྲིབ་གཉིས་བདུད་བཞིའི་དགྲ་ལས་རྒྱལ་གྱུར་ཅིག། ༈ འགྱུར་མེད་ཆོས་དབྱིངས་ངང་ལས་མ་གཡོས་ཀྱང། །ཀུན་རྫོབ་སྒྱུ་མ་ཙམ་དུ་དྲག་པོའི་སྐུར། །ཡོངས་བཞེངས་དམག་ ཟོར་རྒྱལ་མོ་འཁོར་བཅས་ཀྱི། །བྲིས་ཐང་ལེགས་བཞེངས་ཆེས་དཀར་རྣམ་སྨིན་མཐས། །རྒྱུད་སྨད་སྔགས་རམས་ངག་དབང་བསམ་གྲུབ་དང། །བསྐལ་བསྟན་ཟུང་ལ་འབྲེལ་ཐོགས་སེམས་ཅན་ཀུན། །གནས་སྐབས་ནད་ གདོན་ཉེར་འཚེ་ཀུན་ཞི་ཞིང། །མཐར་ཐུག་རྣམ་མཁྱེན་གོ་འཕང་མྱུར་འགྲུབ་ཤོག་ཁྱད་པར་སྡེ་འདིར་གནས་པའི་དགེ་འདུན་རྣམས། །ཐུགས་མཐུན་ཐོས་བསམ་སྒོམ་པ་ཟླ་ལྟར་འཕེལ། །ཕྱི་ནང་བསམ་སྦྱོར་ངན་གཤོམ་དགྲ་ བགེགས་ཀུན། །ཞི་ཞིང་བཀྲ་ཤིས་དགེ་ལེགས་ཆར་ལྟར་ཕོབ།། ༈ གཏུམ་དྲག་ས་གསུམ་འགས་བྱེད་མགོན་པོ་ཆེ། །རྒྱལ་ཆེན་སྐུ་ལྔ་འབར་བ་སྤུན་བདུན་སོགས། །བྲིས་ཐང་བཞེངས་པའི་ཆེས་དཀར་རྣམ་ སྨིན་མཐུས། །མར་གྱུར་འགྲོ་ཀུན་སྤྱི་དང་ཁྱད་པར་དུ། །རྒྱུད་སྨད་སྔགས་རམས་ངག་དབང་བསམ་གྲུབ་དང། །བསྐལ་བསྟན་ཐུན་མོང་ཉེ་འབྲེལ་ལྟོས་བཅས་རྣམས། །གནས་སྐབས་ཆོས་ལྡན་ཡིད་བཞིན་འགྲུབ་པ་དང།། [398B]སྡེ་འདིར་ཐོས་བསམ་སྒོམ་པ་ཟླ་ལྟར་འཕེལ། །ལེགས་ཚོགས་ཆོས་མཐུན་ཡིད་བཞིན་འགྲུབ་པ་དང། །བར་གཅོད་དགྲ་བགེགས་གང་ན་གནས་ཀྱང་རུང། །གང་འཚམ་སྟོབས་ཀྱིས་སྒྲོལ་བའི་འཕྲིན་ལས་མཛོད། ། ཅེས་པའི་ཨ་ཆི་ཐུ་ནོ་མོན་ཧན་བློ་བཟང་ཡེ་ཤེས་བསྟན་པ་རབ་རྒྱས་ཀྱིས་སྦྱར་བའོ།། ༈ །ལས་བྱེད་གསང་ཡུམ་འཁོར་བཅས་མཉེས་བྱེད་པའི། །མཐུན་རྫས་འདི་བཞེས་བདག་ཅག་འཁོར་བཅས་ཀྱི། །མི་མཐུན་ཕྱོགས་ཀུན་ཞི་བའི་ འཕྲིན་ལས་མཛོད། །བསྟན་བསྲུང་ལྷ་ཡི་དགེ་བསྙེན་འཕྱིང་དཀར་བ། །འཁོར་བཅས་མཐུན་རྫས་འདི་བཞེས་བདག་ཅག་གི་ཆོས་ལྡན་ཐོས་བསམ་སྒོམ་པ་མཐར་ཕྱིན་ཏེ། མི་མཐུན་གཡུལ་ལས་རྒྱལ་བའི་འཕྲིན་ལས་མཛོད། །ཚེ་རབས་སྔོན་ནས་རྗེས་འབྲེལ་རྡོར་ ལེགས་ཆེ། །དཀྱེས་བྱེད་གངས་རིའི་མདངས་མཛེས་ལྷ་རྫས་འདི། །ལེགས་བཞེས་ཕྱི་ནང་བར་གཅོད་ཞི་བ་དང། །སྙིང་རྗེས་དམིགས་པའི་དགྲ་བགེགས་ཆར་གཅོད་མཛོད། །ཚེ་རབས་དུ་མར་རྗེས་འབྲེལ་ཏྲཀཤད་ཆེ། །འཁོར་བཅས་དགྱེས་པ་སྐྱེད་བྱེད་ མཐུན་རྫས་འདི། །ཕུལ་བས་ཆེ་བསོད་སྟོབས་འབྱོར་མངའ་ཐང་རྒྱས། །དགྲ་བགེགས་གཡུལ་ལས་རྒྱལ་པའི་འཕྲིན་ལས་མཛོད།། ༈ རྒྱལ་ཀུན་མཁྱེན་བརྩེའི་རང་གཟུགས་འཇམ་དཔལ་དབྱངས། །དུས་མཐར་ངུ་སྨྲིག་གར་རོལ་བློ་བཟང་གྲགས། །དབྱེར་ མེད་སྣང་བརྙན་བྱིན་རླབས་གཟི་འབར་དྲུང། །ཟ་འོག་ལས་གྲུབ་ན་བཟའ་འདི་ཕུལ་བའི། །ཆོས་དཀར་རྣམ་སྨིན་ཕུང་པོ་ཅི་མཆིས་པའི། །མཐུ་ལས་རྒྱལ་བསྟན་སྙིང་པོ་ཞྭ་སེར་གྱི། །རིང་ལུགས་ཕྱོགས་མཐར་རྒྱས་ཤིང་སྲིད་ཞིའི་མགོན། །རྣཾ་འདྲེན་རྒྱལ་དབང་ [399A]༄༅། །ཡབ་སྲས་ཞབས་པད་བརྟན། །མཛད་འཕྲིན་ཡར་ཟླ་ལྟར་འཕེལ་མར་གྱུར་འགྲོ། །བདེ་སྐྱིད་རྫོགས་ལྡན་དཔལ་ལ་སྤྱོད་པ་དང། །བདག་དང་མཛོད་པ་བསྐལ་བཟང་རྒྱལ་མཚན་བཅས། །དལ་རྟེན་རིམ་བརྒྱུད་སྐྱེ་ བ་ཐམས་ཅད་དུ། །རྣམ་དག་སྡམ་པ་གསུམ་གྱིས་རྒྱུད་ཕྱུག་ཅིང། །རྒྱལ་བསྟན་སྙིང་པོ་རིང་དུ་གནས་པ་དང། །འགྲོ་ཀུན་འཁོར་བའི་མཚོ་ལས་བསྒལ་བའི་ཕྱིར། །གསང་སྔགས་རྡོ་རྗེ་ཐེག་པའི་ཉམས་ལེན་གནད། །རིམ་གཉིས་ མཐར་ཕྱིན་སྐུ་བཞིའི་གོ་འཕང་མཆོག་མངོན་དུ་གྱུར་ཏེ་བདུད་བཞིའི་དཔུང་ཚོགས་ཀུན། །བཅོམ་ནས་འགྲོ་བ་ཀུན་གྱི་རེ་སྐོང་བའི། །ཡིད་བཞིན་ནོར་བུ་ལྟ་བུར་མྱུར་འགྲུབ་ཤོག་ཅེས་པ་འདི་ནི་རྗེ་བླ་མ་བློ་བཟང་གྲགས་པའི་སྣང་བརྙན་ གྱི་ན་བཟའ་འབུལ་རྒྱུའི་སྨོན་ཚིག་ཏུ་ཨ་ཆི་ཐུ་ནོ་མོན་ཧན་བློ་བཟང་ཡེ་ཤེས་བསྟན་པ་རབ་རྒྱས་ཀྱིས་སྦྱར་བའོ།། ༈ །།སསྟི། གསེར་སྦྱངས་ལས་གྲུབ་ལྔས་ལྷག་བཅུ་ཕྲག་གཉིས། །སྲང་གི་གྲངས་ལྡན་མུན་སེལ་སྣོད་མཆོག་འདི། །བློ་བཟང་ ཡེ་ཤེས་བསྟན་པ་རབ་རྒྱས་ཀྱིས། །ཕུལ་དགོས་དོན་གཉིས་ལྷུན་གྱིས་འགྲུབ་གྱུར་ཅིག་ཅེས་པ་འདི་ཡང་མཛོད་པ་ཞབས་དྲུང་བསྐལ་བཟང་རྒྱལ་མཚན་ཀྱི་ཐོག་ལྕགས་གླང་ལོར་ཇོ་བོ་ལ་རིན་ཆེན་ཐུར་སྲང་ལས་གྲུབ་པའི་གསེར་ཀོང་ཕུལ་བའི་ཁ་བྱང་དུ་བཀོད་པའོ། ། ༈ །རྒྱལ་ཀུན་སྙིང་རྗེའི་རང་གཟུགས་གྲུ་འཛིན་བདག་རྒྱལ་སྲས་ཐུ་བོ་བློ་གྲོས་རིན་ཆེན་ཞབས། །རྒྱལ་ཀུན་གསང་བའི་མཛོད་འཛིན་ཏེ་ལོ་པ། །རྣལ་འབྱོར་དབང་ཕྱུག་ [400B] །རྣལ་འབྱོར་སྤྱོད་པ་རྗེ་བཙུན་མི་ཏྲ་པ། །རྣལ་འབྱོར་འཁོར་བསྒྱུར་ཁྲོ་བུ་བྱམས་པ་དཔལ། །རྣལ་འབྱོར་དབང་པོ་བསོད་ནམས་དབང་ཕྱུག་ཞབས། །ཆོས་ཀྱི་སྤྱན་ལྡན་བསོད་ནམས་སེང་གེ་དང། །ཆོས་ ཚུལ་ལ་མཁས་རིན་ཆེན་སེང་གེའི་དཔལ། །ཆོས་ཀུན་གཟིགས་པ་བུ་སྟོན་རིན་ཆེན་གྲུབ། །ཆོས་ཀུན་གསལ་མཛད་གཞོན་ནུ་བསོད་ནམས་ཞབས། །རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་དཔལ། །རྒྱལ་བའི་སྲེས་ མཆོག་དགེ་ལེགས་དཔལ་བཟང་ཞབས། །རྒྱལ་ཀུན་མཐུ་སྟོབས་གཅིག་བསྡུས་བ་སོ་པ། །རྒྱལ་བ་ཀུན་དངོས་ཆོས་ཀྱི་རྡོ་རྗེའི་དཔལ། །ཟུང་འཇུག་སྐུ་བརྙས་རྒྱལ་བ་དབེན་ས་པ། །ཟུང་འཇུག་རྟོགས་པ་མངོན་གྱུར་ སངས་རྒྱས་མཚན། །ཟུང་འཇུག་མཐར་ཕྱིན་བློ་བཟང་ཆོས་རྒྱན་དང། །ཟུང་འཇུག་བདག་པོ་དགེ་འདུན་དོན་གྲུབ་ཞབས། །བསླབ་གསུམ་མཛོད་འཛིན་བསྟན་འཛིན་འཕྲིན་ལས་དང། །བསླབ་གསུམ་བདག་ཉིད་བློ་བཟང་ མཁས་བཙུན་མཆོག་བསླབ་པ་གསུམ་ལྡན་བློ་བཟང་ཤེས་རབ་དཔལ། །བསླབ་གསུམ་མཐར་ཕྱིན་འཇམ་དཔལ་རྒྱ་མཚོའི་ཞབས། །རིགས་ཀུན་ཁྱབ་བདག་ངག་དབང་མཆོག་ལྡན་དང། །རིགས་ཀུན་བྱེད་པོ་བསྐལ་ བཟང་རྒྱ་མཚོའི་སྡེ། །རིགས་བརྒྱའི་བདག་ཉིད་དཔལ་ལྡན་ཡེ་ཤེས་ཞབས། །རིགས་ཀུན་འདུས་ཞལ་བསྟན་པ་རབ་རྒྱས་སོགས། །དངོས་དང་བརྒྱུད་པའི་བླ་མ་མཆོག་རྣམས་ལ། །གསོལ་བ་འདེབས་སོ་བདག་ [401A]༄༅། །རྒྱུད་བྱིན་གྱིས་རློབས། །ཐོག་མེད་དུས་ནས་མ་དུལ་བརླང་པོའི་སེམས། །རྣམ་དག་ཐོས་བསམ་སྒོམ་པས་ལེགས་སྦྱངས་ནས། །སྐྱེས་བུ་གསུམ་གྱི་ཡོན་ཏན་འབྲས་བཟང་ཁུར། །རིང་མིན་སྨིན་ལས་བདག་ རྒྱུད་ཕྱུག་པར་ཤག་སྨིན་བྱེད་དབང་བཞིས་བདག་རྒྱུད་ཡོངས་སྨིན་ཏེ། །བླ་མ་ལྷར་བཅས་སྤྱན་སྔར་ཁས་བླངས་པའི། །དམ་ཚིག་སྡོམ་པ་སྲོག་བཞིན་གཙས་བསྲུངས་ཏེ། །གསང་ཆེན་ལམ་གྱི་གཞི་རྩ་བརྟན་པར་ཤོག་གང་ སྣང་སྣེད་བཅུད་བདེ་ཆེན་སྟོང་པའི་འཕྲུལ། །ལྷ་སྔགས་ཡེ་ཤེས་རོལ་པར་འབྱམས་ཀླས་ཤིང། །ངས་དོན་བླ་མ་སྤྱན་རས་གཟིགས་དབང་གི་གོ་འཕང་ཆེ་འདི་ཉིད་ལ་མངོན་འགྱུར་ཤོག་ཅེས་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་ བྲིས་ཐང་གི་རྒྱབ་ཡིག་དང་སྨོན་ཚིག་ཆབས་ཅིག་པ་འདི་ལྟ་བུ་ཞིག་དགོས་ཞེས་བླ་བྲང་རྒྱལ་མཚན་མཐོན་པོའི་རྩ་གཉེར་དང་སྐུ་བཅར་གྱི་ཁུར་འཛིན་བླ་མ་དཀའ་ཆེན་བློ་བཟང་དག་ལེགས་ནས་བསྐུལ་ངོར་ཞྭ་སེར་བསྟན་པའི་གསལ་བྱེད་ཨ་ཆི་ཐུ་ནོ་མོན་ཧན་དུ་འབོད་པས་བཞི་སྡེ་ དགའ་ལྡན་བསམ་གླིང་གི་གཟིམས་ཆུང་ཟུང་འཇུག་བདེ་ཆེན་ཕོ་བྲང་དུ་སྦྱར་བའོ།། ༈ །།ཟླ་མེད་སྟོབས་བཅུ་མངའ་བའི་ཞལ་སྒ་ལས། །ལེགས་འོངས་ཟབ་ཞི་སྤྲས་བྲལ་འདུས་མ་བྱས། །བདུད་རྩིའི་སྤུན་ཟླ་གཉིས་པ་རྙེད་ དཀའི་ཆོས། །ཤེར་ཕྱིན་སྟོང་ཕྲག་བརྒྱད་པའི་གླེགས་བམ་མཆོག་འཛམ་བུ་ན་དའི་ཁུ་བས་ལོགས་བྲིས་པ། །ང་མཆར་རྨད་བྱུང་བཀོད་མཛེས་ཁྱད་འཕགས་འདི། །བཞེངས་པའི་རྣམ་པར་དཀར་བའི་ལེགས་བྱས་མཐུས་ [402B] །རྒྱུ་སྦྱོར་སྡེ་བ་ཚེ་དབང་བསམ་གྲུབ་དང། །གུ་ཆུང་མ་སོགས་སྐྱ་སེར་ལྟོས་བཅས་རྣམས། །གནས་སྐབས་ནད་གདོན་ཀུན་ཞི་ཚེ་བསོད་རྒྱས། །དམ་ཆོས་སྒྲུབ་པའི་མཐུན་རྐྱེན་ཀུན་འགྲུབ་ཅིང། །རིང་ མིན་སྟོབས་བཅུའི་ཁོ་ལག་ཡོངས་རྫོགས་པ། །རྣམ་པ་ཐམས་ཅད་མཁྱེན་པའི་ས་ཐོབ་ནས། །མཁའ་ཁྱབ་འགྲོ་བ་སྒྲོལ་བར་བྱེད་བ་ལ། །རྣམ་འདྲེན་ཟས་གཙང་སྲས་དང་མཚུངས་པར་ཤོག་ཅེས་པ་འདི་ན་དད་སྟོབས་རྣམ་དཔྱོད་ལྡན་པ་སྡེ་པ་ཚེ་ དབང་བསམ་གྲུབ་དང། བུ་ཆུང་མ་གཉིས་ནས་གསར་སྦྱངས་ཞུན་མ་ལས་གྲུབ་པའི་སྟོང་ཕྲག་བརྒྱད་པའི་གླགས་བམ་གསར་བཞེངས་ཀྱི་དགེ་བ་རྫོགས་བྱང་དུ་བསྔོ་བའི་སྨོན་ཚིག་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་ངོར་ཞྭ་སེར་བསྟན་པའི་གསལ་བྱད་ཨ་ཆི་ཐུ་ནོ་མོན་ཧན་དུ་འབེད་པས་སྦྱར།། ༈ ངུར་སྨྲིག་གར་གྱིས་རྣམ་རོལ་བ། །བསྟན་པའི་པད་ཚལ་རྒྱས་བྱེད་པའི། །རྗེ་བཙུན་སྨྲ་བའི་ཉི་མ་རྒྱལ། །འགྲོ་ཀུན་སྡིག་སྒྲིབ་མུན་པའི་དབུང། །ཐུགས་རྗེའི་ཟེར་འཕྲེང་ཕྲ་མས་ཀྱང། །འཇོམས་ ལ་རྒྱལ་ཀུན་ལས་ལྷག་པའི། །སྟོན་མཆག་སྨན་གྱི་བླ་མ་རྒྱལ། །སྟོབས་བཅུའི་ཁོ་ལག་ཡོངས་རྫོགས་ཤིང། །འགྲོ་ཀུན་ཐུགས་རྗེའི་ཕྱག་རིང་གིས། །རྣམ་གྲོལ་གླིང་དུ་འཁྲིད་མཇད་པ། །སྟོན་མཆོག་འོད་མཚན་སྟོང་འབར་རྒྱལ། ། དགའ་ཤར་ཤེ་དཔོན་ཆ་དབང་བསམ་འགྲུབ་ཀྱི་བརྒྱད་སྟོང་གསེར་གྱིས་བཞེངས་པའི་དབུ་ཤོག་ཏུ་འོས་ཀྱི་སྣང་བརྙན། སྨན་གྱི་བླ་མ། འོད་དཔག་མེད་བཅས་ཀྱི་དབུ་ལྷའི་མཚན་བྱང་ཤླཽ་ཀ་རེ་དགོས་ཞེས་བསྐུལ་ངོར་རྭ་སྒྲེང་ཨ་ཆི་ཐུ་ནོ་མོན་ཧན་དུ་འབོད་པས་སྦྱར།། [403A]༄༅། །རྒྱལ་རྣམས་སྤངས་རྟོགས་དབྱེ་བ་མ་མཆིས་ཀྱང། །སྙིང་སྟོབས་དམ་བཅའི་རི་མོ་ཆེས་བཀྲ་བའི། །རྣམ་འདྲེན་བུ་རམ་ཤིང་བའི་སྐྱེས་རབས་ཀྱི། །བྲིས་ཐང་བཞེངས་མཐུས་བསྟན་དར་འགྲོ་ཀུན་བདེ། །ཁྱད་པར་སྦྱིན་ བདག་བསྐལ་བཟང་རབ་འབྱོར་གྱིས། །ཐོག་མེད་ནས་བསགས་སྡིག་ལྟུང་མུན་པའི་དཔུང། །ཐུགས་རྗེ་ཉི་གཞོན་འོད་ཀྱིས་བསལ་དུ་གསོལ། །གནས་སྐབས་སྡེ་བཞིའི་ཡོན་ཏན་རྒྱས་པ་དང། །རིང་མིན་སྐུ་གསུམ་གོ་འཕང་ མངོན་གྱུར་ཏེ། །མཐའ་དག་འགྲོ་རྣམས་སྐུ་གསུམ་ནོར་བུའི་གླིང། །འཁྲིད་པའི་དེད་དཔོན་མཆོག་ཏུ་འགྱུར་བ་སོགས། །དོན་གཉིས་ལྷུན་གྱིས་འགྲུབ་པའི་དགའ་སྟོན་སྩོལ། ༈ ། གཅིག་བསྡུས་རྒྱལ་བ་ཀུན་ལས་ཆེས་ལྷག་པའི། །གྲགས་པ་སྲིད་པ་གསུམ་ན་མངོན་འབར་བ། །སྙིགས་དུས་བསྟན་པའི་བདག་པོ་ཙོང་ཁ་པའི། །ལེགས་མཛད་བརྒྱད་ཅུའི་གྲངས་ལྡན་བྲིས་ཐང་འདི། །ལེགས་བཞེངས་རྣམ་ པར་དཀར་བཱཨ་དགེ་ཚོགས་ཀུན། །ལེགས་པར་གཅིག་བསྡུས་མཐུ་ལས་འགྲོ་ཀུན་བར། །ལེགས་བསྐྲུན་བྱེད་པོ་བསྐལ་བཟང་རབ་འབྱོར་གྱི། །སྡིག་ལྟུང་ཉེས་པའི་ཚོགས་ཀུན་ཞི་བ་དང། །ཚེ་དཔལ་འབྱོར་པ་དབྱར་གྱི་ཆུ་ མཚོར་འགྲན། །མཐར་ཐུག་རྣམ་མཁྱེན་དབང་པོའི་རྒྱལ་སྲིད་ཆེ། །རང་གཞན་ཡོངས་ཀྱིས་ཐོབ་པའི་དགེ་ལེགས་སྩོལ། །ཅེས་དད་ལྡན་དགའ་ཁང་ཞབས་གྲས་ཤག་ལྷོ་གཞིས་སྡོད་སྡེ་པ་བསྐལ་བཟང་རབ་འབྱོར་ནས་གོང་སྨོས་བྲིས་ཐང་རྣམས་བཤེད་ [404B]། ༈ །།མཆོག་གསུམ་རྒྱལ་བ་རྒྱ་མཚོའི་སྤྱན་སྔ་རུ། །མ་རིག་མུན་སེལ་ སྣོད་མཆོག་འདི་ཕུལ་བས། །རྒྱུ་སྦྱོར་སྡེ་པ་ཡེ་ཤེས་དོན་གྲུབ་ཀྱི། །ཕ་མས་གཙོ་བྱས་མར་གྱུར་ཡིད་ཅན་རྣམས། །གནས་སྐབས་བསམ་དོན་ཆོས་བཞིན་འགྲུབ་པ་དང། །མཐར་ཐུག་བདུད་བཞིའི་དགྲ་ལས་རྣམ་རྒྱལ་ཏེ། །མཐའ་ཡས་ འགྲོ་བ་མ་ལུས་སྒྲོལ་བ་ལ། །མགོན་པོ་སྤྱན་རས་གཟིགས་དང་མཚུངས་པར་ཤོག་ཅེས་དད་ལྡན་སྤེ་པ་ཡེ་ཤེས་དོན་གྲུབ་ཀྱིས་རྭ་སྒྲེང་ཇོ་བོ་འཇམ་དཔལ་རྡོ་རྗེའི་སྐུ་མདུན་དུ་གསེར་ཀོང་གསར་ཕུལ་གྱི་སྐབས་སྨོན་ཚིག་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་ངོར་་ཤཱཀྱའི་ དགེ་སློང་བློ་བཟང་ཡེ་ཤེས་བསྟན་པ་རབ་རྒྱས་ཀྱིས་སྦྱར་བའོ།། ༈ །།སྤྲོས་བྲལ་ཆོས་དབྱིངས་དང་དུ་སྣང་སྲིད་ཀུན། །སྡོམ་མཛད་ཧེ་རུ་ཀ་དཔལ་འཁོར་འདི། །བཞེངས་མྠྶུ་རྒྱུ་སྦྱོར་ལ་སོགས་འགྲོ་བ་ཀུན། །དོན་གཉིས་འདོད་ དགུའི་ཆར་གྱིས་ཚིམ་གྱུར་ཅིག་ཅེས་པ་འདི་འང་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་ཐང་གི་རྒྱབ་ཡིག་ཏུ་བྲིས།། ༈ །།ཟླ་མེད་སྟོན་པ་ཤཱཀྱའི་རྒྱལ་པོ་དང། །རིགས་གྲོལ་གཉིས་ལྡན་འཕགས་ཚོགས་དགེ་འདུན་སྡེ། །མཉེས་བྱེད་ ཟ་འོག་ལས་གྲུབ་མཆོད་རྫས་འདི། །ཕུལ་བའི་དགེ་བས་མར་གྱུར་འགྲོ་བ་སྤྱི། །ཁྱད་པར་དཀའ་བཅུ་འཕྲིན་ལས་དཔལ་ལྡན་དང། །ཡེ་ཤེས་ཆོས་འཕེལ་གྱིས་མཚོན་རྒྱུ་སྦྱོར་རྣམས། །གནས་སྐབས་འགལ་རྐྱེན་མི་མཐུན་ [405A]༄༅། །ཕྱོགས་ཞི་ཞིང། །མཐར་ཐུག་བདུད་བཞིའི་དགྲ་ལས་རྣམ་རྒྱལ་བའི། །སྟོབས་བཅུའི་ཁོ་ལག་ཡོངས་རྫོགས་འཇིག་རྟེན་མགོན། །རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་མཆོག་རིང་མིན་ཐོབ་སྟེ་འགྲོ་ཀུན་ སྒྲོལ་བ་ལ། །སྟོན་མཆོག་ཉི་མའི་གཉེན་དང་མཚུངས་གྱུར་ཅིག་ཅེས་པ་འདི་འང་དད་ལྡན་འབྲས་གཙང་དཀོན་གཉེར་དཔོན་དཀའ་བཅུ་འཕྲིན་ལས་དཔལ་ལྡན་དང། ཡངས་ཅན་མཁན་པོ་དཀའ་བཅུ་ཡེ་ཤེས་ཆོས་འཕེལ་གཉིས་ནས་ཁམས་མཚན་དུ་ཕྱེ་ཕུར་དང་ཀ་ འཕན་གསར་ཕུལ་གྱི་སྨོན་ཚིག་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བའི་ངོར་རྭ་སྒྲེང་ཨ་ཆི་ཐུ་ནོ་མོན་ཧན་དུ་འབོད་པས་སྦྱར།། ༈ །།ཧཱུཾ། ཧེ་རུ་ཀ་དཔལ་ལྷན་སྐྱེས་སྒྱུ་འཕྲུལ་གར། །བསྟན་བསྲུང་ཀུན་གྱི་གཙོ་བོ་སྟོབས་འཕྲོག་དབང། །རྟེན་ འདིར་བཞུགས་ལ་དམ་ལྡན་རྣལ་འབྱོར་པའི། །འགལ་རྐྱེན་ཀུན་སོལ་དོན་གཉིས་ལྷུན་འགྲུབ་མཛོད། །ཅེས་པ་འདི་ནི་འབྲས་ཆེ་བ་མ་ཎི་སྐུ་སྐྱེས་བསྐུལ་ངོར་རྭ་སྒྲེང་ཨ་ཆི་ཐུ་ནོ་མོན་ཧན་གྱིས་སྦྱར་བའོ།། ༈ ཤཱཀྱའི་རྒྱལ། །མཉེས་བྱེད་བཟང་གོས་ལས་གྲུབ་རྣམ་སྦྱར་འདི་ཕུལ་བའི་དགེ་བས་རྒྱུ་སྦྱོར་ཡེ་ཤེས་མིང། །ལ་སོགས་འགྲོ་ཀུན་སྐྱེ་བ་ཐམས་ཅད་དུ། །ཐེག་མཆོག་དགེ་བའི་བཤེས་ཀྱིས་རྗེས་བཟུང་སྟེ། །ཚང་ལ་མ་ནོར་ གདམས་པའི་གནད་ཀུན་ལ། །ཐོས་བསམ་སྒོམ་པའི་བྱ་བ་མཐར་ཕྱིན་ཏེ། །སྐུ་གསུམ་གོ་འཕང་བདེ་བླག་ཐོབ་བྱིན་རློབས།། ༈ །སྙན་ཤལ་མཛེས་བྱེད་ལྷ་རྫས་འདི་ [406B] །བདག་གཞན་འགྲོ་ཀུན་གནས་སྐབས་མཐར་ཐུག་གི་རེ་བའི་འབྲས་བུ་མྱུར་དུ་འགྲུབ་བྱིན་རློབས།། ༈ །སྙན་ ྾ ། སྙན་ཤལ་ ྾ །སྙན་ཤལ་ ྾ །སྙན་ ྾ ༈ །སྣང་སྟོང་སྒྱུ་མའི་སྲིན་པོར་ཡོངས་ ཤར་བའི། །གཏུམ་དྲག་ལེགས་ལྡན་ཞལ་བཞི་འཁོར་བཅས་རྣམས། །དགྱེས་བསྐྱེད་གངས་རིའི་མདངས་འཛིན་འདི་ཕུལ་བས། །མི་མཐུན་རྒུད་ཞི་ཆེ་དཔལ་སྟོབས་འབྱོར་རྒྱས། །དགྲ་བགེགས་ནག་པོའི་ཕྱོགས་རྣམས་གཞོམ་ པ་དང། །མཐར་ཐུག་ངེས་དོན་ཡེ་ཤེས་མགོན་པོ་ཆེའི། །རང་ཞལ་མངོན་དུ་འགྱུར་བའི་དགའ་སྟོན་སྩོལ། ། ༈ །ཉི་མའི་གཉེན་གྱི་རིང་ལུགས་པདྨོའི་ཚལ། །རྒྱས་བྱེད་ངུར་ སྨྲིག་འཛིན་པའི་འདུས་པའི་སྡེའི། །རྟེན་གསུམ་གཙོ་བོ་རྣམས་ཀྱི་སྤྱན་ལམ་དུ། །ཕུལ་བའི་དགེ་བས་གནས་སྐབས་མཐར་ཐུག་ཀུན། །ཀུན་ནས་བདེ་ཞིང་སྡེ་བཞིའི་འབྱོར་པ་ཀུན། །ཀུན་ཏུ་ཡོངས་འཕེལ་མཐར་ཐུག་རྣམ་པ་ ཀུན། །ཀུན་མཁྱེན་རྒྱལ་བའི་གོ་འཕང་ཐོབ་པར་ཤོག་ ༈ །མ་རུངས་དགྲ་སྡེའི་སྣང་ངོར་འཇིག་རྟེན་ཚུལ། །ཡོངས་འཛིན་དཔལ་ལྡན་བསྟན་སྐྱོང་དབང་མོ་གང། །དགྱེས་བསྐྱེད་ [407A]༄༅། །ལྷ་རྫས་སྙན་ཤལ་འདི་ཕུལ་བས། །གནས་སྐབས་མཐར་ཐུག་འདོད་པའི་རེ་བ་སྐོངས། །མི་མཐུན་རྒུད་པའི་ཚོགས་རྣམས་ཕ་མཐར་སྐྲོད། །མཐར་ཐུག་རྣམ་ཀུན་མཆོག་ལྡན་ཤེས་རབ་ཡུམ། །འབྲལ་ མེད་གཏན་བདེའི་གྲོགས་སུ་ཐོབ་པར་མཛོད། །ཅེས་པའང་བཀའ་ཟུར་ལྷ་སྡིངས་པ་ནས། ཇོ་བོ་རྣམ་གཉིས། ཐུགས་རྗེ་ཆེན་པོ་རང་བྱོན་ལྡ་ལྡན། དཔལ་ལྷ། རྗེ་ང་འདྲ་མ། རྭ་ཆེ་མགོན་བོ། དཔལ་ལྡན་རྩེའི་མགོན་པོ། ན་ལེནྡྲའི་མཆོད་ཁང། བརྟན་མ་བཅས་ལ་རྙན་ཤལ་འབུལ་སྐབས་ སྨོན་ཚིག་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་ངོར་རྭ་སྒྲེང་ཨ་ཆི་ཐུ་ནོ་མོན་ཧན་གྱིས་སྦྱར།། ༈ །།རྒྱལ་གསུང་མདོ་སྔགས་ལམ་གྱི་སྙིང་པོའི་བཅུད། །ཇི་བཞིན་གསལ་བྱེད་ལེགས་གསུང་ཉིད་ཁུ་དང། །འཇིགས་མཛད་ཁྲོ་བོའི་རིམ་གཉིས་ ནན་བུའི་འཕྲེང། །སྡོམ་གསུམ་བསླབ་བྱ་བྱང་ཆེན་ཐེམ་སྐས་བཅས། །དད་དང་མོས་བ་ལྷག་བསམ་རྣམ་དག་པའི། སྐྱེ་རྒུའི་བདག་མོ་དང་མཚུངས་རྒྱུ་སྦྱོར་བ། །རྗེ་བཙུན་བློ་བཟང་སྒྲོལ་མ་ཞེས་བྱ་བས། །པར་དུ་ལེགས་ བསྐྲུན་རྣམ་དཀར་ཕུང་པོའི་མཐུས། །རྒྱལ་བའི་བསྟན་དར་བསྟན་འཛིན་སྐུ་ཚེ་འཕེལ། །མར་འགྱུར་འགྲོ་ཀུན་གནས་སྐབས་མཐར་ཐུག་གི་རེ་བའི་འབྲས་བུ་མྱུར་དུ་འགྲུབ་པ་དང། །ཁྱད་པར་རྒྱུ་སྦྱོར་ལྟོས་བཅས་སྐྱེ་ཀུན་ཏུ་ དལ་འབྱོར་རྟེན་ཐོབ་དགེ་བའི་བཤེས་དང་མཇལ། །ཚང་ལ་མ་ནོར་ལམ་བཟང་འདི་ཉིད་ལ། །རྩེ་གཅིག་བརྩོན་བས་འབད་ལས་ཐམས་ཅད་མཁྱེན། །སྟོབས་བཅུ་མངའ་བའི་གོ་འཕང་མྱུར་ཐོབ་ཤོག་ཅེས་དྭགས་པོ་དག་ [408B] ངོས་ཀྱི་ངག་རྩོམ་རྡོ་རྗེ་འཇིགས་བྱེད་ཀྱི་བསྐྱེད་རྫོགས་དང། སྡོམ་གསུམ་བསླབ་བྱ་བཅས་ཀྱི་བར་གསར་བསྒྲུན་རྗེ་བཙུན་དུང་ནས་མཛད་སྐབས་སྨོན་ཚིག་ཏུ་རྭ་སྒྲེང་ཨ་ཆི་ཐུ་ནོ་མོན་ཧན་དུ་འབོད་པས་སྦྱར།། ༈ མཐུ་སྟོབས་ མི་བཤད་ལྷ་ཆེན་ཉི་མའི་བུ། །ལྷོ་ཕྱོགས་མཐར་བྱེད་འཇིགས་རུང་གྲོང་ཁྱེར་ནས། །འདིར་བྱོར་རྣམ་བཀྲ་ཟ་འོག་སྣང་བརྙན་འདིར། །དབྱེར་མེད་བཞུགས་ལ་དབུ་འཕང་མཐོར་བཏེག་སྟེ། །རྒྱལ་བསྟན་ལེགས་སྐྱོངས་བསྟན་འཛིན་ དམ་པ་རྣམས། །བསྐལ་བརྒྱར་ཞབས་བརྟན་དགེ་འདུན་སྡེ་འདི་ཉིད། །ཉིན་མཚན་དུས་དྲུག་བསྲུང་སྐྱབ་མི་གཡེལ་ཞིང། །ཁྱད་པར་རྒྱུ་སྦྱོར་འཁོར་དང་བཅས་པ་ཡི། །མི་མཐུན་གནོད་པའི་རྐྱེན་ཀུན་ཞི་བ་དང། །མཐུན་རྐྱེན་ལེགས་ ཚོགས་འདོད་དགུ་ལྷུན་འགྲུབ་ཅིང། །མཐར་ཐུག་ངེས་དོན་རྣག་རིག་རྡོ་རྗེ་སེམས། མངོན་དུ་འགྱུར་བའི་འཕྲིན་ལས་མ་གཡེལ་ཞིག་ཅེས་པ་འདི་ནི་སེ་ར་སྔགས་ཨ་སྤྲུལ་བའི་སྐུ་བློ་བཟང་ཡེ་ཤེས་ཀྱིས་ཆོས་རྒྱལ་གྱི་གོས་ཐང་གསར་བཞེངས་ཀྱིས་བླ་ཚང་ དུ་འབུལ་རྒྱུའི་རྒྱབ་ཡིག་ཏུ་འདི་ལྟ་བུ་ཞིག་དགོས་ཞེས་འཕྲིན་ཡིག་གིས་བསྐུལ་མ་བྱུང་བའི་ངོར་་ཤཱཀྱའི་དགེ་སློང་བློ་བཟང་ཡེ་ཤེས་བསྟན་པ་རབ་རྒྱས་ཀྱིས་རྭ་སྒྲེང་རྒྱལ་བའི་དབེན་གནས་ཀྱི་རང་གནས་བདེ་ཆེན་པོ་དྲང་དུ་སྦྱར་བའོ།། ༈ པོའི་སྐུར། །སྟོན་མཛད་མཧཱ་ཀཱ་ལ་ཆེ། །བདེ་སྐྱོང་རྡོ་རྗེ་གཡའ་མ་སྐྱོང། །འཁོར་བཅས་རྟན་འདིར་དབྱེར་མེད་བཞུགས། །ས་མ་ཡ་ཏིཥྛན་ཏུ། ཞེས་པའང་རྒྱ་བཏབ་ར་མོ་ཆེའི་བསྲུང་མ་དཔལ་མགོན་བེང་དམར་གྱི་སྐུ་ཐང་རྒྱབ་ཡིག་ཏུ་རྭ་སྒྲེང་ཨ་ཆི་ཐུ་ [409A]༄༅། །ནོ་མོན་ཧན་དུ་འབོད་བས་སྦྱར།། ༈ །འགག་མེད་གཟུགས་ཀྱི་རྣམ་པར་ཡོངས་ཤར་བའི། །རྒྱལ་དང་དེ་སྲས་སློབ་མར་བཅས་པ་ཡི། །བྲིས་ཐང་བཞེངས་ མཐུས་བདག་སོགས་འགྲོ་བ་ཀུན། །སྐྱེ་མང་ཉེར་གོམས་སྒྲིབ་གཉིས་སྡུག་པོའི་མུན། །ཐུགས་རྗེའི་ཟླ་སྣང་དཀར་པོས་མྱུར་བསལ་ཏེ། །རིང་མིན་དེས་དོན་འོག་མིན་ཞིང་ཁམས་ཆེར། །བགྲོད་པའི་སྐལ་བ་བཟང་པོ་མངོན་འགྱུར་ཤོག་ ཅེས་པ་འྡིའང་བཀའི་གུང་བློན་ལྷ་སྡིངས་བས་རྒྱལ་དང་སྲས་བཅས་སློབ་མར་བཅས་པའི་བྲིས་ཐང་མང་དུ་བཞེངས་བའི་རྒྱབ་ཡིག་ཏུ་རྭ་སྒྲེང་ཨ་ཆི་ཐུ་ནོ་མོན་ཧན་དུ་འབོད་པས་སྦྱར།། ༈ མཆོག་གསུམ་བྲིས་ཐང་ཚ་ ཟེར་བདག་པོ་གང། །ལེགས་ཤར་དད་ལྡན་བློ་བཟང་བསྟན་འཛིན་སོགས། །འགྲོ་ཀུན་ཕན་བདེའི་པད་ཚལ་རྒྱས་གྱུར་ཅིག་ཅེས་པ་འདི་འང་དད་བརྩོན་ལྷག་བསམ་ལྡན་པ་བློ་བཟང་བསྟན་འཛིན་ནས་ཞལ་ཐང་གྲྭ་ཚར་བཞེངས་པའི་རྒྱབ་ཡིག་ཏུ་རྭ་སྒྲེང་ཨ་ཆི་ཐུ་ ནོ་མོན་ཧན་དུ་འབོད་པས་སྦྱར།། ༈ །།རྒྱལ་བ་ཀུན་ཡུམ་ཏཱ་རེ་མ། །དཀྱེས་བསྐྱེད་སྣ་ལྔའི་དར་ཚོན་འདི། །ལུལ་བས་བསྟན་དར་སྐྱེ་རྒུ་བདེ། །ཁྱད་པར་རྒྱུ་སྦྱོར་དགའ་བཞི་བའི། །ཚེ་དཔལ་འབྱོར་པ་མངའ་ཐང་ལ། །གནོད་ བྱེད་མི་མཐུན་ཀུན་ཞི་ཞིང། །ལེགས་ཚོགས་ཡར་ངོའི་ཟླ་བ་ལྟར། །འཕེལ་ཞིང་རྒྱས་པར་བྱིན་གྱིས་རློབས། །ཞེས་པའང་རྭ་སྒྲེང་ཨ་ཆི་ཐུ་ནོ་མོན་ཧན་དུ་འབོད་པས་སྦྱར།། ༈ །ངོ་མཚར་བཀོད་ [410B] །དད་ལྡན་དགེ་སློང་རྒྱ་མཚོ་སྦྱིན་པ་ཡིས། །ཕུལ་བའི་ལེགས་བྱས་འདྲིས་མཆོན་དུས་གསུམ་དགེ་གཅིག་བསྡུས་རྣམ་དཀར་མཐུ་ལས་རྒྱལ་བསྟན་དར། །བསྟན་འཛིན་ཞབས་བརྟན་དགེ་འདུན་སྡེ་ འཕེལ་ཞིང། །རྒྱུ་སྦྱོར་ལ་སོགས་མར་གྱུར་འགྲོ་བ་རྣམས། །དོན་གཉིས་འབྲས་བཟང་མྱུར་དུ་སྨིན་གྱུར་ཅིག་ཅེས་བ་འདི་ནི་རྭ་སྒྲེང་ཨ་ཆི་ཐུ་ནོ་མོན་ཧན་དུ་འབོད་པས་སྦྱར།། ༈ བའི་ཧ་རའི་སྐུ་བརྙན་ལ། སྤྲོས་བྲལ་ཀུན་བཟང་རང་ མདངས་དྲེག་པའི་གཙོར། །ཡོངས་བཞེངས་དགྲ་ལྷའི་རྒྱལ་པོ་བའི་ཧ་ར། །དགྱེས་སྐོང་ཀེ་ལ་ཤ་ཡི་མདངས་འཛིན་འདི། །ཕུལ་བས་དམ་ལྡན་དགེ་འདུན་བསོད་ནམས་ཀྱི། །ཉམས་པ་ལེགས་སྐོང་ནད་གདོན་བར་ཆད་ཞི། །ཚེ་དཔལ་ འབྱོར་པ་ངལ་བསོས་བུ་ལ་འགྲན། །མཐར་ཐུག་བྱང་ཆུབ་སྒྲུབ་པའི་མཐུན་རྐྱེན་ཀུན། །གཡེལ་མེད་མཛེད་ཅིག་མཐུ་ལྡན་དགྲ་ལྷའི་རྒྱལ། །ཞེས་དང། རྡོ་རྗེ་གྲགས་ལྡན་ལ། །སོར་རྟོག་ཡེ་ཤེས་རང་མདངས་དྲེགས་པའི་གཙོར། །སྟོན་ མཛད་མཐུ་ལྡན་རྡོ་རྗེ་གྲགས་ལྡན་ཆེ། །དགྱེས་སྐོང་ ྾ བའི་ཧ་རའི་སྐུ་བརྙན། རྡོ་རྗེ་གྲགས་ལྡན་བཅས་ལ་སྙན་ཤལ་འབུལ་རྒྱུའི་སྨོན་ཚིག་ཏུ་རྭ་སྒྲེང་ཨ་ཆི་ཐུ་ནོ་མོན་ཧན་དུ་འབེད་པས་སྦྱར་ ༈ །འཁོར་བཅས་བྲིས་ཐང་འདིར་བཞུགས་རྒྱུ་སྦྱོར་གྱི། །འགལ་རྐྱེན་ཞི་ཞིང་ཚེ་དང་ལ་སྟོབས་འབྱོར་རྒྱས། །རིང་མིན་རྡོ་རྗེ་འཆང་དབང་འགྲུབ་བྱིན་རློབས། །ཞེས་པའང་དད་ལྡན་ཐུང་སི་རྟ་ [411A]༄༅། །མགྲིན་གྱིས་རྣམ་སྲས་ཀྱི་བྲིས་ཐང་གསར་བཞེངས་ཀྱི་རྒྱབ་ཡིན་ཏུ་སྦྱར། ། ༈ །སྐྱབས་གནས་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །མར་གྱུར་འགྲོ་བ་ཀུན་གྱི་དོན་གྱི་ཕྱིར། །དེང་ ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །བདག་གིས་དུས་གསུམ་བསགས་པའི་དག་ཚོགས་ཀུན། །གཅིག་བསྡུས་རབ་དཀར་ཕུང་པོ་མ་ལུས་པ། །ཐུབ་བསྟན་དར་ཞིང་འགྲོ་བ་འདེ་བ་དང། །བདག་སོགས་འགྲོ་ཀུན་བྱང་ཆུབ་མྱུར་ ཐོབ་ཤོག་མཆོག་གསུམ་བསླུ་བ་མེད་པའི་བདེན་མཐུ་དང། །རྒྱུ་འབྲས་རྟེན་འབྲེལ་བསླུ་མེད་བདེན་པའི་མཐུས། །ཇི་ལྟར་བསམས་པའི་འདོད་དོན་མ་ལུས་པ། །འབད་མེད་ད་ལྟ་ཉིད་དུ་ལྷུན་འགྲུབ་ཤོག་འཇམ་དཔལ་དཔའ་བློ་ ཇི་ལྟར་ ྾ ྾ ༈ །།སྭ་སྟི་སིདྡྷཾ་ བདེ་ལེགས་བྱེ་བའི་འབྱུང་གནས་སྐྱབས་གསུམ་དང། །རབ་འབྱམས་དཀྱིལ་འཁོར་ལྷ་ཚོགས་བསྟན་བསྲུང་བཅས། །འགྱུར་མེད་བདེ་བ་ཆེན་པོའི་རང་བཞིན་ལས། །བདག་སོགས་ལགས་སྨོན་འགྲུབ་པའི་གྲོགས་མཛོད་ ཅིག་བྱོན་དང་འབྱོན་འགྱུར་སྐྱེ་འཕགས་ཐམས་ཅད་ཀྱིས། །ལེགས་བྱས་དགེ་འབྲས་ཕུང་པོའི་ཚོགས་སྤྱི་དང། །བྱད་པར་བླ་མ་བློ་བཟང་བསྟན་གྲགས་ཀྱིས། །རྣམ་ཀུན་རྒྱལ་བའི་བཀའ་འགྱུར་འབྲི་ཀློག་སོགས། །ཚུལ་བཞིན་ [412B] །བགྱིས་དང་བགྱིད་འགྱུར་དགེ་བ་མ་ལུས་པ། །གཅིག་བསྡུས་བསོད་ནམས་མཐུ་ལས་སྐྱེ་འཕྲེང་ཀུན། །ཚངས་སྤྱོད་རྣམ་དག་ཐེག་མཆོག་དགེ་པའི་བཤེས། །ལེགས་བསྟེན་བཀའ་བཞིན་ བསྒྲུབས་ཏེ་ཐུན་མོང་གི་ལམ་ཀུན་མྱུར་བགྲོད་རིང་མིན་སྐུ་བཞི་ཡི། །དབང་ཕྱུག་ཡན་ལག་བདུན་ལྡན་འགྲུབ་པ་དང། །ཕྱི་ནང་རྟེན་གསུམ་ཡོན་མཆོད་འཁོར་བཅས་ལ། །མི་མཐུན་རྒུད་པའི་ཚོགས་ཀུན་ཉེར་ཞི་ཞིང། །ཚུལ་བཞིན་ སྒྲུབ་ལ་བསམ་སྦྱོར་ངན་འཆང་བའི། །གནོད་བྱེད་ཀུན་སྒྲོལ་ཆོས་མཐུན་བསམ་པ་ཀུན། །མྱུར་དུ་འགྲུབ་པའི་སྟོང་གྲོགས་མི་གཡེལ་ཞིང། །མཐའ་ཡས་འགྲོ་བའི་ལེགས་བྱས་མ་ལུས་ཀུན། །གཞན་དོན་སྐུ་བཞིའི་བདག་ ཉིད་མྱུར་གྲུབ་སྟེ། །འགྲོ་ཀུན་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་བའི། །སྐུ་གསུམ་གོ་འཕང་ཐོབ་པའི་རྒྱུར་བསྔོའོ།། ༈ ཆོས་དབྱིངས་ངང་ལས་གཏུམ་ཆེན་ཁྲོ་བོའི་སྐུ། །ཡོངས་ཤར་དཔལ་ལྡན་མགོན་པོ་འཁོར་ བཅས་རྣམས། །མཉེས་བྱེད་ཟ་འོག་ལས་གྲུབ་བླ་བྲེ་འདི། །ཕུལ་བས་རྒྱལ་དབང་ཡབ་སྲས་ཞབས་བརྟན་ཅིང། །མར་གྱུར་སྤྱི་དང་བློ་བཟང་ཆོས་ཀྱི་དབང། །བློ་གྲོས་བཟང་པོའི་འབྱོར་པ་རབ་རྒྱས་ནས། །གནས་སྐབས་ཚེ་བསོང་སྟོགས་ འབྱོར་སྙན་གྲགས་འཕེལ། །མཐར་ཐུག་བདུད་བཞིའི་གཡུལ་ལས་རྒྱལ་གྱུར་ཅིག་ཅེས་པ་འདི་ནི་མཁན་པོ་བློ་བཟང་ཆོས་དབང་ནས་བསྐུལ་བོར་ཤཱཀྱའི་དགེ་སློང་རིག་པ་འཛིན་པ་བློ་བཟང་ཡེ་ཤེས་བསྟན་པ་རབ་རྒྱས་ཀྱིས་ཕོ་བྲང་ཆེན་པོ་པོ་ཏ་ལར་སྦྱར།། །། [413A]༄༅། །བྷྱོ་བདུན་མའི་མཐར། །དཔལ་ལྡན་དམག་ཟོར་གྱི་རྒྱལ་མོ་ཞི་དྲག་སོགས་བསྟན་བསྲུང་རྒྱ་མཚོའི་ཚོགས་རྣམས་ལ་མི་བཟད་པའི་གནམ་རུའི་འཁྲུལ་འཁོར་འདི་འབུལ་གྱི། བཞེས་ལ་སངས་རྒྱས་ཀྱི་བསྟན་པ་དར་ ཞིང། བསྟན་འཛིན་ཆགས་རྣམས་ཞབས་པད་བརྟན་པ། འགྲོ་ཀུན་ཆོས་འབྱོར་བདེ་བས་འཚོ་བ། ཁྱད་པར་རྣལ་འབྱོར་པ་བདག་ཅག་གི་ནང་གདོན་བར་ཆད་ཞི་ཞིང་ཚེ་དཔལ་རལ་གྲི་འདུལ་ན་རྣ་ངར་འཛོམ་པའི་རལ་གྲི་ཞེས་བསྒྱུར། འབྱོར་པ་རྒྱས་ པ། ཁམས་གསུམ་གྱི་སྐྱེ་དགུ་དབང་དུ་འདུ་བ། །ཁྱད་པར་གནོད་བྱེད་དགྲ་བགེགས་གང་ན་གནས་ཀྱང་དྲག་པོའི་ཆད་པས་ཚར་ཆོད་ལ་སྙིང་ཁྲག་དྲོན་མོ་ཞལ་དུ་གསོལ་ཞིག་ས་མ་ཡ་རཀྵ་ན་ཏུ། ༈ སྟོང་འཁུན་ སྒེག་མོའི་སོར་རྩེའི་འདུ་བྱེད་ཀྱིས། །འཇའ་ཚོན་ཐགས་སུ་བསྐྲུན་འདྲའི་བཟང་གོས་ལས། །གྲུབ་པའི་བླ་མ་ཡི་དམ་བསྲུང་མའི་ཚོགས། །མངོན་སུམ་བྱོན་མཚུངས་མཆོད་རྫས་དྲ་ཕྱེད་འདི། །ཕུལ་དགེས་རྒྱལ་བསྟན་དར་ ཤིང་དེ་འཛིན་འཕེལ། །ཁྱད་པར་བླ་མ་གྲགས་པ་བསྟན་འཛིན་གྱི། །ས་ལམ་བར་ཆད་ཀུན་ཞི་བསྟན་འགྲོའི་དོན། །སྒྲུབ་ནུས་སྤྲུལ་སྐུའི་ཉི་མ་མྱུར་གསལ་ཞིང། །ལྟོས་བཅས་འགྲོ་ཀུན་གནས་སྐབས་བསམ་དོན་འགྲུབ། །མཐར་ ཐུག་ཀུན་མཁྱེན་གོ་འཕང་ཐོབ་པ་དང། སྡེ་འདིར་བཤད་སྒྲུབ་བྱ་བ་དབྱར་མཚོ་ལྟར། །འཕེལ་རྒྱས་མི་མཐུན་ནག་པོའི་ཕྱོགས་རྣམས་ཀུན། །མྱུར་ཞི་མཐུན་རྐྱེན་འདོད་རྒུའི་སྒྲང་ཆར་གྱིས། །དོན་གཉིས་འབྲས་བཟང་མྱུར་དུ་སྨིན་ [414B]ཅེས་སྐུ་གཤེགས་ཏཱ་བླ་མ་གྲགས་པ་བསྟན་འཛིན་གྱི་དགོངས་རྫོགས་སུ་སེར་བྱེས་ཧར་གདོང་ཁམས་མཚན་དུ་དྲ་ཕྱེད་འབུལ་སྐབས་ཁ་བྱང་སྨོན་ཚིག་ཏུ་རྭ་སྒྲེང་ཨ་ཆི་ཐུ་ནོ་མོན་ཧན་གྱིས་སྦྱར་བའོ།། ༈ །ཕྱག་དྲུག་དཀར་ནག་རྡོ་ རྗེ་གུར། །སྟོབས་འཕྲོག་ལས་གཤིན་རེ་མ་ཏི། །རྒྱལ་ཆེན་ངལ་བསོས་བེག་ཅི་རྣམས། །དམ་ཚིག་པ་དང་དབྱེར་མེད་བཞུགས། །རྣལ་འབྱོར་སྒྲུབ་པོའི་རེ་བ་སྐོངས། །དགའ་ལྡན་ངེས་གསང་ཐར་པའི་གླིང། །དགེ་འདུན་དབྱར་མཚོ་ལྟར་ འཕེལ་ཞིང། །མཐུན་རྐྱེན་ལེགས་ཚོགས་རྒྱས་པ་དང། །མི་མཐུན་ནག་པོའི་ཕྱོགས་རྣམས་ཀུན། །ཞི་ཞིང་བཀྲ་ཤིས་དགེ་ལེགས་སྩོལ། །ཞེས་དགའ་ཤར་ཞབས་གྲས་ཐར་གླིང་ཨེམ་ཆི་ནས་ཆུ་ཤུར་ཐར་པ་གླིང་དུ། བླ་མ་ཡི་དམ་བསྲུང་མའི་བྲིས་ཐང་ བཞེངས་ཏེ་ཕུལ་བའི་རྒྱབ་ཡིག་སྨོན་ཚིག་འདི་ལྟ་བུ་ཞིག་དང་ཞེས་བ་སྐུལ་ངོར་རྭ་སྒྲེང་ཨ་ཆི་ཐུ་ནོ་མོན་ཧན་དུ་འབོད་པས་སྦྱར།། ༈ །རྒྱལ་ཆེན་བསེ་ཡི་ཁྲབ་ཅན་ལ། །རྒྱུ་སྦྱོར་ཚེ་དབང་བསམ་གྲུབ་ཀྱིས། །དགྱེས་བསྐྱེད་ ལྷ་རྫས་འདི་ཕུལ་བས། །གནས་སྐབས་ནང་གདོན་བར་ཆད་སོགས། །མི་མཐུན་རྒུད་པ་མཐའ་དག་ཞི། །མཐུན་རྐྱེན་ཚེ་བསོད་སྟོབས་འབྱོར་སོགས། །ཡར་ངོའི་ཟླ་ལྟར་རྒྱས་པར་མཛོད།། ༈ སྤྱན་སླ་རུ། །བཟང་གོས་ལས་གྲུབ་མཆོད་རྫས་འདི་ཕུལ་བས། །རྨེ་རུ་བླ་ཟུར་དགེ་ལེགས་དཔལ་བཟང་དང། །མཛོད་པ་དགེ་སློང་ཤེས་རབ་ཕུན་ཚོགས་སོགས། །མཁའ་ཁྱབ་འགྲོ་ཀུན་སྒྲིབ་གཉིས་འཆིང་བ་ལས། །ཡོངས་གྲོལ་རྣམ་པ་ཐམས་ [415A]༄༅། །ཅད་མཁྱེན་པ་ཡི། །གོ་འཕང་ཐོབ་ནས་འགྲོ་ཀུན་སྒྲོལ་བ་ལ། །སྤྱན་རས་གཟིགས་དབང་ཉིད་དང་མཚུངས་པར་ཤོག་ཅེས་པའང་རྨེ་རུ་བླ་ཟུར་དགེ་ལེགས་དཔལ་བཟང་ནས་རྭ་སྒྲེང་དགོན་དུ་མཆོད་རྫས་ཕུལ་བའི་སྨོན་ཚིག་ཏུ་རྭ་སྒྲེང་ ཨ་ཆི་ཐུ་ནོ་མོན་ཧན་དུ་འབོད་པས་སྦྱར།། ༈ །རྣམ་རོལ་ཕ་མཐའ་ཡོངས་བྲལ་ཚོགས་ཀྱི་ཞིང། །བྲིས་ཐང་བཞེངས་མཐུས་རྒྱུ་སྦྱོར་ལ་སོགས་འགྲོ་གནས་སྐབས་ནད་གདོན་ཀུན་ཞི་ཚེ་ དཔལ་རྒྱས། །རིང་མིན་བླ་མ་ཡི་དམ་ཀུན་འདུས་པའི། །རང་རིག་གདོད་མའི་རྒྱལ་ཐབས་ཆེན་པོ་ལ། །དབང་བསྒྱུར་འགྲོ་ཀུན་འདྲེན་པའི་དཔལ་ཐོབ་ཤོག་ཅེས་པའང་རྭ་སྒྲེང་ཨ་ཆི་ཐུ་ནོ་མོན་ཧན་ཀྱིས་སྦྱར་བའོ།། ༈ གཙོ་བོ་བའི་ཧར། །རུ་མཚོན་འབར་བའི་ཁྲོད་དུ་བརྟན་བཞུགས་ལ། །དམ་ལྡན་རྣལ་འབྱོར་སྒྲུབ་པོའི་རེ་བ་ཀུན། །མྱུར་དུ་སྒྲུབས་ཤིག་མཐུ་ལྡན་དགྲ་ལྷའི་རྒྱལ། །ཞེས་པའང་འབྲས་སྒོ་མངས་ཟུང་ཅུ་དགེ་ལེགས་ནས་གནས་ཆུང་གི་རུ་མཚོན་ལ་འདགས་རྒྱུའི་ སྙན་ཤལ་སྨོན་ཚིག་ཏུ་སྦྱར། ༈ །བྲིས་ཐང་བཞེངས་མཐུས་རྒྱུ་སྦྱོར་འགྲོ་གནས་སྐབས་འདོད་དོན་ཀུན་འགྲུབ་ཅིང། །རིང་མིན་བྱང་ཆེན་ཐོབ་གྱུར་ཅིག་ ༈ ལྷའི་གཙོ། །ནེ་སེར་ཇོ་བོ་འཁོར་བཅས་རྣམས། །རྟེན་འདིར་དབྱེར་མེད་རྟག་བཞུགས་ལ། །རྒྱུ་སྦྱོར་མི་ནོར་འཁོར་བཅས་ཀྱི། །ཚེ་དཔལ་འབྱོར་པ་རབ་རྒྱས་ཤིང། །རྒོལ་ངན་བསམ་སྦྱོར་གདུག་རྩུབ་ཞི། །ཆོས་ལྡན་འདོད་པའི་དོན་ཀུན་སྒྲུབས། ། [416B] །ཞེས་པའང་རྭ་སྒྲེང་ནོ་མོན་ཧན་གྱིས་སྦྱར།། ༈ སྲིད་གསུམ་ཟིལ་གནོན་པདྨ་ཀ་ར་དང། །མ་རུངས་འབྱུང་པོའི་སྙིང་གར་རྟ་ཡི་བྲོ། །བརྡུངས་མཛད་ཁྲོ་བོའི་རྒྱལ་པོ་རྟ་མཆོག་དཔལ། །དབང་ཆེན་ཡང་ གསང་ལྷ་ཡི་བྱིན་ཆེན་ཕོབ། །ཡེ་ཤེས་ལྔ་ལྡན་བདེ་བར་གཤེགས་པ་ཡི། །རང་མདངས་འགག་མེད་རྒྱལ་ཆེན་སྐུ་ལྔ་པོ། །རྟེན་འདིར་དབྱེར་མེད་དགྱེས་བཞིན་ལེགས་བཞུགས་ཏེ། །དམ་ལྡན་སྒྲུབ་པ་པོ་ཡི་འགལ་རྐྱེན་ཞི། །མཐུན་རྐྱེན་ཆོས་ སྲིད་ལེགས་ཚོགས་མ་ལུས་པ། །རྒྱས་པར་མཛོད་ཅིག་རྩ་རྒྱུད་བླ་མ་དང། །དབང་ཆེན་ཁྲོ་བོའི་རྒྱལ་པོའི་བཀའ་བཞིན་དུ། །མ་གཡེལ་མ་གཡེལ་མཐུ་ལྡན་དགྲ་ལྷའི་རྒྱལ། །ཞེས་པའང་ལྕང་སྐྱ་མཆོག་སྤྲུལ་རིན་པོ་ཆེའི་རྒྱལ་པོ་སྐུ་ལྔའི་སྐུ་ཐང་གི་རྒྱབ་ཡིག་ཏུ་ ཨ་ཆི་ཐུ་ནོ་མོན་ཧན་གྱིས་སྦྱར།། ༈ །རྟེན་འདིར་དབྱེར་མེད་རྟག་བཞུགས་ལ། །གུས་ལྡན་སློབ་བུ་རྗེས་བཟུང་སྟེ། །རིང་མིན་བྱང་ཆེན་དངོས་གྲུབ་སྩོལ། །ཅེས་པའང་རྩེ་གསོལ་དཔོན་དཔལ་འབྱོར་རྒྱལ་མཚན་ནས་ངོས་ཀྱི་འདྲ་སྐུ་ བཞེངས་པའི་སྨོན་ཚིག་ཏུ་སྦྱར། ། ༈ །དབེ་བ་མཆོག་གི་རྣམ་རོལ་དུ། །སྡོམ་མཛད་བླ་མ་ཧེ་རུ་ཀ། རྟེན་འདིར་བཞུགས་ལ་རྒྱུ་སྦྱོར་བ། །ཆོས་དབང་རབ་རྒྱས་ལ་སོགས་འགྲོ་མི་མཐུན་བདུད་ཀྱི་གཡུལ་ངོ་ལས། ། རྒྱལ་ཏེ་མྱང་འདས་ཐར་པའི་གྲོང། །གཏན་གྱི་བཙན་ས་ཟིན་གྱུར་ཅིག་ཅེས་པའང་རྣམ་རྒྱལ་གྲྭ་ཚང་གྲྭ་རིགས་ཆོས་དབང་རབ་རྒྱས་ནས་བདེ་མཆོག་གི་བྲིས་ཐང་གསར་བཞེངས་ཀྱི་རྒྱབ་ཡིག་ཏུ་ཨ་ཆི་ཐུ་ནོ་མོན་ཧན་གྱིས་སྦྱར།། ༈ མཆོག་གསུམ་བྱིན་རླབས་ [417A]༄༅། །དབྱར་སྐྱེས་རྔ་གསང་གིས། །མོས་ལྡན་འགྲོ་བློའི་རྨ་བྱ་སྤྲུ་པ་ལས། །དབར་སྔོན་མདངས་འཕྲོག་གླེགས་བུའི་སྐྲོ་གཤོག་ངོས། །རིན་ཆེན་ཡི་གེའི་རི་མོ་རྣམ་བཀྲ་བའི། །སྟོང་ཕྲག་བརྒྱད་པ་བསྐལ་བཟང་གསེར་འོད་བཅས། ། བཞེངས་མཐུས་མཛོད་པ་མངྒཱཨ་མིང་ཅན་དང། །རྒྱུ་སྦྱོར་བཟོ་པོ་ལས་བྱེད་འབྲེལ་ཐོགས་སོགས། །མཁའ་ཁྱབ་འགྲོ་ཀུན་དེང་ནས་བྱང་ཆུབ་བར། །རྣམ་དག་ཡོན་ཏན་ཀུན་གྱི་རྩ་བ་མཆོག་བཤེས་གཉེན་དམ་པ་བསམ་དང་སྦྱོར་པ་ ཡི། །ཚུལ་བཞིན་བསྟེན་ལ་གཞོན་ནུ་ནོར་བཟང་ལྟར། །རྩེ་གཅིག་འབད་པ་ལྷུར་ལེན་བྱེད་པར་ཤོག་ཕུན་ཚོགས་དགེ་བས་བསྒྲུན་པའི་དལ་འབྱོར་ལུས། །ཐོབ་ཀྱང་མྱུར་དུ་འཇིག་པའི་ཚུལ་ཤེས་ནས། །སྡིག་སྤོང་དགེ་བ་བསྒྲུབ་ལ་ བརྩོན་པ་དང། །རྣམ་དག་དགེ་སྦྱོང་ཆོས་བཞིར་སློབ་པར་ཤོག་རང་དོན་ཞི་བདེ་གྱི་ནའི་སེམས་སྤངས་ནས། །གྲངས་རིང་བསྐལ་པར་དྲིན་གྱིས་བསྐྱངས་པའི་འགྲོ་བདེ་ལ་སྦྱོར་ཞིང་སྡུག་བསྔལ་སེལ་འདོད་ཀྱི། །བྱམས་དང་སྙིང་རྗེ་ ཤུགས་དྲག་སྐྱེ་བར་ཤོག་འགྲོ་རྣམས་སྲིད་ལས་སྒྲོལ་ཕྱིར་ཐམས་ཅད་མཁྱེན། །སྨོན་དང་འཇུག་པའི་སེམས་བསྐྱེད་གྲུར་ཞུགས་ནས། །ལྟ་སྦོམ་སྤྱོད་པའི་ཆུ་གཏེར་ཕ་མཐར་སོན། །རྒྱལ་བའི་གདུང་འཚོ་བ་ཉིད་དུ་འགྱུར་བར་ཤོག་ ཆོས་ཀུན་རྨི་ལམ་ཇི་བཞིན་སེམས་ཉིད་སྣང། །སེམས་སྣང་སྒྱུ་མའི་སྔགས་བཏབ་ཅིང་ཡང་འཆར། །ཤར་ཚུལ་དཔྱད་ན་སྐྱེ་འགག་གནས་པ་ཕྲལ། །བརྗོད་བྲལ་དོན་གྱི་ལྟ་བ་རྟོགས་པར་ཤོག་སྔགས་སྤྱོད་དམ་ཚིག་གཉན་པོའི་རྩ་བ་ [418B] །རིམ་གཉིས་ལྟ་བའི་སྙེ་མ་ཅི་ཡང་སྨིན། །འཕྲིན་ལས་འདོད་ཆུའི་དགའ་སྟོན་རབ་འགྱེད་པས། །སྐུ་བཞིའི་དཔག་བསམ་སྙེ་མ་གཡུར་ཟ་ཤོག་ཅེས་རྒྱལ་བའི་གསུང་རབ་ཀུན་གྱི་ཡང་རྩེ་བརྒྱད་སྟོང་བསྐལ་བཟང་གསེར་འོད་བཅས་མཐིང་ཤོག་ལ་རིན་ཆེན་དང་པོའི་ ཁུ་བས་བྲིས་པ་ཆུ་བྱི་ལོ་མཛོད་པ་བཀྲ་ཤིས་འབྱུང་གནས་ནས་བུར་བླངས་ཀྱིས་བཞེབས་སྐབས་སྨོན་ཚིག་ཏུ་སྦྱར།། ༈ སྟོབས་བཅུ་མངའ་བའི་ཚེམས་དཀར་སྤྲིན་རུམ་ནས། །སྐལ་ལྡན་པད་ཚལ་རྒྱས་བྱེད་ཆོས་ཀྱི་ཆར། །ཇི་སྙེད་གསུངས་པའི་དབུས་ན་ ལྷུན་པོ་ལྟར། །མངོན་པར་མཐོ་བ་མདོ་སྡེ་པདྨ་དཀར། །རིན་ཆེན་དང་པོ་ལས་གྲུབ་གླེགས་བམ་འདི། །རྒྱུ་སྦྱོར་ཚེ་དབང་བསམ་གྲུབ་དད་པས་བསྒྲུབས། །ལེགས་བྱས་རྣམ་པར་དཀར་བའི་དགེ་ཚོགས་རྣམས། །འགྲོ་ཀུན་སྤྱི་དང་ཁྱད་པར་བུ་ཆུང་ མའི། །རྗེས་ཞུགས་སྐྱེ་བ་ཀུན་ཏུ་དལ་འབྱོར་རྟེན། །རྣམ་དག་ལམ་བཟང་སྒྲུབ་པའི་རྟེན་ཚང་ཞིང། །རིང་མིན་བསད་ནམས་ཡེ་ཤེས་འཁོར་ལོ་ཡིས། །སྒྲིབ་གཉིས་དགྲ་ལས་རྣམ་པར་རྒྱལ་གྱུར་ཅིག་ཅེས་དད་ལྡན་དགའ་ཤར་ཞབས་གྲས་ཚེ་དབང་བསམ་ གྲུབ་ནས་གསེར་སྦྱང་ཞུན་མ་ལས་གྲུབ་པའི་མདོ་སྡེ་པྡམ་དཀར་པོ་གསར་དུ་བཞེངས་པའི་སྨོན་ཚིག་ཏུ་སྦྱར། ། ༈ །གླེགས་བུའི་གཟུགས་སུ་ལེགས་ཤར་བ། །བཞེངས་མཐུས་འགྲོ་ཀུན་བདེ་བ་དང། །ཧྱུ་སྦྱོར་རིགས་ལྡན་ཚེ་དབང་ གིས། །ཡུམ་དོན་རྒྱུད་ལ་སྐྱེ་བ་ལ། །མཐུན་ཚེ་བསོད་འབྱོར་བ་རྒྱས། །སྐྱེ་ཀུན་རྣམ་དག་ཁྲིམས་ཀྱིས་བསྡམས། །རིང་མིན་བྱང་ཆེན་མྱུར་ཐོབ་ཤོག་ཅེས་བསྟན་གླིང་གྲྭ་གྲས་དགེ་བློང་རིགས་ལྡན་ཚེ་དབང་ནས་བརྒྱད་སྟོང་པའི་གླེགས་བམ་གསར་བཞེངས་སྐབས་སྨོན་ཚིག་བོ་ [419A]༄༅། །ཧཱུཾ། དུས་གསུམ་རྒྱལ་དབང་པདྨ་ཐོད་འཕྲེང་གི་བཀའ་དང་དམ་ལ་གནས་པའི་ཕོ་ཉ་བ། །རིག་འཛིན་དགྲ་ལྷའི་གཙོ་བོ་བའི་ཧ་རས། །སྔོན་གྱི་དམ་ཚིག་གཉན་པོ་ཉེར་དགོངས་ལ། །དམ་ལྡན་སྦྱིན་བདག་མི་འགྱུར་བསོད་ནམས་ དང། །དོན་གྲུབ་ཚེ་དབང་ལྟོས་པར་བཅས་པ་རྣམས། །གཉེར་དུ་གཏད་ན་མི་འདོད་ཉེར་འཚེ་ལས། །བསྲུང་སྐྱོབ་སྦ་བའི་སྟོང་གྲོགས་གཉན་པོ་དང། །བཅེལ་བའི་འཕྲིན་ལས་མཐའ་དག་སྒྲུབ་པར་མཛོད། །སྔོན་བྱོན་རིག་འཛིན་བརྒྱུད་པའི་ དམ་མ་དྲལ། །རྣལ་འབྱོར་ཡིད་ཀྱི་རེ་འབྲས་མ་བཅད་པར། །ཇི་ལྟར་སྨོན་པའི་འདོད་པའི་དོན་མཐའ་དག་ལྷུན་ཀྱིས་གྲུབ་པར་མཛོད་ཅིག་ས་མ་ཡ། །ཞེས་པའང་དགའ་བཞི་བས་བདེ་ཡངས་ལྕོག་ཏུ་སྙན་ཤལ་འབུལ་རྒྱུའི་སྨོན་ཚིག་ཏུ་སྦྱར།། །། ༈ །བྲིས་ཐང་བཞེངས་མཐུས་རྒྱུ་སྦྱོར་མངྒཱའི་མིང། །གནས་སྐབས་ཚེ་དཔལ་སྟོབས་རྒྱས་བསམ་དོན་འགྲུབ། །མཐར་ཐུག་བདུད་བཞིའི་གཡུལ་ལས་རྒྱལ་གྱུར་ཅིག་ཚེ་སྦྱིན་ ཡིད་བཞིན་འཁོར་ལོ་ལྷག་པའི་ལྷའི། །བྲིས་ཐང་ ྾ ྾ ྾ ཞེས་པའང་བདེ་གཤེགས་བརྒྱད་དང་སྒྲོལ་དཀར་ཀྱི་བྲིས་ཐང་རྒྱབ་ཡིག་ཏུ་སྦྱར། ། ༈ །རྟེན་འདིར་བཞུགས་ལ་རྒྱུ་སྦྱོར་སོགས། །འགྲོ་ཀུན་སྒྲིབ་གཉིས་འཆིང་ བ་ལས། །སྒྲོལ་བའི་མཐུ་དང་དཔུང་སྐྱེད་ཅིག་ཅེས་པ་འདི་ཡང་རྭ་སྒྲེང་ནོ་མོན་ཧན་གྱི་སྦྱར་བའོ། ། ༈ །ཡོངས་བཞེངས་གཏུམ་དྲག་དཔལ་ལྡན་གཤིན་རྗེའི་གཤེད། །དབྱེར་མེད་ [420B] །བཞེངས་མཐུས་འགྲོ་ཀུན་བྱང་ཆེན་རེག་པ་དང། །ཁྱད་པར་བླ་མ་བསྐལ་བཟང་ཆོས་གྲགས་ཀྱི། །རྣམ་སྨིན་སྡིག་འབྲས་མ་ལུས་མྱུར་བྱང་ཞིང། །སྐྱེ་བ་ཀུན་ཏུ་གཤིན་རྗེ་གཤེད་པོ་དང། །འཇམ་མགོན་ རྒྱལ་བ་གཉིས་པས་རྗེས་བཟུང་སྟེ། །སྒྲིབ་བ་ཀུན་བྱང་ས་ལམ་མཐར་ཕྱིན་ཏེ། །ཟུང་འཇུག་རྡོ་རྗེ་འཆང་དབང་མྱུར་འགྲུབ་ཤོག་ཅེས་པ་འདི་ཡང་དད་ལྡན་རྨེ་རུ་བླ་ཟུར་བསྐལ་བཟང་ཆོས་གྲགས་ཀྱིས་བསྐུལ་ངོར་སྦྱར་བའོ།། ༈ ཡོངས་ཀྱི་སྤྱི་བོ་རུ། །ཞབས་སེན་དལ་གསོལ་རྒྱལ་ཆེན་བའི་ཧ་རས། །བླ་མ་ལྷ་ཡི་དམ་ཚིག་ཉེར་དགངས་ལ། །རྒྱུ་སྦྱོར་དགའ་བ་བཞི་ལྡན་འདོད་པའི་དོན། །འབད་མེད་མྱུར་དུ་འགྲུབ་པའི་སྟོང་གྲོགས་མཛོད། །ཅེས་པའང་སྙན་དར་ཁ་བྱང་ དུ་སྦྱར། ༈ རྒྱལ་ཀུན་ཡེ་ཤེས་ལྔ་ཡི་མདངས། །དཔེ་ཧར་སྐུ་ལྔ་སྲོག་གི་བདག་རྟེན་འདིར་བཞུགས་ལ་སྒྲུབ་པ་པོའི། །གནས་སྐབས་མཐར་ཐུག་འདོད་དོན་སྒྲུབས། །རྒྱལ་ངན་དམ་སྲིའི་གནོད་པ་ཞི། །མཐར་ ཐུག་གདོད་མའི་རྒྱལ་ས་ཆེ། །མངོན་དུ་འགྱུར་བའི་འཕྲིན་ལས་མཛོད། །ཅེས་པའང་རྭ་སྒྲེང་ཨ་ཆི་ཐུས་སྦྱར། ༈ ཆོས་དབྱིངས་ངང་ལས་མ་རུངས་སྐྱེ་འགྲོ་ཡི། །སྲོག་གི་གཤེད་མར་ཡོངས་བཞེངས་བསྟན་བསྲུང་ཆེར། །རྒྱུ་སྐར་ མདངས་ལ་འཁུ་བའི་ལྷ་རྫས་འདི། །ཕུལ་བས་འགྲོ་བ་སྤྱི་དང་ཁྱད་པར་དུ། །དམ་ལྡན་བླ་མ་བསྐལ་བཟང་བློ་གྲོས་ཀྱི། །ཕྱི་ནང་ཉེར་འཚེ་ཀུན་ཞི་མཐུན་པའི་རྐྱེན། །ལེགས་ཚོགས་ཡར་ཟླ་ལྟར་འཕེལ་གཞིས་བྱེས་སུ། །བསྲུང་སྐྱོབ་འཕྲིན་ [421A]༄༅། །ལས་གཉན་པོ་མ་གཡེལ་ཞིག་ ༈ །ལྔ་བདོའི་འགྲོ་འདྲེན་སྐྱབས་གཅིག་ཟས་ གཙང་སྲས། །གང་སྐུ་གསེར་རིར་ཉི་གཞོན་འབུམ་འཁྱུད་ལྟར། །ལེགས་བཞེངས་ཀུནྡ་ལྟར་དཀར་བསོད་ནམས་མཐུས། །མར་གྱུར་འགྲོ་ཀུན་སྤྱི་དང་ཁྱད་པར་དུ། །རྒྱུ་སྦྱོར་བླ་མ་བྱམས་པ་ཆོས་འབྱོར་ཀྱི། །བརྣག་དཀའ་ངན་སོང་གནས་སུ་སྐྱེ་བའི་ རྒྱུ། །མི་དགེའི་ལས་རྣམས་མྱུར་བྱང་སྐྱེ་བ་ཀུན། །ཚངས་སྤྱོད་རྟེན་ཐོབ་ཐེག་མཆོག་བཤེས་གཉེན་དང། །མི་འབྲལ་ཐུན་མོང་ལམ་གྱིས་རྒྱུད་སྦྱངས་ཏེ། །རྡོ་རྗེའི་ཐེག་མཆོག་གསང་ཆེན་རིམ་གཉིས་དོན། །ཚུལ་བཞིན་བསྒྲུབས་ལས་ཁ་སྦྱར་ བདུན་ལྡན་གྱི། །གོ་འཕང་མྱུར་ཐོབ་འགྲོ་ཀུན་རང་ཉིད་ཀྱིས། །བརྙེས་པའི་ལམ་བཟང་མཆོག་ལ་ལེགས་འཁྲིད་དེ། །རིང་མིན་བདུད་བཞིའི་གཡུལ་ལས་ཡོངས་རྒྱལ་བའི། །སྟོབས་བཅུ་མངའ་བའི་གོ་འཕང་མྱུར་ཐོབ་ཤོག་ཅེས་པ་འདི་ནི་ཧ་གདོང་ ཏཱ་བླ་མ་ཨེར་ཏེ་ནེ་མི་རྒན་ཆོས་རྗེ་རབ་འབྱམས་པ་བྱམས་པ་ཆོས་འབྱོར་གྱིས་ཐུབ་པའི་དབང་པོའི་སྐུ་བརྙན་བཞེངས་སྐབས་སྨོན་ཚིག་ཏུ་སྦྱར།། ༈ །བཀའ་བཏགས་སྤྱི་བོར་ཉེར་བཅིངས་དགྲ་ལྷའི་རྒྱལ། །རྡོ་རྗེ་དྲག་ལྡན་འཁོར་ བཅས་སྒྱུ་མའི་གར། །མངོན་སུམ་ཇི་བཞིན་བགོད་ལེགས་བྲིས་ཐང་འདི། །སྔར་བཅོལ་འཕྲིན་ལས་མཛད་བའི་གཏང་རག་དང། །ད་བཅོལ་གསོལ་བ་འདེབས་བའི་རྟེན་ཉིད་དུ། །བཞེངས་མཐུས་རྒྱུ་སྦྱོར་སངས་རྒྱས་བསྟན་འཛིན་གྱི། །གནས་ [422B] །མི་མཐུན་དགྲ་དང་བགེགས་ལས་རྒྱལ་པ་དང། །ཚེ་བསོད་འབྱོར་པ་དབྱར་གྱི་མཚོ་ལྟར་འཕེལ། །མཐར་ཐུག་ཟུང་འཇུག་ཡིད་བཞིན་དབང་གི་རྒྱལ། །མྱུར་དུ་འགྲུབ་པའི་འཕྲིན་ལས་མ་གཡེལ་ཞིག་ ཅེས་པ་འདི་ཡང་དད་སྟོབས་རྣམ་དཔྱོད་ཡངས་བ་ཕྱག་མཛོད་སྡེ་བ་སངས་རྒྱས་བསྟན་འཛིན་གྱིས་བསྐུལ་ངོར་སྦྱར། ༈ །།ཨོཾ་ས་སྟི། རྒྱལ་ཀུན་སྙིང་རྗེའི་རང་གཟུགས་བད་དཀར་འཆང། །སྙིང་དུས་འགྲོ་འདུལ་བགྲང་ཡས་སྦྲུལ་པའི་སྐུར། །མངོན་བཞེངས་ཚད་མེད་བྲིས་ཐང་འདི་བཞེངས་མཐུས། མ་ གྱུར་སྤྱི་དང་བློ་བཟང་ཆོས་ཀྱི་དབང། །བློ་གྲོས་བཟང་པོའི་འབྱོར་བས་རབ་རྒྱས་པའི། །ལྟོས་བཅས་དེང་ནས་བྱང་ཆུབ་མ་ཐོབ་བར། །སྐྱེ་སྲིད་འཕྲེང་བར་ཚངས་སྤྱོད་རྟེན་ཐོབ་ཅིང། །ཐུབ་གཞུང་སྤྱི་དང་རྡོ་རྗེ་ཐེག་པ་ལ། །ལེགས་སྦྱངས་རིམ་གཉིས་རྣལ་འབྱོར་མཐར་ཕྱིན་ཏེ། ཟུང་འཇུག་རྡོ་རྗེ་འཆང་དབང་མྱུར་ཐོབ་ ཤོག་ཅེས་པ་འདི་ནི་དང་པའི་རོལ་མཚོ་མངོན་པར་རྒྱས་པ་གཟིམ་འགག་བཟང་འབྱོར་རྒྱས་ཀྱིས་གསང་བའི་རྣམ་ཐར་ཀྱི་བྲིས་ཐང་གསར་བཞེངས་སྐབས་སྨོན་ཚིག་ཏུ་སྦྱར།། ༈ །སྐྱེ་རབས་དཔག་བསམ་ལྗོན་པའི་ཡལ་འདབ་འཕྲེང་ སྣང་བརྙན་རི་མོར་བགྱིས་པའི་ལེགས་ཚོགས་ཀྱི། །ཕུང་པོ་གཅིག་ཏུ་བསྡུས་པའི་རྣམ་དཀར་མཐུས། །རྒྱུ་སྦྱོར་ལ་སོགས་མར་གྱུར་འགྲོ་བ་ཀུན། །མཚན་ལྡན་དམ་པའི་མགོན་དང་མི་འབྲལ་ཞིང། །སྐུ་གསུམ་འབྲས་བུའི་སྙེ་མ་གཡུར་ཟ་བའི་ དོན་གཉིས་འདོད་དགུའི་དཔལ་ལ་སྤྱོད་པར་ཤོག་ཅེས་པ་འདི་ནི་དད་སྟོབས་ལྡན་པ་བདེ་ཡངས་དཔོན་སློབ་ཟུར་པ་དོན་གྲུབ་ཆོས་འཕེལ་ནས་བསྐུལ་ངོར་སྦྱར་བའོ།། ༈ །དྲུངས་ནས་འབྱིན་བྱེད་སྙིགས་ [423A]༄༅། །དུས་འགྲོ་བའི་མགོན། །བདེ་བར་གཤེགས་པ་བརྒྱད་ཀྱི་བྲིས་ཐང་འདི། །བཞེངས་མཐུས་ཐོག་མེད་ནས་བསགས་སྡིག་ལྟུང་ཀུན། །ཉེར་སངས་བཻཌཱུརྱ་སྣང་ཞིང་མཆོག་ཏུ། །སྐྱེས་ནས་རྒྱལ་སྲས་སྤྱོད་པའི་ཕ་ མཐར་བགྲོད། །མ་རྣམས་དོན་དུ་དཔལ་ལྡན་སྟོབས་བཅུའི་བདག་རིང་མིན་མངོན་དུ་གྱུར་པའི་དཔལ་ཐོབ་ཤོག་ཅེས་པ་འདི་ནི་དད་སྟོབས་འབྱོར་བའི་དཔལ་གྱིས་མངོན་པར་མཐོ་བའི་སྡེ་པ་ཕྱག་མཛོད་ཤག་བྱང་ཐའི་ཇི་ནས་བསྐུལ་ངོར་སྦྱར།། ༈ དབང་ སྔོན་མདག་འཆང་ཁམས་གསུམ་ཟ་བྱེད་པའི། །ཁྲོ་རྒྱལ་འཇིགས་མཛད་རྡོ་རྗེའི་བྲིས་ཐང་འདི། །བཞེངས་མཐུས་མར་གྱུར་སྤྱི་དང་ཁྱད་པར་དུ། །ངག་དབང་ཆོས་གྲགས་ལྟོས་བཅས་བྱང་ཆུབ་བར། །མི་མཐུན་གཡུལ་ལས་རྒྱལ་ཞིང་སྐྱེ་ ཀུན་ཏུ། །ཚངས་སྤྱོད་རྟན་ཐོབ་རིམ་གཉིས་མཐར་སོན་ཏེ། །འགྲོ་ཀུན་རྡོ་རྗེ་འཆང་གི་གོ་འཕང་ལ། །འགོད་བའི་བདེན་ཚིག་སྨོན་པ་འགྲུབ་གྱུར་ཅིག་ཅེས་པ་འདི་ནི་ངག་དབང་ཆོས་གྲགས་བྱིས་བསྐུལ་ངོར་སྦྱར།། ༈ བློ་གྲོས་བཟང་པོའི་ ཡེ་ཤེས་ཆུ་གཏེར་ཆེ། །རབ་རྒྱས་བསྟན་པའི་དཔལ་གྱུར་འགྲོ་འདྲེན་མཆོག་གང་གི་སྐྱེ་རབས་ནོར་བུའི་འཕྲེང་མཛེས་འདི། །པར་དུ་ལེགས་བསྐྲུན་ལེགས་བྱས་མཐུ་དཔལ་ལས། །བསྟན་དར་འགྲོ་ཀུན་བདེ་ཞིང་ཁྱད་པར་དུ། །རྒྱུ་ སྦྱོར་སངས་རྒྱས་བསྟན་འཛིན་ལྟས་བཅས་རྣམས། །གནས་སྐབས་ཉར་འཚེ་ཞི་ཞིང་སྐྱེ་ཀུན་ཏུ། །དལ་རྟེན་རིམ་བརྒྱུད་སྐུ་གསུམ་མྱུར་ཐོབ་ཤོག་ཅེས་པ་འདི་ཡང་སྡེ་བ་སངས་རྒྱས་བསྟན་འཛིན་ནས་བཅུ་ལ་ངོར་སྦྱར།། ༈ [424B] །སྤྱན་སྔར་དངོས་བཤམས་ཡིད་སྤྲུལ་མཆོད་པའི་སྤྲིན། །ཁྱད་པར་ཟ་བོག་ལས་གྲུབ་སྟོད་རྒྱན་འདི། །བློ་བཟང་མེད་ཅན་བདག་གིས་ཕུལ་བའི་དགེས། །རྒྱལ་བསྟན་སྙིང་པོ་གསེར་མདོག་ཅོད་ པན་བསྟན། །འཕེལ་རྒྱས་རྣམ་འདྲེན་་རྒྱལ་དབང་ཡབ་སྲས་ཀྱི། །ཞབས་བརྟན་མཛད་འཕྲིན་རབ་རྒྱས་མར་གྱུར་འགྲོ། །བདེ་སྐྱིད་རྫོགས་ལྡན་དཔལ་ལ་སྤྱོད་པར་ཤོག་བདག་དང་མཛོད་མིང་ལྟོས་བཅས་བྱང་ཆུབ་བར། །དལ་རྟེན་རིམ་བརྒྱུད་ སྐྱེ་བ་ཐམས་ཅད་དུ། །ཐུབ་པའི་བཅས་པའི་མཚམས་ལས་མི་འདའ་བའི། །རྣམ་དག་སྡོམ་པ་གསུམ་གྱིས་རྒྱུད་ཕྱུག་ཤོག་རྒྱལ་བསྟན་སྙིང་པོ་མི་ནུབ་འཛིན་བྱེད་ཅིང། །འགྲོ་ཀུན་འཁོར་བའི་མཚོ་ལས་བསྒྲལ་བའི་ཕྱིར། །རིམ་གཉིས་ མཐར་ཕྱིན་སྐུ་བཞིའི་གོ་འཕང་མཆོག་ཚེ་གཅིག་ཉིད་ལ་འབད་མེད་མངོན་འགྱུར་ཤོག་ཅེས་མེ་རྒྱས་ཟླའི་ཡར་ཆོས་བརྒྱད་ཀྱི་ཉིན། རང་བྱུང་འཕགས་པ་དང་གསེར་གདུང་བཀྲ་ཤིས་འོད་འབར་གྱི་དྲུང་དུ་ངེས་པ་དོན་གྱི་ཐམས་ཅད་མཁྱེན་པ་དཀྱིལ་འཁོར་རྒྱ་མཚོའི་བྱེད་པོ་པཎ་ཆེན་ ཐམས་ཅད་མཁྱེན་གཟིགས་ཆེན་པོའི་ཞབས་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་ནས་བས་རང་བྱུང་འཕགས་པར་སྟོད་གཡོགས་འབུལ་རྒྱུའི་སྨན་ཚིག་ཏུ་ཨ་ཆ་ཐུ་ནོ་མོན་ཧན་དུ་འབོད་པས་སྦྱར།། ༈ །ཨོཾ་སསྟི། འགྲོ་བ་ཀུན་གྱི་བསོད་ནམས་ཕུང་པོའི་ཆ། །གཅིག་ བསྡུས་སྒྲོན་མེའི་བསྐལ་པ་བཟང་པོ་ལ། །སྙིང་སྟོབས་གོ་ཆས་བླ་ནས་བླར་མཐོ་བའི། །བཅོམ་ལྡན་ཤཱཀྱ་སེང་གེས་འགྲོ་རྣམས་སྐྱོངས། །གཡས་འཁྱིལ་མགུར་ནས་ཚངས་དབྱངས་ཆོས་ཀྱི་སྒྲ། །སྐལ་ལྡན་གདུལ་བྱར་བསྒྲགས་ [425A]༄༅། །པའི་བཀའི་སྡུད་པོ། །མི་བརྗེད་གཟུངས་ཐོབ་སྨྲ་བའི་སྤོབས་པ་ཅན། །མཐའ་དག་བསྟན་པ་རིན་ཆེན་སྲོག་གི་ཤིང། །རྒྱལ་གསུང་འཁྲུལ་མེད་དགོངས་པ་ཡོངས་འགྲེལ་ཞིང། །དེ་དོན་ཉམས་བསྟར་འཕགས་ ཡུལ་པཎ་གྲུབ་ཚོགས། །ལྗོངས་འདིར་སྒྱུར་བྱེད་ཞུ་ཆེན་འཇིག་རྟེན་མིག་རྣམ་ཐར་ཟླ་འོད་བདག་སྙིང་ཀུནྡ་བཞད། །རྣམ་འདྲེན་མཛད་པའི་རྩེ་མོ་ཕ་རོལ་ཏུ། །ཕྱིན་པའི་གསུང་གསང་མི་ཟད་འཁོར་ལོའི་མཛོད། །འབྲི་ཀློག་ལུང་ནོད་ བསོད་ནམས་གཟུགས་གྲུབ་ན། །སྟོང་གསུམ་འཇིག་རྟེན་འདི་ཡང་སྣོད་དུ་ཆུང། །དེ་ཕྱིར་ཕན་ཡོན་དཀྱུས་ཚད་རིང་པོའི་མཐའ། །རྣམ་འདྲེན་མཁྱེན་པས་གཞལ་དཀའི་ངོ་མཚར་གྱིས། །རབ་འཕྲོག་རྒྱུ་སྦྱོར་རྨ་བྱ་ཚུལ་འདི་ལ། །འཇུག་ འདོད་དགའ་བའི་སྒྲོ་གཤོག་ཟླུམ་པོར་འཁྱིལ། །འཇམ་མཉེན་ཤོག་བུའི་དོ་རའི་ནགས་ཀླུང་དུ། །མིག་སྨན་མདངས་ཅན་གཟུགས་ལེགས་ཡི་གེའི་ལྗོན། །བརྡའ་དག་ཡལ་འདབ་ཀྱིས་དུད་ཨ་མྲའི་འབྲས། །དཔྱོད་ལྡན་རོ་ བརྒྱ་བདའ་བའི་གཡང་ཞིག་ཆགས། །ཆེས་དཀར་རཱ་མཎ་ཡིས་དཔག་ཆེན་མདས། །སྡིག་སྒྲིབ་ལངྒའི་མགྲིན་པ་ཉེར་བཅད་ནས། །ཐར་པའི་སཱི་ཏ་གྲོགས་སུ་རབ་བཀུག་སྟེ། །བདེ་ཆེན་རྩེ་དགར་འགྲོ་རྣམས་རྟག་རེལ་ཤོག་ རིས་མེད་འགྲོ་བ་ཀུན་དང་ཁྱད་པར་དུ། །བརྒྱ་ཕྲག་གླེགས་བམ་འདི་བསྐྲུན་བྱེད་པ་པོ། །རྒྱུ་སྦྱོར་ལས་བྱེད་འབྲེལ་ཐོགས་འགྲོ་བ་ཀུན། །འདི་ཕྱིའི་བདེ་འབྲས་པདྨོ་བཞད་གྱུར་ཅིག་འཇིག་རྟེན་སྤྱི་དང་ཁྱད་པར་པུར་རྒྱལ་འདིར་ [426B] །མིང་ཡང་མི་གྲག་རྫོགས་ལྡན་སྐྱེ་རྒུ་ལྟར། །བདེ་ཞིང་སྐྱིད་པའི་དགའ་སྟོན་རྒྱས་གྱུར་ཅིག་དམན་བློ་ལྕགས་ཁམས་འཛད་མེད་གསེར་སྦྱངས་སུ། །སྦྱུར་བྱེད་སེམས་བསྐྱེད་རྩི་ཡིས་ ཉེར་ཟིན་པས། །འགྲོ་བ་བཟང་དང་ངན་འགྲོའི་ཡིད་ཅན་རྣམས། །སྐུ་གསུམ་གཞལ་མེད་ཁང་དུ་མྱུར་འཇུག་ཤོག་ཅེས་མི་ཕྱེད་པའི་དད་པ་དང་གཏོང་བ་ཕུན་སུམ་ཚོགས་པའི་བཀའི་གུང་བློན་ཆེན་པོ་བཤད་སྒྲ་འོག་པ་ཀུན་དགའ་དཔལ་འབྱོར་ནས་་རྒྱལ་བའི་ བཀའ་འགྱུར་རོ་ཅོག་གསར་བཞེངས་སྐབས་སྨོན་ཚིག་ཏུ་སྦྱར།། ༈ །།ཆབ་ཤོག་གི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་བཞུགས། །བླ་ན་མེད་པའི་ཡེ་ཤེས་མེ་ལོང་རྙོག་པའི་དྲི་མ་དང་བྲལ་ངོས། །ཆོས་ཀུན་མ་ལུས་ཅིག་ཅར་མཁྱེན་པའི་ རང་གཟུགས་ཟློས་གར་རྣམ་འགྱིང་ཡང། །ཧེ་རུ་ཀ་དཔལ་གཞན་ནུའི་གར་རོལ་ཐུན་མཚམས་བླ་གོས་རབ་བཀྲ་བ། །མཁས་དང་གྲུབ་པའི་གསེར་གྱི་འཁོར་ལོས་མངའ་བསྒྱུར་དམ་པའི་ཞབས་སྐྱེས་དྲུང། །དེང་དུས་མི་ཟད་མཚན་བཟང་ འཁོར་ལོའི་རྒྱན། །ཕུལ་བྱུང་གཟུགས་སྐུར་སྤུད་པའི་ཟླ་བྲལ་གྱི། །ཞབས་སེན་མཐོན་ཀའི་འོད་སྟོང་ལྷར་བཅས་འགྲོའི། །ཟུར་ཕུད་བླ་ན་མཛེས་འདི་ཆོས་ཉིད་ལགས། །རབ་སྙན་དྲི་ཟའི་རྒྱུད་མངས་དང་མཚུངས་པའི། །ཟག་མེད་ སྐད་ཀྱི་ང་རོ་ནཱ་དའི་སྒྲ། །ཟབ་རྒྱས་ཆོས་ཀྱི་འཇིགས་མེད་གླུར་སྒྲོགས་པ། །སྲིད་འདིར་མཁས་རློམ་རི་དྭགས་དབུས་ན་བརྗིད། །མི་འགྱུར་སྟོང་གཟུགས་མཁའ་ལ་བདེ་བའི་མདངས། །གཉིས་མེད་ཐབས་ཤེས་ཟུང་དུ་འཇུག་ [427A]༄༅། །པའི་མཐའ། །རྣམ་འདྲན་མཁྱེན་པའི་སྲང་ལ་གཞལ་དཀའ་ན། །ཚད་དུ་བརྗོད་པ་རང་ཉམས་བྱིས་པའི་བློ། །རྣམ་མང་གྲུབ་མཐའི་བཞེད་གཞུང་ཆང་ཚིང་ཁྲོད། །བློ་བཟང་རྒྱལ་བའི་དགོངས་དོན་ཨཱ་ཤྭ་དྠ། །ལེགས་ བཤད་འབྲས་བུའི་གཡུར་ཟ་ལྡེམ་མཁས་པ། །གངས་ཁྲོད་བསྟན་པའི་སྲོག་ཤིང་ཁྱོད་གཅིག་པུ། །ཤིན་ཏུ་སྲ་བ་རྟོག་གེའི་ཚིག་དོན་གཞུང། །ཡང་དག་རིགས་པའི་རྒྱུད་ཀྱིས་ཉེར་བཀུག་པའི། །དགག་སྒྲུབ་ཉག་ཕྲན་རྣོན་པོས་ལོག་ སྨྲའི་སྙིང། །འབིགས་འདིས་ཆོས་ཀྱི་གྲགས་པའི་བསྙེམས་པ་འཕྲོག་འཕགས་ཡུལ་མཁས་མང་གཙུག་རྒྱན་པཎྜི་ཏ། །མཚོ་བྱུང་སྙིང་ཁར་རོལ་བའི་དཔའ་བོའི་ཞབས། །རྩོམ་ཚེ་གང་གི་རྣམ་འབྱེད་ཤེས་རབ་ཀྱིས། །ཡུན་དུ་དཔྱད་ཀྱང་ དབྱེ་བའི་གོ་སྐབས་བྲལ། །འཇམ་དཔལ་སྙིང་པོའི་རིང་ལུགས་དྲི་མ་མེད། །གྱེན་དུ་འདེགས་པར་ཤིན་ཏུ་ལྕི་བའི་ཁུར། །མངོན་པར་འཁྱེར་ལ་བཟོད་ལྡན་དཔག་དཀའི་ཐུགས། །ཡངས་པའི་ས་འདིར་ཤོང་བ་ཨེ་མ་མཚར། །ཆེད་ དོན་དམ་པའི་དྲི་ཚོགས་དབྱུ་གུ་ཡིས། །མཆོག་གསུམ་བྱིན་རླབས་ཐུགས་རྗེའི་དུནྟུ་བཧི། །བསྐུལ་བའི་ཉམས་སྣང་སྒྲ་དབྱངས་དྲང་པོའི་ངག་རྨོངས་རྟུལ་དགེ་སྦྱོང་བདག་གིས་གསོལ་བ་ནི། །འཇིགས་མཛད་དྲག་པོའི་ བཟླས་སྒོམ་གཙོ་བོ་དང། །ཁྱད་པར་རྩ་སྔགས་ཚིག་དྲིལ་ཉིད་དུ་མཛོད། །བདེ་མཆོག་འཁོར་ལོའི་སྙིང་པོ་ཉུང་ཟད་རེ། །མྱུར་མཛད་གཙོར་གྱུར་ཆོས་རྒྱལ་དམག་ཟོར་ལྷར། །གཏོར་འབུལ་ཆག་མེད་རྡོ་རྗེ་གྲགས་ལྡན་ཡང། །བཀའ་ཡི་བསྲུང་ [428B] །སྐུ་ཚེའི་རྐྱེན་སོལ་ཚེ་སྦྱིན་ལྷ་མོ་ཡི། །བཟླས་སྒོམ་རེ་ཡང་ཆག་མེད་མཛད་འཚལ་ལོ། །སླད་མར་བསྟན་འགྲོའི་དཔལ་དུ་རྡོ་རྗེའི་སྐུ། །མི་འགྱུར་རྟག་པའི་ངོ་བོར་འཚོ་གཞེས་ཤིང། །ཟབ་དང་རྒྱ་ཆེའི་ ཆོས་ཀྱི་དབྱངས་སྙན་པོས། །གྲངས་མེད་བསྐལ་བར་ཆོས་འཁོར་བསྐོར་དུ་གསོལ། །བརྣག་ནུས་དང་བྲལ་མི་བསྲུན་ཚེར་མའི་དོང། །མ་དག་ཉེས་བརྒྱའི་དྲི་མས་སྦགས་དུས་འདིར། །གཞན་དོན་སྙིང་སྟོབས་ལྷག་པར་མི་བསྐྱེད་ན། ། རྒྱལ་སྲས་ཆེན་པོའི་མཚོན་གྱི་དགོས་པ་ཅི། །རི་མོར་བ་དཀར་པདྨའི་ཚལ། །རྟེན་གྱི་འདབ་བརྒྱ་གཡོ་བ་ལ། །རྟགས་ཀྱི་ཟེའུ་འབྲུ་གཡུར་ཟ་བ། །མགོན་ཁྱོད་དགྱེས་པ་བསྐྱེད་ཕྱིར་ཕུལ།། ༈ །།དོན་དམ་ཆོས་དབྱིངས་སྤྲས་བྲལ་བདེ་ཆེན་ ཐུགས། །ཐ་མལ་གདུལ་བྱའི་འགྲོ་ངོར་བཤེས་གཉེན་ཚུལ། །རྣམ་རོལ་རྒྱལ་སྲས་གཞོན་ནུ་དམ་པ་ཡི། །ཞབས་སེན་ཆུ་སྐྱེས་འདབ་བརྒྱ་བཞད་པའི་དྲུང། །འདི་ན་སྐྱེས་སྦྱངས་ཡོན་ཏན་མིག་བུ་དང། །བྲལ་ཡང་ལྷག་བསམ་འཁར་བ་ ལ་བརྟེན་ཅིང། །གཞན་ཕན་གྱ་གྱུའི་གོམ་སྟབས་གཡོ་བ་ཅན། །སྙིགས་དུས་དྲང་སྲོང་རྒན་བུས་མཆིད་འདི་གསོལ། །དཔལ་ལྡན་འབྲས་དཀར་ཐོས་བསམ་རྫིང་རིང་ངོགས། །རྒྱལ་སྲས་ངང་པའི་རྒྱལ་པོ་གཤེགས་པའི་ཆེ། །འོག་ མན་གཉིས་པ་ས་འདིར་མཆིས་སོ་ཞེས། །དཀར་ཕྱོགས་ལྷ་རྣམས་དགའ་བའི་ཅ་ཅི་སྒྲོག་མགོན་ཁྱོད་རིང་ནས་སྤངས་རྟོགས་མཐར་སོན་པའི། །རྡོ་རྗེ་འཆང་གི་ངོ་བོར་མངོན་གྲུབ་ཀྱང། །སྙིགས་དུས་སྐལ་དམན་གདུལ་བྱའི་ [429A]༄༅། །སྣང་ངོ་རུ། །གསན་བསམ་བྱ་བའི་འཁོར་ལོར་བརྩོན་པ་འདི། །དམ་པའི་རང་རྟགས་མངོན་སུམ་ཉིད་དུ་བསྟན། །འོན་ཀྱང་བསགས་སྦྱངས་གནད་ཀྱི་ལྡེ་མིག་དང། །བྲལ་ཚེ་ཐོས་བསམ་ར་བར་ཞུགས་ན་ཡང། ། དོན་གྱི་གོ་རྒྱ་འབྱེད་པར་མི་ནུས་པས། །སྔོན་ཞུས་ཉམས་བཞེས་རིམ་པ་ཆག་མེད་ཐོག་ཕྱག་དང་མཎྜལ་གང་ལྕོགས་བརྟུན་པ་བསྐྱེད། །དེ་སྐད་ཞུ་འཕྲིན་བཧྲཿ་མ་ར། །དོན་བཟང་སྙན་པའི་མགྲིན་གླུ་ཅན། །ལྷ་རྫས་དར་གྱི་འདབ་ གཤོག་བཅས། །དམ་པའི་མདུན་སར་འཕུར་ཏེ་སོང།། ༈ །།གེ་རེ་ལྷ་པའི་ཞབས་དྲུང་གི་སྙན་ངག་གི་ལམ་ནས་དྲངས་པའི་ཞུ་ཡིག་ཚིགས་བཅད་དང། བྱིན་རྟེན་བཅས་བྱུང་བའི་ཞུ་ལན། །དལ་འབྱོར་སྐྱེད་ ཚུལ་ཡངས་པོའི་དབུས། །མདོ་སྔགས་ཡོན་ཏན་འདབ་མ་རྒྱས། །ཉམས་རྟོགས་འབྲས་བུའི་ཁུར་ལྕི་བའི། །གྲུབ་རིགས་དཔག་བསམ་དབང་པོ་ཡིས། །གྲུབ་དབང་བྱེ་བའི་རལ་པའི་རྩེར། །ཞབས་སོན་ཆུ་སྐྱེས་ངལ་གསོ་བའི་ ཨྱོན་སངས་རྒྱས་གཉིས་པ་ཡི། །མྱོང་གྲོལ་བདུད་རྩིའི་ཐུམ་པོ་དང། །དོན་བཟང་དཎྜིའི་གཞུང་ལུགས་ལས། །བྱུང་བའི་ཚིག་འཕྲེང་ཉམས་འགྱུར་སྟོང། །ལྡན་པ་ལག་རྩེར་སོན་པ་ན། །སྙིགས་མའི་རྒུད་པའི་འདམ་རྫབ་ཁྲོད་ མཁས་དབང་ཆུ་སྐྱེས་པད་དཀར་ཞིག་ངུར་སྨྲིག་རྒྱན་གྱིས་མཛེས་བྱས་ཏེ། །གསར་དུ་བྱོན་སྙམ་སྤྲོ་བ་འཕེལ། །འདི་ན་ལང་ཚོའི་མེ་ཏོག་ལ། །ཉེར་འཚེའི་བ་མོས་མ་གོས་ཤིང། །དུས་མཐར་བསྟན་པའི་སྣང་བྱེད་མཆོག་ཐུན་མོང་ལཾ་ [430B] །དགོངས་དོན་བདུད་རྩིའི་སྐྱེས་བཟང་པོ། །བློ་གསལ་མཁས་པའི་དགའ་སྟོན་དུ། །ངལ་བ་མེད་པར་སྒྲུབ་བཞིན་མཆིས། །སླར་ཡང་ཉིད་སུ་ཡུན་བརྟན་ཅིང། །མདོ་སྔགས་རིགས་གནས་རྒྱ་མཚོ་ཆེར། །རྣམ་དཔྱོད་གྲུབ་རྫིངས་ ལེགས་བཅས་ཏེ། །རྣམ་གྲོལ་ནོར་བུའི་གླིང་མཆོག་ཏུ། །བགྲོད་པའི་བཙོན་པ་མི་དམན་ཞིང། །རིང་མིན་ངོས་སུ་མཇལ་བའི་སྐབས། །གྲུབ་རིགས་གོང་མ་མཐའ་དག་དང། །གྲུབ་དབང་ཚེ་བརྟན་རྒྱལ་མཚན་གྱི། །གྲུབ་པའི་རང་རྟགས་ མངོན་ཕྱུངས་པའི། །གྲུབ་པའི་རྫས་མཆོག་གང་འོས་རྣམས། །མཛའ་བའི་ཐུགས་ཀྱིས་སྩོལ་བར་མཛོད། །དེ་སྐད་ཞུ་ཡིག་བཧྲཿ་མ་ར། །ལེགས་བཤད་མགྲིན་པའི་དབྱངས་འཁྲོལ་ཞིང། །ལྷ་རྫས་དར་གྱི་འདབ་གཤོག་བཅས། ། གྲུབ་རིགས་མདུན་སར་འཕུར་ཏེ་སོང།། ༈ །།ལམ་ཐུན་མོང་བས་རྒྱུད་སྦྱང་བ་སྔོན་འགྲོའི་ཆོས་བཤད་བཞུགས་སོ། །རྒྱལ་བའི་སྲས་པོ་ཞི་བ་ལྷས། །དེ་བཞིན་གཤེགས་པ་འབྱུང་བ་དང། །དད་དང་མི་ལུས་ཐོབ་པ་དང། །དགེ་གོམས་ རུང་བ་འདི་ལྟ་བུ། །དཀོན་ནམ་ནམ་ཞིག་ཐོབ་པར་འགྱུར། །ཞེས་གསུངས་པ་ལྟར། འཇིག་རྟེན་ན་སངས་རྒྱས་འབྱུང་བ་ཤིན་ཏུ་དཀོན་པ་ཡིན་ཅིང། སངས་རྒྱས་བྱོན་ནས་དམ་པའི་ཆོས་གསུངས། །དེར་མ་ཟད་སངས་རྒྱས་ཀྱིས་ ཇི་ལྟར་གསུངས་པའི་དོན་གདུལ་བྱའི་བློ་དང་འཚམ་པར་སྟོན་པའི་རྩ་བའི་བླ་མའི་བར་དུ་བར་མ་འཆད་པར་བྱོན་པའི་ཕྱིའི་རྐྱེན་དགེ་བའི་བཤེས་གཉེན་དང་ནི་ལྡན། དེ་ལྟར་ཡིན་ཀྱང་ངན་སོང་གསུམ་དང། ཀླ་ཀློ་སོགས་མི་ཁོམ་ [431A]༄༅། །པའི་གནས་སུ་སྐྱེས་ཚེ་ཅི་ཡང་བྱ་ཐབས་མེད་པས། ད་ལམ་དལ་བ་བརྒྱད་འབྱོར་བ་བཅུ་དང། ལས་འབྲས་དང་ཆོས་ལ་དད་པས་ནང་གི་རྐྱེན་ཕུན་སུམ་ཚོགས་པ་དང་ལྡན་པ་འདི་ལྟ་བུ་ནི། སྔར་ཡང་བརྒྱ་ལམ་ན་རེ་རེ་ ཙམ་མ་གཏོགས་མ་རྙེད་ཅིང། རང་ཅག་རྣམས་ཀྱི་ད་ལྟའི་སྤྱོད་པ་ལ་བལྟས་ཚེ་ཕྱིན་ཆད་འདི་ལྟ་བུ་རྙེད་དཀའ་བ་འདུག་པས། དེས་ན་ད་ལྟ་རྟེན་བཟང་པོ་ཐོབ་པའི་དུས་འདིར། །དལ་འབྱོར་དོན་མེད་དུ་མི་བཏང་བར་ཆོས་རྣམ་པར་དག་པ་ཞིག་ བྱེད་དགོས། དེ་ཡང་ད་ལྟ་ཉིད་དུ་མ་འབད་ན། སྤྱོད་འཇུག་ལས། འཆི་བདག་བརྩེ་བ་མེད་པ་ཅན། །བྱས་དང་མ་བྱས་མི་སྡོད་ཅིང། །ན་དང་མིན་ཀུན་གྱི་ཡང། །གློ་བུར་ཆེ་ལ་ཡིད་བརྟན་མེད། །ཅེས་གསུངས་པ་ལྟར། འཆི་བདག་བརྩེ་བ་ མེད་པ་འདི་ཉིད་ལ། །སྟོབས་ཀྱི་སྒོ་ནས་བཟློག་པ་དང། །ནོར་གྱིས་བླུ་བ་དང། །བྲོས་པ་སོགས་གང་ཡང་བྱ་ཐབས་མེད་པར། ན་བ་དང། མིན་བ་རྒན་གཞོན་བར་མ་གང་ལ་ཡང་ཡིད་བརྟན་མེད་པར་འཆི་བའི་རང་བཞིན་ལས་མ་འདས་ ཤིང། དེ་ཡང་ད་ལྟ་ཉིད་དུ་མི་འཆི་བའི་གདེངས་མེད། འཆི་བའི་འོག་ཏུ་མེད་དུ་མི་འགྲོ་བར་སྐྱེ་བ་ཞིག་ལེན་དགོས། སྐྱེ་ས་ཡང་བདེ་འགྲོ་དང་ངན་འགྲོ་གཉིས་ལས་མ་འདས་ཏེ། རིན་ཆེན་འཕྲེང་བ་ལས། མི་དགེ་བ་ལས་སྡུག་བསྔལ་བྱུང།། དེ་བཞིན་ངན་འགྲོ་ཐམས་ཅད་དང། །དགེ་ལས་ཇི་ལྟར་ངེས་ཐར་བཞིན། །ཉིན་མཚན་ཀུན་ཏུ་འབད་པའི་རིགས། །ཞེས་གསུངས་པ་ལྟར། རྒྱུ་མི་དགེ་བ་ཞིག་བསགས་ཕྱིན་ཆད། །འབྲས་བུ་ངན་སོང་མྱོང་བ་ལས་འོས་མ་འདས། །ངན་སོང་ [432B] ཡི་དྭགས་ལ་བཀྲས་སྐོམ་གྱི་སྡུག་བསྔལ། དུད་འགྲོ་རྣམས་ལ་གཅིག་ལ་གཅིག་ཟ་བའི་སྡུག་བསྔལ་བསམ་ཀྱས་མི་ཁྱབ། དགེ་བའི་སྟོབས་ཀྱིས་བདེ་འགྲོར་སྐྱེས་ཀྱང། མི་རྣམས་ལ་སྐྱེ་རྒ་ན་ འཆིའི་སྡུག་བསྔལ། འདོད་པའི་ལྷ་རྣམས་ལ་འཆི་འཕོ་ལྟུང་བྱེད་ཀྱི་སྡུག་བསྔལ། ཁམས་གོང་མ་གཉིས་སུ་སྡུག་བསྔལ་དང་པོ་མངོན་དུ་གྱུར་རེ་ཞིག་འགག་ཀྱང། །ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་མནར་བ་སོགས་མདོར་ན་ཁམས་གསུམ་ འགྲོ་བ་རིགས་དྲུག་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཁོ་ན་ལས་མ་འདས་ཏེ། མདོ་ལས། འདོད་པའི་ཁམས་ཀྱང་སྐྱོན་དང་བཅས་པ་སྟེ། གཟུགས་ཀྱི་ཁམས་ཀྱང་སྐྱོན་དང་བཅས་པ་ཡིས། །དེ་བཞིན་གཟུགས་མེད་ཁམས་པ་སྐྱོན་དང་ བཅས། །མྱ་ངན་འདས་པ་འབའ་ཞིག་སྐྱོན་མེད་མཐོང། །ཞེས་གསུངས་པ་ལྟར། འཁོར་བ་སྤངས་པའི་ཐར་པ་ཞིག་མ་ཐོབ་ཕྱིན། བདེ་བའི་སྐབས་ཅུང་ཟད་ཀྱང་མེད་པས་ཐར་པ་ཞིག་རང་ཅི་ཐོབ་བྱེད་དགོས། འོན་ཀྱང་དེ་ཙམ་ལ་ཡིད་བརྟན་བྱར་ མི་རུང། །དགྲ་བཅོམ་པ་གཉིས་ཀྱི་གོ་འཕང་ཐོབ་ཀྱང་སྤངས་རྟོགས་ཀྱི་ཡོན་ཏན་མཐར་མ་ཕྱིན་པས་རང་དོན་ཡང་ཡོངས་སུ་མ་རྫོགས་ལ། སེམས་ཅན་གྱི་དོན་ཁུར་དུ་འཁྱེར་བའི་ལྷག་བསམ་དང་མི་ལྡན་པས་གཞན་དོན་ཡང་ཡོངས་ སུ་མ་རྫོགས་པ་དེས་ན། རང་གཞན་གྱི་དོན་གང་ལ་བལྟས་ཀྱང་ཐེག་པ་ཆེན་པོར་འཇུག་དགོས་ཏེ། ཕར་ཕྱིན་བསྡུས་པ་ལས། རང་གཞན་དོན་སྒྲུབ་ཚུལ་ལ་མཐུ་མེད་པའི། ཐེག་པ་གཉིས་པོ་གཏན་དུ་སྤང་བྱ་ཞིང། ཐུབ་རྒྱལ་ཐེ་ [433A]༄༅། །པ་སྙིང་རྗེའི་བསྟན་པ་ལ། །གཞན་ཕན་རོ་གཅིག་རང་བཞིན་དེ་དག་འཇུག་ཅེས་གསུངས་པ་ལྟར། ནམ་མཁའི་མཐས་གར་ཁྱབ་པ་ལ་སེམས་ཅན་གྱིས་ཀྱང་ཁྱབ་ན། དེ་ལྟ་བུའི་སེམས་ཅན་རེ་རེས་མ་མ་བྱས་པ་གཅིག་ ཀྱང་མེད། བྱས་པ་ལ་གྲངས་ཀྱིས་མི་ཆོད། མ་ནམ་བྱས་རེས་ཀྱིས་གནོད་པ་ལས་བསྐྱབས་ཤིང། བདེ་བ་ཚད་མེད་པ་ལ་སྦྱར་བས་བཀའ་དྲིན་ཤིན་ཏུ་ཆེ། དྲིན་ཅན་གྱི་མ་ད་རྣམས་ད་ལྟ་ལ་ལ་དམྱལ་བ་ན་སྡུག་བསྔལ། ལ་ལ་དུད་འགྲོ་ དང། ལ་ལ་ཡི་དྭགས་རྣམས་སུ་སྡུག་བསྔལ་ཞིང། འགའ་རེ་བདེ་འགྲོར་སྐྱེས་ཏེ་བདེ་བ་ལྟར་སྣང་ཡང་སྡུག་བསྔལ་གྱི་རྒུ་ལ་སྤྱོད་པ་སོགས་སྡུག་བསྔལ་རྒྱུ་འབྲས་དང་བཅས་པས་མནར་བས་མ་སེམས་ཅན་འདི་རྣམས་ཀྱིས་བདག་ལ་མི་རེ་ ན་སུ་ལ་རེ། བདག་གིས་ཀྱང་འདི་རྣམས་སྡུག་བསྔལ་ལས་བསྒྲལ་ཏེ་སངས་རྒྱས་ཀྱི་ས་ལ་མི་འགོད་ན་ཁྲེལ་ལོ་སྙམ་སྟེ། ལྷག་བསམ་སྟོབས་ཆེན་པོའི་སྒོ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ བྱའོ་སྙམ་དུ་སེམས་བསྐྱེད་དོ། །དེ་ལྟ་བུའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལམ་ཆ་ཚང་བ་ཞིག་ལ་སློབ་དགོས། དེ་ལ་སློབ་པ་ལ་ད་ལྟ་སྙིགས་མ་ལྔ་བདོ་བའི་དུས་འདིར་བར་ཆད་ཤིན་ཏུ་ཆེ་ བས་ཡི་དམ་གྱི་ལྷ་དང། ཆོས་སྐྱོང་ཁྱད་པར་ཅན་ཞིག་བསྟེན་དགོས། ཆོས་སྐྱོང་ཡང་གཤིན་རྗེའི་རྒྱལ་པོ་འདི་ཉིད་དགེ་སྡིག་ལས་ཀྱི་ཤན་འབྱེད་ཡིན་པས་སྐྱེས་བུ་ཆུང་ངུའི་ཆོས་སྐྱོང་དང། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འདི་ [434B] མགོན་པོ་ཕྱག་དྲུག་པ་འཕགས་པ་སྤྱན་རས་གཟིགས་ཀྱི་ངོ་བོ་ཡིན་པས་སྐྱེས་བུ་ཆེན་པོའི་ཆོས་སྐྱོང་ ཡིན་པ་བཅས། རྗེ་བླ་མས་བསྟེན་དགོས་པར་གསུངས་པར་མ་ཟད། ལྷག་ཏུ་དམ་ཅན་ཆོས་ཀྱི་རྒྱལ་པོ་འདི་ཉིད་སྔོན་ཡི་དྭགས་ཀྱི་དེད་དཔོན་དུ་གྱུར་ནས་མཐུ་སྟབས་ཤིན་ཏུ་ཆེ་བས་འཇིག་རྟེན་རྣམས་འཕུང་བར་གྱུར་པ་དེའི་ཆེ། སངས་ རྒྱས་ཐམས་ཅད་ཀྱི་ངོ་བོ་རྗེ་བཙུན་འཇམ་དཔལ་དབྱངས་ཉིད་འཇིགས་མཛད་རྡོ་རྗེའི་སྐུའི་རྣམས་པར་བཞེངས་ཏ་གཤིན་རྗེ་འཁོར་དང་བཅས་པ་བཏུལ་བས། ལུས་སྲོག་གི་སྙིང་པོ་ཕུལ། བཀའ་སྡོད་དུ་ཁས་བླངས། བསྟན་པ་བསྲུང་བར་དཾ་བཅས་ ལྷག་པར་འཇིགས་མཛད་རྡོ་རྗེ་མིའི་རྣམ་པར་བཞེངས་པ་རྗེ་བླ་མའི་སྤྱན་སྔར་འདི་ཉིད་ཀྱིས་བསྟན་པ་བསྟན་འཛིན་དང་བཅས་པ་ངེད་ཀྱིས་བསྐྱད་པར་བྱའོ། །ཞེས་ཁས་བླངས། བྲོ་བོར་བ་ཡིན་པས་རང་ཅག་རྗེས་སུ་ཞུགས་པ་རྣམས་ཀྱིས་ཆོས་སྐྱོང་ འདི་ཉིད་ངེས་པར་བསྟེན་དགོས་ཤིང། འདི་ལ་རྣམ་འཕྲུལ་མི་འདྲ་བ་ཕྱི་ནང་གསང་གསུམ་དུ་བཞུགས་པ་གསུམ་ལས་དེ་རྣམས་ཀྱི་རྗེས་སུ་གནང་བ་འདི་ཉིད་འབུལ་བར་བྱེད་པ་ཡིན་ལགས། དེ་ཡང་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་དཔའ་བོ་རྡོ་རྗེ་ལ་སྩལ། དཔའ་བོ་ རྡོ་རྗེས་རྗེ་བླ་མ་ལ་སྩལ། ད་ནས་བཟུང་སྟེ་རྩ་བའི་བླ་མའི་བར་བརྒྱུད་པའི་བྱིན་རླབས་ཆན་ཀ་ཆེ་ཞིང། ཤིན་ཏུ་བཀའ་གཉན་པ་འདི་ཉིད་འབུལ་བར་བྱེད་པ་ལ། སློབ་དཔོན་གྱི་ལས་སུ་བྱ་བ་སོང་ནས། སློབ་མ་རྣམས་ཀྱི། ཞེས་སོགས་སྤྱི་འགྲོ་ལྟར་བྱའོ།། [435A]༄༅། །ཨོཾ་སྭ་སྟི། བློ་བཟང་རྒྱལ་ཀུན་ཡེ་ཤེས་ལྔ་ཡི་མདངས། །མདོ་སྔགས་བསྟན་པ་རབ་ཏུ་རྒྱས་པའི་སླད། །གསུམ་ལྡན་ངུར་སྨྲིག་གར་གྱི་རྣམ་རོལ་བ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཟོ་ཆུན་ལྟར་ བརྒྱུད་ཡང་སྲིད་མཐའ་དག་དགུང། །ལྷ་མིའི་རྟེན་བཟང་ཉི་མ་ཉེར་ཤར་བས། །བདེ་སྐྱིད་སྣང་བས་ཡངས་ཁྱབ་བླ་མ་རྗེས། །མཉེས་བཞིན་རྗེས་སུ་འཛིན་པར་བྱིན་གྱིས་རློབས། །དལ་དང་འབྱོར་པའི་རིན་ཆེན་ཐེམ་སྐས་ལ། །དགེ་ བའི་གོམ་སྟབས་ལྷོད་པོར་རབ་འཛེགས་པའི། །སྟོབས་བཅུ་མངའ་བའི་ཁང་པར་རབ་ཞུགས་ཏེ། །མྱུར་དུ་འགྲོ་ཀུན་འདྲེན་པའི་དཔལ་ཐོབ་ཤོག་མཁའ་ལ་འཕྲོད་སྦྱོར་བཟང་པོའི་གཟའ་སྐར་འཛོམ། །ཁྲི་གདུགས་འོད་ཀྱིས་ནོར་འཛིན་ དོད་ཆེན་ཕེབས། །མཆོག་གསུམ་ལྷ་དང་དྲང་སྲོང་བདེན་ཚིག་གིས། །བཀྲ་ཤིས་ཆར་གྱིས་འཇིག་རྟེན་ཁྱབ་གྱུར་ཅིག་ཅེས་ངེད་རང་གི་གསོལ་འདེབས་རྗེས་འཛིན་འདི་ལྟ་བུ་ཞིག་དགོས་ཞེས་འབྲས་ཧར་གདོང་ཨུ་ཧང་ཐོན་དག་སློང་བློ་བཟང་དངོས་གྲུབ་ཀྱིས་ བསྐུལ་བའི་ངོར་ཨ་ཆི་ཐུ་ནོ་མོན་ཧན་དུ་འབོད་པས་བྱང་རྭ་སྒྲེང་གི་གཙུག་ལག་ཁང་དུ་སྦྱར།། ༈ །།མི་འགྱུར་ཞི་བ་ཆེ་ལས་མ་གཡོས་ཀྱང། །གདུག་ཅན་གཤེད་དུ་གཏུམ་དྲག་ཁྲོ་བོའི་གར། །རྟ་མཆོག་ཞི་ཁྲོ་བསྲུང་མར་བཅས་པ་ཡིས།། མི་ཤིགས་རྡོ་རྗེའི་སྲོག་གི་ཀ་བ་ཆུགས། །ཕུལ་བྱུང་ཡེ་ཤེས་མཁྱེན་པའི་བ་གམ་རྩེར། །རྣམ་བཀྲ་བསྟན་པའི་རྒྱལ་མཚན་རབ་བསྒྲེང་བས། །ནགས་ཕྱོགས་ཡིད་སྲུབས་སྡེ་བཅས་ཕམ་བྱེད་པའི། །རྗེ་བཙུན་བླ་མ་བསྐལ་བརྒྱར་ [436B]མགོན་ཁྱོད་འཇིགས་མེད་རྡོ་རྗེའི་ཁྲི་འཕང་ཆེར། །ཞབས་ཟུང་གཡོ་མེད་འཕྲིན་ལས་གདུགས་དཀར་ཆེས། །གངས་ལྗོངས་འདིས་མཚོན་ཡུལ་གྲུ་མཐའ་དག་ཏུ། །འགྲོ་ཀུན་ཐུགས་རྗེའི་གྲིབ་མར་ངལ་གསོས་ ཤོག་མཆོག་གསུམ་ཡི་དམ་བསྲུང་མའི་ཚོགས་སྤྱི་དང། །ཁྱད་པར་ཡོན་ཏན་རྒྱལ་པོ་ཤིང་བྱ་ཅན། །ལྷ་མཆོག་ཡིད་བཞིན་ནོར་བུའི་ནུས་མཐུ་ཡིས། །ཇི་ལྟར་སྨོན་པའི་འདོད་དོན་མྱུར་འགྲུབ་ཤོག་ཅེས་ངེས་པ་དོན་གྱི་བསྟན་ འཛིན་དམ་པ་ལྕང་སྐྱ་མཆོག་སྤྲུལ་རིན་པོ་ཆེའི་ཞབས་བརྟན་ཞིག་དགོས་ཞེས་དགའ་གདོང་ཆོས་རྗེ་དང་འདུས་གྲྭ་བཅས་ནས་བསྐུལ་ཞིང་ལྷ་མཆོག་ཡིད་བཞིན་ནོར་བུས་ཀྱང་བཀས་བསྒྲུལ་བ་ལྟར་རྭ་སྒྲེང་ཨ་ཆི་ཐུ་ནོ་མོན་ཧན་གྱིས་སྦྱར་བའོ།། ༈ །།ཨོཾ་སྭ་སྟི། རྒྱལ་ ཀུན་བྱམས་བརྩེའི་རང་གཟུགས་མི་ཕམ་མགོན། །གང་གི་སྣང་བརྙན་ཡིད་འཕྲོག་དམ་པ་འདི། །བཞེངས་མཐུས་རྒྱུ་སྦྱོར་ལ་སོགས་འགྲོ་བ་རྣམས། །སྒྲིབ་གཉིས་དགྲ་ལས་རྣམ་པར་རྒྱལ་གྱུར་ཅིག་ཅེས་རྣམ་རྒྱལ་གྲྭ་ཚང་གི་གྲྭ་རིགས་ དགེ་སློང་ངག་དབང་བློ་བཟང་ནས་བསྐུལ་ངོར་སྦྱར།། །།